དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་བོད་ལྗོངས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཚོགས་ཆེན་འཚོགས་པ།

སྤེལ་དུས 2021-06-30 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ཆར། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་བོད་ལྗོངས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཚོགས་ཆེན་ཉིང་ཁྲིར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་དང་ལྷ་སར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་གཅིག་ལྕོགས་ཤིན་པའོ་ཨན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ། དེ་བཞིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
          ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་རྒྱལ་ཁབ་གློག་དྲ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་དེ་བཞིན་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གློག་དྲས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྲིད་ཇུས་བཟོ་བ་དང་།མ་དངུལ་བཀོད་སྒྲིག རྣམ་གྲངས་འཛུགས་སྐྲུན་སོགས་ཐད་ནས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ནུས་ལྡན་དང་བོད་ལྗོངས་ཀྱི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཀྱིས“དོན་ཆེན་བཞི”ལ་དམིགས་པ་དང“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་གཅིག་ཏུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འབུངས་ཟུང་འབྲེལ་ཏན་ཏིག་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་འཛུགས་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་། ད་རེས་ཚོགས་འདུའི་དགོངས་དོན་དང་སྒྲོམ་གཞིའི་གྲོས་མཐུན་ཕྱོགས་ཡོངས་ནས་སྦྲེལ་མཐུད་དང་དོན་འཁྱོལ་བྱས་ཏེ་བྱེད་ཐབས་ཞིབ་ཕྲ་བཟོས་ནས་རྒྱལ་ཁབ་གློག་དྲ་དང་མཉམ་དུ་གངས་ལྗོངས་ས་མཐོའི་གློག་ཤུགས་བྱ་གཞག་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་ནས་རྒྱལ་ཁབ་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཤིན་པའོ་ཨན་གྱིས་རྒྱལ་ཁབ་གློག་དྲ་ཀུང་སིའི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”ཐོག་མཐའ་བར་གསུམ་དུ་སེམས་ལ་ངེས་ནས་བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་གསར་པ་ཧུར་ཐག་འཇོག་རྒྱུ་ཡིན། གློག་ཤུགས་མཁོ་འདོན་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ་བོད་དང་ལྷོ་ནུབ་གློག་དྲའི་དྲ་སྦྲེལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པ་སོགས་འདུ་འགོད་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གློག་དྲའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་ནས་ཐོན་ཁུངས་ལེགས་སྒྱུར་བཀོད་སྒྲིག་དང་གློག་མཁོ་འདོན་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། བོད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ་གློག་ཤུགས་ཕྱིར་གཏོང་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་དྲ་སྦྲེལ་འདུ་འགོད་ཀྱི“ལྗང་མདོག་བགྲོད་ལམ”གསར་འབྱེད་དང་རླུང་གློག་དང་ཉི་ནུས་སོགས་ནུས་རྒྱུ་གསར་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། བོད་ཀྱི་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་ཏེ་གྲོང་གསེབ་ཀྱི་གློག་རླངས་ཅན་གྱི་རིམ་སྤོར་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་འོད་ཤུགས་དང་། ལས་ཞུགས། ཐོན་ལས་དབུལ་སྐྱོར་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་མཚོ་ཆེན་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་ཀྱི་གློག་ཤུགས་ཞབས་ཞུ་ནུས་ཤུགས་ཡོད་རྒུས་མཁོ་འདོན་བྱས་ཏེ་གཉེར་སྐྱོང་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། “དྲ་ཐོག་གི་རྒྱལ་ཁབ་གློག་དྲ”བཀོལ་སྤྱོད་གཏིང་ཟབ་བྱས་ཏེ་གློག་གཉེར་ལས་ཕྱོད་ཆེ་རུ་བཏང་ནས་འཛད་སྤྱོད་པར་སྔར་བས་སྟབས་བདེ་དང་བབ་བསྟུན་གྱི་མཁོ་སྤྲོད་རྣམ་པ་གཏོད་པ། ནང་ཁུལ་གྱི་རོགས་སྐྱོར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་གཉེར་སྐྱོང་རོགས་སྐྱོར་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་ལག་བསྟར་ཤུགས་ཆེན་བྱས་ནས་གཞོན་ནུ་རྐང་འཛིན་པ་ནང་སར་གསོ་སྦྱོང་ཞུན་བརྡར་དང་ནང་སའི་ལས་བྱེད་ཤེས་ལྡན་མི་སྣས་བོད་དུ་རོགས་སྐྱོར་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་མིར་བསྡུ་བའི་གྲངས་འབོར་མང་དུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
          བོད་དུ་བཞུགས་རིང་། ཆེ་དགྲ་ལྷ་དང་ཤིན་པའོ་ཨན་གྱིས་བོད་ཀྱི་ནུས་རྒྱུ་གཙང་མའི་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་དང་ནུས་རྒྱུ་གཙང་མའི་གསར་གཏོད་འཕེལ་རྒྱས་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།