ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་གཞི་རིམ་དུ་བསྐྱོད་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འགོད་བྱས་པ།

སྤེལ་དུས 2017-08-29 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          "ལྷ་ས་སྣེའུ་ཁུལ་གསར་གྱིས་ངེས་པར་དུ་མེ་འཁོར་བབས་ཚུགས་དང་གནམ་ཐང་དུ་བསྐྱོད་པའི་མྱུར་བགྲོད་གཞུང་ལམ་གྱི་སྣེ་མོའི་ས་བབ་ལེགས་ཆ་གང་ལེགས་སྤྱོད་པ་དང་ཐོན་ཁུངས་བསྡུ་སྒྲིལ་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཚོང་དོན་དང་སྲིད་དོན་གཞི་གཅིག་ཏུ་བསྡུས་པའི་བོད་ནས་འགྲོ་འོང་བྱེད་པའི་ཐོན་ལས་སྒྲོག་ཐག་ཅིག་བསྐྲུན་དགོས"ཞེས་ཁག་16པའི་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཐིང་ཅུན་གྱིས་ཉེ་ཆར་ལྷ་ས་སྣེའུ་ཁུལ་གསར་དུ་བརྟག་ཞིབ་བྱེད་སྐབས་བཤད་པ་རེད།

          ཉེ་ཆར་ཁག་16པའི་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། སྣེའུ་ཁུལ་གསར། ཁྲེང་ཀོན་ཆུས་བཅས་སུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་འབྲེལ་སྲིད་གཞུང་སྡེ་ཚན་དང་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་བཞུགས་མོལ་བྱས་ཏེ་ཤེས་ལྡན་མི་སྣ་ཚུར་འགུག་དང་། ཐོན་ལས་འགྲེམས་ཚུལ། གསར་གཏོད་ལས་གཏོད། གནད་སྨིན་དབུལ་སྐྱོར་སོགས་ཀྱི་གནད་དོན་ལ་དམིགས་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་དང་གཞན་སྒྱུར་ཆེད་ཐབས་འདོན་ཇུས་འགོད་བྱས་པ་རེད།

          "གསར་སྤེལ་ཁུལ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་གཙོ་བོ་གང་ཡིན་ནམ"  "གླིང་ཁུལ་གྱི་ཐོན་ལས་ནང་འདྲེན་ཐད་ཧེ་བག་ཅན་གྱི་ལེགས་ཆ་ལྡན་ཡོད་དམ"  "ཇི་ལྟར་བྱས་ཏེ་མི་ཚུར་འགུག་ཐུབ་པ་དང་དེར་གཞིས་ཆགས་ཐུབ་བམ"  "གླིང་ཁུལ་འཕེལ་རྒྱས་ཐད་ཇི་ལྟར་བྱས་ཏེ་གནད་སྨིན་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས་སམ"སོགས་ཐད། བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་དུ་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་གླིང་ཁུལ་འཁོར་རྒྱུག་གི་ད་ལྟའི་གནས་ཚུལ་ཁག་ཤེས་རྟོགས་གཏིང་ཟབ་བྱས་པ་དང་འབྲེལ་རང་ཉིད་ཀྱི་བོད་དུ་ལས་ཀ་བྱས་པའི་ཉམས་མྱོང་དང་ཆེད་ལས་ཁྱབ་ཁོངས་ནས་ལག་ལེན་བསྟར་རུང་བའི་ལེགས་གཏོང་གྲོས་འགོ་བཏོན་པ་རེད།

          "འབུམ་རམས་པའི་ཞབས་ཞུ་ཚོགས་པ་བཙུགས་པའི་ཐོག་མའི་རེ་འདུན་ནི་ཤེས་ལྡན་མི་སྣ་ཕུལ་བྱུང་གིས་ནུབ་རྒྱུད་ལ་རོགས་སྐྱོར་བྱེད་པའི་ཕུགས་ཕན་ལམ་སྲོལ་ཆ་ཚང་ཞིག་འཛུགས་རྒྱུ་དེ་ཡིན"རྒྱལ་ཡོངས་ཀྱི་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་ཚོས"རིག་ནུས་བོད་སྐྱོར"བྱས་པ་དེས་བོད་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཡག་པོ་ཐུབ་ཅེས་ཁག་16པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པའོ་ཆོན་ཡུང་གིས་བཤད་པ་རེད།