ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

2023ལོར་ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་པའི་སྐོར་བཀོད་པ།

སྤེལ་དུས 2023-12-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             འདི་ལོ་ཚུན། ཅང་སུའུ་བོད་སྐྱོར་བཀོད་འདོམས་པུས་ཐོན་ལས་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། རིག་སྟོབས་བོད་སྐྱོར། རིག་གནས་བོད་སྐྱོར་སོགས་གཙོ་གནད་ལས་འགན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འདི་ལོའི་ཟླ5པར། རྒྱལ་ཁབ་ཀྱི་དཔྱད་ཞིབ་བརྟག་ཞིབ་ཚོགས་ཆུང་གིས་ཅང་སུའུ་ཡི་བོད་སྐྱོར་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་ཞིང་ཆེན་དང་གྲོང་ཁྱེར17གྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གདེང་འཇོག་ནང་ཅང་སུའུ་ཞིང་ཆེན་ཨང་དང་པོ་ཡིན་པ་རེད།
             ཐོན་ལས་བོད་སྐྱོར་སྔོན་ལ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
             2021ལོ་དང2022ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཚང་མ་ལས་འགོ་ཚུགས་ནས་ལེགས་སྒྲུབ་བྱེད་ཚད་དང་དེ་བཞིན་མ་འཇོག་ལེགས་སྒྲུབ་བྱེད་ཚད90%ལས་བརྒལ་ཡོད། 2023ལོར་འཆར་འགོད་ལག་བསྟར་གྱི་བོད་སྐྱོར་རྣམ་གྲངས55མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འདི་ལོའི་གསར་སྐྲུན་རྣམ་གྲངས་ཚང་མ་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱས་ཏེ། འཆར་གཞི་ལྟར་ན་འདི་ལོ་ཚར་དགོས་ངེས་ཀྱི་རྣམ་གྲངས་ཁག་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད།
             ཅང་སུའུ་བོད་སྐྱོར་བཀོད་འདོམས་པུས་ལྷ་ས་གྲོང་ཁྱེར་གྱི“ལྔ་བཅུ་བརྒྱའི”ལས་གྲྭ་དང“བརྒྱ་གསུམ་གྱི་བར་ཁྱམས”འཛུགས་སྐྲུན་ལས་དོན་སྤྱི་ཡོངས་སུ་ཧུར་ཐག་ཞུགས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་སྟེ། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་དང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། གླིང་ཁུལ་ཚད་ལྡན་ཅན་འཛུགས་སྐྱོང་དང་། ལྷུན་གྲུབ་ཀྱི་རྩྭ་འདེབས་ཕྱུགས་གསོ། སྟག་རྩེའི་པད་ནག་གི་ཤང་གྲོང་དར་རྒྱས། མལ་གྲོ་གུང་དཀར་རྫོང་གི་པད་སྣུམ་གྱི་ཁྱད་ལྡན་ཐོན་ལས“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལས་འགན་ཁག4ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། ཆེད་དོན་མ་དངུལ་བཏང་ནས་མལ་གྲོ་གུང་དཀར་གྱི“སྐལ་བཟང་མེ་ཏོག་བཞད”ཅེས་པའི་ཐོན་ལས་གླིང་སོགས་བྱེད་ནུས་ཚང་བའི་གླིང་ཁུལ་བརྒྱད་ཀྱི་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། མལ་གྲོ་གུང་དཀར་རྫོང་གི་པད་ཁ་འདེབས་འཛུགས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྣུམ་གྱི་སྤུས་རྟགས་མུ་མཐུད་བཏོད་ཅིང་། མིག་སྔར་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི3ཟིན་ནས་ཞིང་འབྲོག་དུད་ཚང4000ལྷག་ཙམ་ལ་འབབ་འཕར་སྒོར་ཁྲི1295བྱུང་ཡོད། ལྷུན་གྲུབ་སྐལ་བཟང་ཐང་འབྲི་གཡག་ཐོན་ལས་ཞིབ་འཇུག་གསར་སྤེལ་དང་ཞབས་ཞུ་ལྟེ་གནས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། “ཀུང་སི+རྟེན་གཞི+མཉམ་ལས་ཁང+གསོ་ཚགས་དུད་ཚང”བཅས་ཀྱི་གསོ་ཚགས་བྱེད་སྟངས་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི137ཟིན་ཡོད།
             ཚོང་འགུགས་མ་འདྲེན་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་བཟོ་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་དང་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་དང་། ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་ཚོང་འགུགས་དང་ཅང་སུའུ་དང་ལྷ་སའི་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་སྦྲེལ་མཐུད་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། འདི་ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས101དོན་འཁྱོལ་བྱས་པ་དང་། གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར219.14ཟིན་པ་དང་དངོས་སུ་ལག་འབྱོར་བྱུང་བའི་མ་དངུལ་སྒོར་དུང་ཕྱུར39.67ཟིན་པ། གཏན་འཇགས་རྒྱུ་ནོར་གཏོང་ཚད་སྒོར་དུང་ཕྱུར9.41ཟིན་ནས་མི850ལྷག་ཙམ་ལས་ཞུགས་ཐུབ་པར་ཁྲིད་སྟོན་བྱས་ཡོད།
             “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྐུལ་འདེད་བཏང་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་བཏང་བ།
             ཅང་སུའུ་བོད་སྐྱོར་བཀོད་འདོམས་པུས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གཏིང་ཟབ་ཏུ་བཏང་སྟེ། སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ལག་རྩལ་གསར་པ་མང་པོ་ནང་འདྲེན་བྱས་ནས་ས་གནས་སྨན་ཁང་གི་སྨན་བཅོས་ལག་རྩལ་སྒྱུར་བཅོས་དང་རིམ་སྤོར་ལ་རམ་འདེགས་བྱས་པ་རེད།
             མལ་གྲོ་གུང་དཀར་རྫོང་གི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དང་འདུས་འདྲིལ་རུས་ཚིགས་ནད་གཞི་ཕོག་པའི་ནད་པ11ནན་ཅིང་དུ་རིན་མེད་གཤག་བཅོས་བྱེད་པར་རོགས་རམ་བྱས་ཤིང་། ལོ་སྟོད་དུ་ཅང་སུའུ་ཡི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རིམ་རྩིས་བྱས་ན་ནད་པ་མི་ཐེངས2000ལྷག་ཙམ་ལ་སྨན་བཅོས་བྱས་ཏེ། རིགས་ཁག་གི་གཤག་བཅོས་ཐེངས100ལྷག་ཙམ་བྱས་པ་དང་། ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་དང་ཆུས4རུ་འོས་འགན་སྨན་བཅོས་ཐེངས10ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས1000ལྷག་ཙམ་ལ་ཕན་པ་ཐོབ་པ། སྒོར་ཁྲི1ལྷག་ཙམ་རི་བའི་སྨན་རྫས་རིན་མེད་ངང་སྤྲད་པ་རེད། སུའུ་ཀྲོའུ་དང་ཐའེ་ཀྲོའུ་ཡི་སྨན་བཅོས་རུ་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གཟུགས་པོར་བརྟག་དཔྱད་དང་བདེ་ཐང་ཚོད་སྐོར་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རིམ་རྩིས་བྱས་ན་སློབ་མ6000ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཁྱབ་གདལ་གཏིང་ཟབ་བཏང་སྟེ། “གཅིག་གཏད་གཅིག”དང་། “གཅིག་གཏད་མང་པོ” “མདུན་ཕྱོགས་སུ་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ+རྒྱབ་ཕྱོགས་སུ་ཟབ་སྦྱོང་མཐོར་གཏོང་བྱེད་པ”བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་བཙུགས་ནས། རིམ་རྩིས་བྱས་ན་རིགས་ཁག་གི་གསོ་སྦྱོང་ཐེངས30ལྷག་ཙམ་བྱས་པ་དང་། མི་ཐེངས500ལྷག་ཙམ་གསོ་སྦྱོང་བྱས་པ། དགེ་སློབ་ཆ་སྒྲིག10ལྷག་ཙམ་བཅས་བྱས་ཏེ་རོགས་སྐྱོར་བྱ་ཡུལ་ཚན་པའི་སྨན་དོན་པའི་ནད་བརྟག་སྨན་བཅོས་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ་རེད།
             “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གཏིང་ཟབ་སྤེལ་བ་དང་། “གཞོན་ནུ་ཤེས་ལྡན་པའི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱས་ནས། བོད་སྐྱོར་དགེ་རྒན་ཚང་མ་དང་སློབ་གྲྭ་འདི་གའི་བོད་དུ་ཡོད་པའི་དགེ་རྒན་དབར་གཞོན་ནུ་ཤེས་ལྡན་པ་ཆ་སྒྲིག་བྱས་ཏེ། ན་གཞོན་དགེ་རྒན་ལ་ཆེད་ལས་འཕེལ་རྒྱས་འཆར་འགོད་བཟོ་བ་དང་། སློབ་ཁྲིད་གྲ་སྒྲིག སློབ་ཁྲིད་དཔྱད་བསྡུར། སློབ་ཁྲིད་བཅས་ལ་མཛུབ་ཁྲིད་བྱས་ནས་ན་གཞོན་དགེ་རྒན་གཞན་དག་གིས་རང་ཉིད་ཀྱི་སློབ་ཁྲིད་བྱེད་སྟངས་ལ་སློབ་སྦྱོང་བྱེད་པར་ལྕག་སྐུལ་བྱས་པ་རེད། ནག་ཆུ་སོགས་ས་ཁུལ་དུ་སློབ་ཁྲིད་གཤམ་སྐྱོད་བྱེད་སྒོ་སྤེལ་ནས་ཅང་སུའུ་ཡི་སློབ་གསོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཁྱབ་འགྱེད་ཁྱབ་ཁོངས་སྔར་བས་ཆེ་རུ་་བཏང་ཡོད།
             “འབྲེལ་གཏུག་གསུམ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ།
             ཅང་སུའུ་བོད་སྐྱོར་བཀོད་འདོམས་པུས་ཅང་སུའུ་དང་ལྷ་སའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་སྟེ། ཅང་སུའུ་དང་ལྷ་སའི་མི་དམངས་དབར་གྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཡོད།
             ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་བཏོད་པའི་མི་རིགས་ཀྱི་ཁྱད་ལྡན་གླུ་གར་ལེ་ཚན《ལྷ་སའི་བརྩེ་སེམས》ཞེས་པ་ཟླ5པའི་ཟླ་འགོར་ནན་ཅིང་དང་། ཀྲེན་ཅང་། ཐའེ་ཀྲོའུ། སུའུ་ཀྲོའུ་སོགས་ཁ་གཏད་བོད་སྐྱོར་གྲོང་ཁྱེར་དུ་སྐོར་སྐྱོད་འཁྲབ་སྟོན་ཐེངས4བྱས་ཏེ། ཅང་སུའུ་མི་དམངས་ལ་ཁྱིམ་གྱི་སྒོ་རྩར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་། ས་གནས་ས་ཐོག་ཏུ་འཁྲབ་སྟོན་བལྟ་མཁན་མི་གྲངས4800ལྷག་ཙམ་ཟིན་པ། འཁྲབ་སྟོན་གྱི་འབྲེལ་ཡོད་གནས་ཚུལ་ཅང་སུའུ་དང་བོད་ལྗོངས་གཉིས་ཀྱི་སྨྱན་སྦྱོར་ལས་སྟེགས་ཁག་ནས་རྒྱ་ཁྱབ་ངང་སྤེལ་གཏོང་བྱས་པར་དྲ་ཐོག་ནས་ལྟ་མཁན་ཁྲི60ལས་བརྒལ་ཡོད། ཅང་སུའུ་དང་ལྷ་སས་གསར་གཏོད་རང་བཞིན་གྱི་མཉམ་ལས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི2023ལོའི་དཔྱིད་གསར་དུས་ཆེན་དང་བོད་ཆུ་ཡོས་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་འཚོགས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་མཚོན་པར་བྱས་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ཡོད།
             ཁ་གཏད་བོད་སྐྱོར་བྱས་ནས་ལོ30རིང་། ཅང་སུའུ་ཡིས་ལྷ་སའི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་བོད་སྐྱོར་གྱི་འབྲེལ་ཟམ་བརྒྱུད་ས་གནས་གཉིས་ཀྱི་མི་དམངས་དབར་གྱི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་པ་རེད། 
རྩོམ་སྒྲིག་པ། དཔལ་གཡང་།