དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཧྲན་ཏུང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

སྤེལ་དུས 2020-09-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཟླ9པའི་ཚེས1ཉིན་ནས་ཚེས2ཉིན་བར། ཧྲན་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས། ཚེས2ཉིན་གྱི་ཕྱི་དྲོར་ཧྲན་ཏུང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིས་ཀན་ཅེ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་གསུང་བཤད་གནང་།  
           ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧྲན་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་དང་མཛུབ་ཁྲིད་ལ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཧྲན་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་སྒེར་སེམས་མེད་པའི་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་བཤད་རྒྱུར་ཧྲན་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་མཚོ་སྔོན་དུ་ཕེབས་པ་དེས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“འདུ་ཤེས་བཞི”ཇེ་ཟབ་དང་“གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་མཚོན་པ་དང་། ཧྲན་ཏུང་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་འཁྲི་འཁུར་སེམས་མཚོན་ལ། རྨ་ཆུའི་བུ་རྒྱུད་ཁྱིམ་ཚང་གཅིག་ལྟར་མཐུན་པ་དང་ལུའུ་ཆིང་ཞིང་ཆེན་ཁྱིམ་ཚང་གཅིག་ལྟར་བརྩེ་བ་མཚོན། ད་ལོའི་ལོ་འགོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་སླར་གསོ་ཐུབ་པ་དེས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་ཡོད། ལོ་བཅུའི་རིང་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ཐད་ནས། ཧྲན་ཏུང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་མངགས་བཅོལ་བློ་ལ་བརྟན་པོ་བཅངས་ཤིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དེ་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་དུ་བསྒྱུར་ནས་ཁ་གཏད་རོགས་སྐྱོར་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 
           ལིས་ཀན་ཅེས་གསུང་བཤད་ནང་བསྟན་དོན། འཚོགས་མ་ཐག་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས“དགོས་ངེས་བཅུའི”དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་བཏོན་པ་དང་ལས་འགན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་གནང་བ་དེས་ང་ཚོས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་གཟི་བརྗིད་ལས་འགན་དང་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། ལུའུ་ཆིང་ཞིང་ཆེན་གཉིས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་དང་མཉམ་ལས་རྒྱ་ཆེར་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་རེད། 
           ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རོགས་སྐྱོར་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་། ཁོང་གིས་བཤད་རྒྱུར་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་དངོས་ཕན་གྱིས་རོགས་སྐྱོར་བྱས་པ་དང་། སེམས་ཁུར་དང་གཅེས་སྐྱོང་གིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན་ཡོད། དུས་ཡུན་རིང་པོའི་ནང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀར་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་བྱས། ལངས་གནས་ཐད“འདུ་ཤེས་བཞི་”ཤུགས་སྣོན་དང“གདེང་ཚོད་བཞི་”སྲ་བརྟན། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པའི་ཚད་མཐོའི་རང་རྟོགས་མཚོན་ཡོད་ལ། བརྒྱུད་རིམ་ཐད་འགོ་ཚུགས་མ་ཐག་གི་མཐོང་ཆེན་ནས་རིམ་སྤོར་ཤུགས་སྣོན་གྱི་སྟོན་ཕྱོགས་གསལ་བོ་མཚོན་པ་དང་། བྱ་ཐབས་ཐད་རོོགས་སྐྱོར་ལ་མཐོང་ཆེན་བྱེད་པ་ནས་རོགས་སྐྱོར་དང་རང་རྐྱ་ཐུབ་པ་ཟུང་འབྲེལ་གྱི་འགྱུར་ལྡོག་གལ་ཆེན་མཚོན། ཕན་འབྲས་ཐད་གནད་སྨིན་དབུལ་སྐྱོར་དང་ཡོངས་ཁྱབ་ཁེ་རེག་གི་སྐྱེ་ལྡན་ཟུང་འབྲེལ་མཚོན་པ་བཅས་ཀྱིས་ཧྲན་ཏུང་གི་ཁྱད་ཆོས་ལྡན་པའི་ཁ་གཏད་རོགས་སྐྱོར་བྱེད་སྟངས་ཤིག་ཆགས་ཡོད།  
           མཚོ་སྔོན་དུ་སྡོད་རིང་། ཧྲན་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་མཚོ་བྱང་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁམས་གསོ་ལྟེ་གནས་དང་། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་ལས་ཤག་རྣམ་གྲངས། མཚོ་སྔོན་རྡུལ་ཕྲན་གྲོང་ཁྱེར་དྲན་གསོ་ཁང་། “འབར་མདེལ་གཉིས་དང་འཁོར་སྐར་གཅིག་”གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་བཅས་ལ་རྟོག་ཞིབ་བྱས་པ་དང་། མཚོ་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་འཚམས་འདྲི་གནང་། 
           ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་ལིང་ཝུན་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལིས་ཅེ་ཞང་། ཡུས་ཚུང་ལེ། ཉི་མ་སྒྲོལ་མ། དབྱང་ཧྥུང་ཁྲུན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས། །