ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁྲུང་ཆིང་བོད་སྐྱོར་ལས་དོན་རུ་ཁག་གིས་རི་བོ་ཆེར་སྤྱི་ཕན་བྱེད་སྒོ་སྤེལ་བ།

སྤེལ་དུས 2021-07-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཉེ་ཆར། རི་བོ་ཆེར་རོགས་སྐྱོར་བྱེད་མཁན་ཁྲུང་ཆིང་གྲོང་ཁྱེར་གྱི་ལས་དོན་རུ་ཁག་ཁག་དགུ་པས་སྤྱི་འདོམས་མཐུན་སྦྱོར་བྱས་པ་བརྒྱུད། ཁྲུང་ཆིང་གྲོང་ཁྱེར་རུང་ཁྲང་ཆུས་ཧོ་པའོ་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཧོ་པའོ་གྲོང་རྡལ་ཕིང་ཐོན་ལས་མཐུན་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་བོད་སྐྱོར་དངོས་ཟོག་ཁག་གཅིག་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་དུ་འབྱོར་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རུང་ཁྲང་ཆུས་ཧོ་པའོ་གྲོང་རྡལ་གྱི་ཕིང་ཐོན་ལས་འཕེལ་རྒྱས་ལ་ལོ་རྒྱུས་ཡུན་རིང་ལྡན་པས“ཕིང་རྩེ་གྲ་ཐོན་ཁུལ”ཞེས་པའི་མཚན་སྙན་ཐོབ་ཡོད། ད་ཐེངས་ཀྱི་ཞལ་འདེབས་དངོས་ཟོག་གཙོ་བོ་ནི་རུང་ཁྲང་ཆུས་ཧོ་པའོ་གྲོང་རྡལ་གྱི་ཁྱད་ལྡན་ཐོན་ལས་ཕིང་ཡིན་ཞིང་། ཕིང་སྒམ་150ཡོད་པ་དེ་དག་གི་རིན་གོང་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད། བོད་སྐྱོར་ལས་དོན་རུ་ཁག་གིས་ཞལ་འདེབས་དངོས་ཟོག་དེ་དག་རི་བོ་ཆེ་རྫོང་གི་ཤང་དང་གྲོང་རྡལ་10ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དཀའ་ངལ་ཡོད་པའི་ཞིང་འབྲོག་པར་སྤྲད་ཡོད།
         2019ལོར་བོད་དུ་འབྱོར་རྗེས་རི་བོ་ཆེར་རོགས་སྐྱོར་བྱེད་མཁན་ཁྲུང་ཆིང་གྲོང་ཁྱེར་གྱི་ལས་དོན་རུ་ཁག་ཁག་དགུ་པས་ནན་ཅིང་ཆུ་ཕོར་ཡན་ལག་ཀུང་སི་དང་རུང་ཁྲང་ཚོང་ཚོགས་སོགས་ཁེ་ལས་དང་བྱ་གཞག་ཚན་པ་ནས་ཞལ་འདེབས་ཁག་26བརྩོན་ལེན་བྱས་པ་དང་མ་དངུལ་སྒོར་ཁྲི་648.49དོན་འཁྱོལ་བྱས་ཡོད། གོམ་སྟབས་རྗེས་མར་རི་བོ་ཆེར་རོགས་སྐྱོར་བྱེད་མཁན་ཁྲུང་ཆིང་གྲོང་ཁྱེར་གྱི་ལས་དོན་རུ་ཁག་ཁག་དགུ་པས་ཡུལ་སྐོར་དང་། རིག་གནས། སློབ་གསོ། སྨན་བཅོས། སྤྱི་ཕན་སོགས་ཁྱབ་ཁོངས་ཀྱི་ཆེད་དོན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་ཁྲུང་ཆིང་དང་བོད་ལྗོངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
          ཉེ་ཆར་རི་བོ་ཆེར་རོགས་སྐྱོར་བྱེད་མཁན་ཁྲུང་ཆིང་གྲོང་ཁྱེར་གྱི་སྨན་བཅོས་ལས་དོན་རུ་ཁག་ཁག་དགུ་པས་གངས་གཟེ་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་རིན་པ་མི་དགོས་པར་སྨན་སྤྲད་ཅིང་། བདེ་ཐང་སྐོར་གྱི་བློ་འདྲིར་ལན་བརྒྱབ་པ་དང་བདེ་ཐང་གི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ཁར་མི་ཐེངས་300ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་རིན་ཐང་སྒོར་6000ལྷག་ཙམ་རི་བའི་སྨན་རྫས་སྤྲད་པ་རེད།

འདི་ནི་བྱེད་སྒོ་མཇུག་འགྲིལ་རྗེས་ལས་མི་ཡོངས་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།
རྩོམ་སྒྲིག་པ། བདེ་སྒྲོལ།