ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་དགུ་པར་ས་བོན་ཚན་རིག་ས་ཚིགས་རག་པ།

སྤེལ་དུས 2023-09-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཉེ་ཆར། ཧྲང་ཧའེ་ལེ་དབྱང་སྡོང་དམར་ནགས་ཚལ་དགེ་སྒྲུབ་སྤྱི་ཕན་ལྟེ་གནས་ཀྱི“ས་བོན་ཚན་སློབ་བོད་སྐྱོར”གྱི་རིགས་གཅིག་མཁས་ཅན་ཚོགས་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་དགུ་པར་བསྐྱོད་དེ“ཚན་རིག་ལ་བརྟེན་ནས་བྱིས་པར་རོགས་སྐྱོར་བྱེད་པའི”བྱེད་སྒོ་སྤེལ་ཞིང་། སློབ་ཆུང་དགུ་པར་ས་བོན་ཚན་རིག་ས་ཚིགས4སྤྲད་པའི་ནང་ཚན་རིག་ཚོད་ལྟའི་ཁུག་མ32དང་། ཚན་རིག་རི་མོའི་འབྲི་དེབ420  ཚན་རིག་བློ་འབྱེད་སློབ་ཚན128སོགས་ཚུད་ཡོད་པ་རེད།
           “དུས་རབས་ཀྱི་མིག་དཔེ”ཀྲུང་ཡང་གིས་བོད་སྐྱོར་ལོ16བྱེད་རིང་། རྒྱལ་ཁབ་ལ་རྩི་ཤིང་གི་རིགས་ཁྲི་སྟོང་མང་པོའི་ས་བོན་ཁྲི4000འཚོལ་བསྡུ་བྱས་ཡོད། ཁོང་ཚེ་ལས་འདས་རྗེས་ནང་མི་དང་གྲོགས་པོ་སོགས་ཀྱིས་ལེ་དབྱང་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་བཙུགས་ནས“ས་བོན་ཚན་སློབ་བོད་སྐྱོར”རྣམ་གྲངས་ལག་ལེན་བསྟར་ཏེ་བོད་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཚན་རིག་སློབ་གསོ་སྤེལ་རོགས་བྱས་ཡོད། རྣམ་གྲངས་དེར་ཧྥུའུ་ཏན་སློབ་ཆེན་སོགས་མཐོ་རིམ་སློབ་གླིང་དང་ཚན་ཞིབ་སྒྲིག་གཞིའི་སྟོབས་ཤུགས་བཅུ་ལྷག་ཙམ་འདུས་ནས“ཀྲུང་ཡང་ས་བོན་ཚོད་ལྟ་ཁང”དང“ས་བོན་ཚན་རིག་ས་ཚིགས”གཞི་རྟེན་དུ་བྱས་ཏེ་བོད་ཀྱི་ཕྲུ་གུ་ཚོར་ཚན་རིག་ཤེས་བྱ་སློབ་ཁྲིད་དང་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་རོགས་བྱས་ཡོད། ལོ་ལྔ་ལྷག་ཙམ་རིང་། ལེ་དབྱང་སྤྱི་ཕན་ཚོགས་པས་སྔ་རྗེས་སུ་ཧྲང་ཧའེ་དང་བོད་ལྗོངས་སུ“ཀྲུང་ཡང་ས་བོན་ཚོད་ལྟ་ཁང”བཞིའི་སྒོ་བྱང་བཀལ་ནས་ཚན་རིག་བྱེད་སྒོ་ཐེངས་བརྒྱ་ལྷག་ཙམ་སྤེལ་བར་གཞོན་ནུ་ལོ་ཆུང་མི་ཐེངས4000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།