ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

དཀའ་སྡུག་ཐེག་པ་དང་། ངང་རྒྱུད་རིང་བ། སྙིང་རུས་ཆེ་བ།

—— ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྐོར་བཀོད་པ།

སྤེལ་དུས 2023-10-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ང། རྩོམ་པ་པོ།

འདི་ནི་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་རོགས་སྐྲུན་བྱས་པའི་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་རིག་ལྡན་དྲོད་ཁང་ཡིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ཡིས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་བཞིན་པ།

འདི་ནི་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་བོད་སྐྱོར་དགེ་རྒན་གྱིས་ལྷོ་ཁ་སློབ་ཆུང་གསུམ་པའི་སློབ་ཁང་དུ་སློབ་མ་དང་སྤེལ་རེས་བྱེད་བཞིན་པ།
             ཁོང་ཚོས་ཤང་ཅང་གཙང་པོའི་ངོགས་ནས་ནུབ་ཕྱོགས་སུ་སྤྱི་ལེ་3000ལྷག་ཙམ་བསྐྱོད་དེ་ལྷོ་ཁའི་ཡར་ཀླུང་གཞུང་དུ་སླེབས་ཤིང་། ཁོང་ཚོས་གངས་ལྗོངས་ཀྱི་ས་གཞི་ཡངས་པོར་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ཇི་བཞིན་ཧུའུ་ནན་བའི་མི་གཤིས་བཟང་པོ་མངོན་པར་བྱས་ཡོད།
             ལོ་གཅིག་རིང་ཧུའུ་ནན་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་སྣ་ཚོགས་39ལག་ལེན་བསྟར་བ་དང་། ཁེ་ལས་6ནང་འདྲེན། མ་དངུལ་སྒོར་དུང་ཕྱུར་36.62ཟིན་པའི་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་བཞག་པ་མ་ཟད། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་དང་། བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ། སྡོད་མལ་ཁོར་ཡུག་ལེགས་བཅོས་སོགས་དམངས་འཚོའི་རྣམ་གྲངས་33ལག་ལེན་བསྟར་ཞིང་། རོགས་སྐྱོར་བྱེད་སའི་ས་ཁུལ་གྱི་འཐུས་མི་ཚོགས་པ་13གྱི་མི་240ལྷག་ཙམ་མཐུན་སྦྱོར་གྱིས་ཧུའུ་ནན་ཞིང་ཆེན་དུ་སྤེལ་རེས་དང་འཚམས་འདྲི་བྱེད་པར་ཐེངས་15བཏང་བ་དང་། ཧུའུ་ནན་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བོད་དུ་སློབ་ཁྲིད་ཐེངས་58བྱེད་པར་ཡོང་བར་མཐུན་སྦྱོར་བྱས་ཡོད།
             གྲངས་གཞི་དེ་དག་ལས་ལྷོ་ཁའི་འཕོ་འགྱུར་ལ་དཔང་པོ་བྱས་ཁར། ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་གངས་ལྗོངས་ས་མཐོར་བཞག་པའི་ཧུའུ་ནན་བའི་མི་གཤིས་བཟང་པོར་ཡང་དཔང་པོ་བྱས་ཡོད།
             དཀའ་ངལ་ཐེག་པ།
             ས་མཐོར་གསོ་རླུང་དཀོན་ཡང་སྙིང་སྟོབས་གཏན་ནས་ཉམས་མེད།
             2022ལོའི་དབྱར་གཞུང་དུ་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་རུ་ཁག་ཁག་དགུ་པ་དང་ལས་འགན་རྩིས་སྤྲོད་རྩིས་ལེན་བྱས་ཤིང་། ཧུའུ་ནན་གྱི་ལས་བྱེད་པ་92ཤང་ཅང་གཙང་པོའི་ངོགས་ནས་ནུབ་ཕྱོགས་སུ་སྤྱི་ལེ་3000ལྷག་ཙམ་བསྐྱོད་དེ། ལྷོ་ཁའི་ཡར་ཀླུང་གཞུང་དུ་ལས་དོན་སྒྲུབ་པར་སླེབས་ཡོད།
             ལྷོ་ཁར་སླེབས་མ་ཐག་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་ས་མཐོའི་ཁོར་ཡུག་ལས་བོད་སྐྱོར་ལས་དོན་རུ་མི་ཚོར་ས་མཐོར་མི་འཕྲོད་པའི་སྣང་ཚུལ་རིམ་བཞིན་ཐོན་ཡོད།
             དཀའ་བ་ཆེ་ཡང་སྡུག་རུས་བྱེད། གསོ་རླུང་དཀོན་ཡང་སྙིང་སྟོབས་རྒྱས། དུས་ཐུང་ཟླ་བ་ཁ་ཤས་ནང་བོད་སྐྱོར་ལས་དོན་རུ་ཁག་གིས་ས་མཐོར་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཧུར་ཐག་ཞུགས་ཏེ། སེམས་ནུས་ཡོད་རྒུས་ལས་དོན་བསྒྲུབས་ཡོད།
             2022ལོའི་ཟླ་བརྒྱད་པར་བོད་སྐྱོར་ལས་བྱེད་པ་ལྷོ་ཁ་གྲོང་ཁྱེར་བདེ་སྐྱིད་ཁྱིམ་གཞིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚའོ་ཁྲེང་ཝུན་སྐྲན་ནད་ཕོག་པའི་ཨ་མ་དང་སྐྱེས་མ་ཐག་པའི་ཕྲུ་གུ་དང་ཁ་གྱེས་དགོས་བྱུང་ཡོད། ཁོང་གིས་དཀའ་བ་དུ་མ་ཁྱད་བསད་ཀྱིས་སྙིང་རུས་ཆེན་པོས་ས་བབ་མཐོ་བའི་བཀོད་སྒྲིག་བྱ་ཡུལ་སྲིན་བུ་རིར་ཟླ་གསུམ་ལས་ཀ་བྱས་ནས་བསྡད་དེ། ས་གནས་དེ་གའི་ལས་བྱེད་པ་དང་མཉམ་དུ་མི་ཁྲི་3ཙམ་གནས་སྤོ་བདེ་བླག་ཐུབ་པར་བྱས་ཡོད། ལས་ཀ་དཀའ་ཚེགས་ཇི་འདྲ་ཆེ་ཡང་ཁོང་གིས་འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད།
             ངང་རྒྱུད་རིང་བ།
             ས་མཐོར་གང་མཁོ་བ་ནུས་ཤུགས་གང་ཡོད་ཀྱིས་གསབ་པ།
             འདས་ཟིན་པའི་ལོ་གཅིག་ནང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཤེས་ལྡན་མི་སྣ“ཕྱིར་སྐྱོད་པ་དང་གདན་འདྲེན་པའི”སྲིད་ཇུས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྷོ་ཁའི་ལས་བྱེད་ཤེས་ལྡན་མི་སྣ“ཕྱིར་བསྐྱོད་པར”སྐུལ་འདེད་བཏང་ནས། ཁྲང་ཧྲ་རུ་ཡུལ་སྐོར་ཐོན་ལས་ཀྱི་རྐང་འཛིན་ཤེས་ལྡན་མི་སྣ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་ཀྱི་གསོ་སྦྱོང་བྱས་པ་དང་། ལྷོ་ཁའི་ལས་བྱེད་ཤེས་ལྡན་མི་སྣ་40ལྷག་ཙམ་ཧུའུ་ནན་ཞིང་ཆེན་ལ་མཉམ་དུ་ལས་ཀ་བྱེད་པར་མངགས་པ། ཁག་ཐེངས་བདུན་ལ་ལྷོ་ཁའི་ལས་བྱེད་ཤེས་ལྡན་མི་སྣ་བརྒྱ་ལྷག་ཙམ་ཧུའུ་ནན་དུ་སློབ་སྦྱོང་དང་རྟོག་ཞིབ་ལ་བཏང་བ། ཧུའུ་ནན་ཞིང་ཆེན་གྱི་ལས་བྱེད་ཤེས་ལྡན་མི་སྣ་བོད་དུ་ཡོང་རྒྱུར་མཐུན་སྦྱོར་བྱས་ནས་འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་40ལྷག་ཙམ་གཅིག་གཏད་གཅིག་གི་རོགས་སྐྱོར་ལ་མངགས་པ། ཧུའུ་ནན་ཞིང་ཆེན་གྱི་འབྲེལ་ཡོད་རྫོང་དང་། གྲོང་ཁྱེར། ཆུས། ཤང་གྲོང་བཅས་དང་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་དང་སློབ་གསོ་སོགས་ལས་རིགས་6གི་འཐུས་མི་ཚོགས་པ་ལྷོ་ཁར་ཆ་སྒྲིག་རོགས་སྐྱོར་ལ་མངགས་པ་བཅས་རེད།
             ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་གསར་གཏོད་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་སྟོབས་ཀྱི་རོགས་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ཡོད། ད་ལོའི་ལོ་སྟོད་དུ་ཁ་གཏད་རོགས་སྐྱོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་སྨན་རྩིས་ཁང་ཀ་པ་རིམ་པ་གསུམ་པའི་སྨན་རྩིས་ཁང་དུ་བསྐྲུན་པའི་དུས་འཁོར་རང་བཞིན་གྱི་ཞིབ་དཔྱད་ལས་དོན་ལེགས་སྒྲུབ་བདེ་བླག་བྱུང་བ་དང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ལ་རོགས་སྐྱོར་བྱས་ནས་ཕྱི་བཅོས་ཚན་ཁག་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་སྒོ་བསྟེན་སྨན་ཁང་གསར་དུ་བཙུགས་ཏེ། དཀའ་ཚེགས་ཆེ་བའི་རིམ་བཞིའི་པུས་ཚིགས་བརྗེ་བའི་གཤགས་བཅོས་རིགས་ཐེངས་60ལྷག་ཙམ་བྱས་པ། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཚན་ཞིབ་མི་སྣར་གསོ་སྦྱོང་གི་འཆར་གཞི་ལག་ལེན་བསྟར་ནས་ས་གནས་དེ་གའི་སྨན་པ་40ཙམ་ལ་བརྒྱུད་རོགས་ཁྲིད་གསུམ་བྱས་པ། ཐུམ་འབུའི་ནད་ཀྱི་ནད་ཐོག་སྨན་བཅོས་དང་སྔ་དུས་ཀྱི་ནད་དཔྱད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་ལ་སྨན་རིན་མི་དགོས་པར་སྐྱོབ་བཅོས། ཁ་སྦུག་ནད་འགོག་བཅོས་སོགས་ཀྱི་སྨན་བཅོས་དམངས་ཕན་རྣམ་གྲངས་ལག་ལེན་བསྟར་ཞིང་། སྨན་བཅོས་དྲིལ་བསྒྲགས་གསོ་སྦྱོང་དང་འོས་འགན་སྨན་བཅོས་ཐེངས་50ལྷག་ཙམ་བྱས་ཏེ། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་ལ་ཞབས་འདེགས་ཞུས་པ་དང་། ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་སྨན་བཅོས་ཚོགས་ཆུང་གིས་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་རྒྱལ་ཡོངས་བོད་སྐྱོར་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་གྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།
             སྙིང་རུས་ཆེ་བ། 
             ཚོང་གཉེར་ཁོར་ཡུག་ཡག་པོ་བསྐྲུན་ནས་མ་འཇོག་གི་ཡིད་དབང་བཀུག་པ།
             “ཚོང་གཉེར་ཁོར་ཡུག་ཡག་པོ་བསྐྲུན་ན་ཁེ་ལས་མང་པོའི་ཡིད་དབང་འགུག་ཐུབ་ངེས་རེད”ཅེས་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་པའེ་ཡུན་ཧྥུང་གིས་བཤད།
             ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ལོ་འཁོར་གྱི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་5དངོས་སུ་དམིགས་སར་འབྱོར་དགོས་པའི་དམིགས་ཚད་ལ་གཞིགས་ཏེ། སྔ་རྗེས་སུ་ཧྲང་ཧའེ་དང་། ཝུའུ་ཧན། ཁྲང་ཧྲ། ཀོང་ཀྲོའུ། ཧྥོ་ཧྲན། ཧྲེན་ཀྲེན་སོགས་སུ་ཚོགས་ཆུང་གི་ཚོང་འགུགས་ཐེངས་26བྱས་པ་དང་། ཁེ་ལས་90ལྷག་ཙམ་ལ་འཚམས་འདྲི་བྱས་པ་མ་ཟད། ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་དང་ཧྲང་ཧའེ་ཧྥུའུ་ཤིང་ཚོགས་པ་སོགས་ཁེ་ལས་50ལྷག་ཙམ་ལྷོ་ཁར་རྟོག་ཞིབ་བྱེད་པར་གདན་དྲངས་ཡོད། ཆེད་ལས་ཚན་ཁག་གི་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་ཀྲུང་ནན་རྩད་ཞིབ་ཐིག་ལེན་ཇུས་འགོད་གླིང་སོགས་ཀྱི་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། དེའི་ནང་ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ཡི་ནུས་རྒྱུ་གཙང་མའི་ཐོན་ལས་གླིང་གི་རྣམ་གྲངས་ད་ལོའི་ཟླ་9པར་དངོས་སུ་ལས་འགོ་ཚུགས་པ་དང་། དེ་བོད་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྦྲེལ་ཐག་གི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་དང་པོར་འགྱུར་རྒྱུ་རེད།
             ད་ལོ་ནས་བཟུང་། ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ཡི་ནུས་རྒྱུ་གཙང་མའི་སྒྲིག་ཆས་རིག་ནུས་བཟོ་སྐྲུན་དང་། ཁང་ཅི་སྐྱེ་དངོས། ཏ་སྨི་ཚན་རྩལ། ལྗང་མདོག་འབྱུང་ཁུངས་ཀྱི་དུས་ཐེངས་གཉིས་པ་སོགས་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་6དང་སྒྲོམ་གཞིའི་གྲོས་མཐུན་9ལ་མིང་རྟགས་བཀོད་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་36.62ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་3.8དངོས་སུ་དམིགས་སར་འབྱོར་ཡོད།
འདས་ཟིན་པའི་ལོ་གཅིག་ནང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་དམངས་འཚོའི་སྟོན་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་གྲོང་གསེབ་དར་རྒྱས་གཏོང་བར་དམིཌ་ཏེ། ལོའི་ནང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.25དང་རྣམ་གྲངས་39ལ་འཆར་གཞི་བཀོད་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་33ལ་སྤྱོད་རྒྱུ་ཡིན་པར་མ་དངུལ་སྒོར་དུང་ཕྱུར་1.19ཟིན་ཡོད་པ་རེད།
             གངས་ལྗོངས་ས་མཐོར་བོད་སྐྱོར་གྱི་བརྩེ་སེམས་ལྷག་པར་མངོན། མཛེས་སྡུག་ཡར་ཀླུང་གིས་ཤང་བོད་གཉིས་ཀྱི་བརྩེ་བར་བསྟོད་གླུ་ལེན། ཧུའུ་ནན་གྱི་བུ་ཕྲུག་ཁག་དང་ཁག་གིས་རི་ཆུ་ཁྲི་སྟོང་བརྒལ་ནས་ལྷོ་ཁར་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཏེ་གངས་ལྗོངས་ས་མཐོར་ཧུའུ་ནན་བའི་གཤིས་རྒྱུད་བཟང་པོ་རབ་ཏུ་མངོན་བཞིན་མཆིས། 

རྩོམ་སྒྲིག་པ། དཔལ་གཡང་།