དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ནན་ཅིན་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི3800ལྷག་བཏང་ནས་དམངས་འཚོའི་རྣམ་གྲངས104ལག་བསྟར་བྱས་པ།

སྤེལ་དུས 2021-06-30 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱིས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བར་གཞིགས་ན། ནན་ཅིན་གྱིས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚན་ཆུང་གིས2021ལོར“སྐལ་བཟང་མེ་ཏོག་བཞད། བདེ་སྐྱིད་རོགས་རམ་བྱེད”ཅེས་པའི་དམངས་འཚོའི་དོན་དངོས་ཆུང་ངུ100+འཆར་གཞི་ལག་བསྟར་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དང་། དོན་དག་ཕྲན་བུ། སེམས་ཁྲལ་གྱི་དོན་དག་བཅས་ལ་གཞི་ཚུགས་ནས་མལ་གྲོ་གུང་དཀར་རྫོང་གི་རོང་འབྲོག་མང་ཚོགས་ལ་དམངས་འཚོའི་དོན་དངོས100ཡན་བསྒྲུབས་པ་རེད། དུས་མགོའི་ཟླ་གཉིས་ལྷག་རིང་བཅར་འདྲི་བརྟག་ཞིབ་བྱས་ནས་ལས་དོན་ཚན་ཆུང་གིས་དམངས་ལ་དགོས་མཁོ་འདྲི་བའི་བྱེད་ཐབས་བརྒྱུད་དེ། དམངས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། དམངས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ། དམངས་ཀྱི་འདུན་པ་སྐོང་བ་བཅས་ལ་དམིགས་ནས། བོད་སྐྱོར་མ་དངུལ་སྒོར་ཁྲི3800ལྷག་བསྡུ་སྒྲིལ་བྱས་ནས་དམངས་འཚོའི་རྣམ་གྲངས104ལག་བསྟར་བྱས་པ་རེད།
           ལྷ་སའི་ཚོགས་རར་ནན་ཅིན་གྱིས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚན་ཆུང་གི་ཚོགས་གཙོ་དང་། མལ་གྲོ་གུང་དཀར་རྫོང་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་ཧྲི་ཡུང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དམངས་འཚོའི་རྣམ་གྲངས104ཡི་ནང་གཙོ་བོར་ཆུ་ཟམ་ལས་གཞི40ཡོད་པ་དང་། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་སྒོ་འགྲམ་དུ་དམངས་ཕན་གྱི་ཆུ་ཟམ་བསྐྲུན་ཡོད། བདེ་སྐྱིད་ས་ཚིགས15ཡོད་པའི་ནང་རིག་གནས་བྱ་འགུལ་སྤེལ་ཡུལ་དང་། ཏང་ཡོན་གྱི་བྱ་འགུལ་ཁང་། སྡེ་ཁུལ་ཞབས་ཞུ་ཁང་། ཚན་ཆུང་གི་བྱ་འགུལ་ལྟེ་གནས་སོགས་ཚུད་ཡོད། ནས་འཐག་ཁང་ཆུང་ངུ7བཙུགས་ཡོད་ལ། གྲོང་ཚོའི་ཚན་ཆུང་ལ་ཕྱེ་འཐག་སྒྲིག་ཆས་སོགས་ཉོ་སྒྲུབ་བྱས། ཞིང་སྡེའི་བགྲོད་ལམ9ལ་ལམ་སྒྲོན་བཙུགས། དམངས་ཕན་ཁྲུས་ཁང་ཆུང་ངུ4བཙུགས་པའི་ནང་ཁྲུས་ཁང་ཞིག་གསོ་དང་ཉམས་གསོ་སོགས་ཚུད་ཡོད། དྲོད་སྐྱིད་སྦྱིན་པའི་སྤྱི་ཕན་བྱ་འགུལ་ཆུང་གྲས7སྤེལ་ནས་མང་ཚོགས་ཀྱི་འཚོ་བའི་དཀའ་གནད་སེལ་བའི་གཞི་རྩའི་ཞབས་ཞུའི་དགོས་མཁོར་གཞི་ཚུགས་པ་དང་། དེའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། བདེ་ཐང་རྒན་གསོ། སློབ་གསོ་སྨན་བཅོས། ལས་ཞུགས་ལས་གཏོད་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་དོན་དངོས་འདུས་ཡོད། རིགས་གཞན་དག21ཡོད་པའི་ནང་གསང་སྤྱོད་གསར་སྐྲུན་དང་འཐུང་ཆུ་སྒྱུར་བཀོད། དཔེ་མཛོད་ཁང་གསར་སྐྲུན། ལག་རྩེད་སྤོ་ལོ་ར་བ་གསར་སྐྲུན། གསོག་འཇོག་མཛོད་ཁང་བསྐྲུན་པ། བོད་ལུགས་གསོ་རིག་གསོ་བཅོས་ཁང་བསྐྲུན་པ། ཆུ་ལོག་འགོག་རགས་བསྐྲུན་པ། ཆུ་ཡུར་ཉམས་གསོ་སོགས་ཚུད་ཡོད། འཛད་སྤྱོད་བོད་སྐྱོར་གྱི་རིགས1ཡོད་པའི་ནང“མལ་གྲོའི་པད་ཁའི་སྣུམ་རིགས་བརྩེ་སེམས་མངགས་ཉོ”ཚུད་ཡོད། 
           ནན་ཅིན་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའི་ལས་བྱེད་པ་ཁྲུའུ་ལྔ་པའི་ཁྲུའུ་ཀྲང་ཀྲང་ཅན་རུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནན་ཅིན་གྱིས1995ལོར་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། སྔ་རྗེས་སུ་སྐོར9ཡི་ལས་བྱེད་པ་དང་ཤེས་ལྡན་མི་སྣ29མངགས་གཏོང་བྱས་ནས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ་རེད། ལོ་ངོ26གི་རིང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་གིས“དམངས་འཚོ་དམིགས་བསལ་དུ་འཛིན་པའི་”ཁ་གཏད་རོགས་སྐྱོར་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་དང་། ཐོན་ལས། སྨན་བཅོས། སློབ་གསོ། ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། ཞན་ཆ་ཁ་གསབ། དམངས་འཚོར་ཕན་འདོགས་བཅས་བྱས་ནས་མལ་གྲོ་གུང་དཀར་རྫོང་གི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ཨང་དང་པོ་དག་མངོན་འགྱུར་བྱུང་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།