དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ཏེ་འདམ་གཞུང་རྫོང་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད།

སྤེལ་དུས 2020-06-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་གཏིང་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་པེ་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་དུ་འདམ་གཞུང་རྫོང་གནམ་མཚོ་ཤང་གསེར་སྡེ་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་དེ་ཡུལ་དེའི་མང་ཚོགས་ལ་རིན་མེད་ངང་བདེ་ཐང་བློ་འདྲི་དང་། ནད་བརྟག་སྨན་བཅོས། སྨན་སྐྱེལ་བ་སོགས་ཀྱི་སྨན་བཅོས་ཞབས་ཞུ་བྱས་པ་རེད།
          ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་སྟོད་ལུང་བདེ་ཆེན་ཆུས་དང་། སྙེ་མོ་རྫོང་། འདམ་གཞུང་རྫོང་མི་དམངས་སྨན་ཁང་བཅས་ཀྱི་བོད་སྐྱོར་སྨན་པ་ཚོས་མང་ཚོགས་ལ་ནད་གཞི་སྨན་བཅོས་དང་། སྨན་ཐོ་འབྲི་བ། སྨན་རྫས་སྤྲོད་པ་བཅས་ཀྱི་བྱ་བ་ནན་ཏན་ངང་སྒྲུབ་པ་རེད། ལྷག་བསམ་རྣམ་དག་གི་སྒོ་ནས་སྨན་རྫས་འཐུང་ཐབས་དང་འཛེམ་བྱ་མངག་བཅོལ་ནན་མོ་བྱས། སྨན་པ་ཚོའི་ཆེད་ལས་དང་ཞིབ་ཚགས་བཅས་ལ་མང་ཚོགས་རྣམས་ཀྱིས་བསྔགས་བརྗོད་མང་པོ་ཐོབ་ཡོད། 
          འོས་འགན་སྨན་བཅོས་བྱེད་པའི་གོ་རིམ་ཁྲོད། སེར་སྡེ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པ། གྲོང་ཚོའི་སྨན་པ། བུ་བཅོལ་ཁང་གི་དགེ་རྒན་བཅས་ཀྱིས་སྐད་སྒྱུར་བྱས་ནས་གྲོང་མི་དང་སྨན་བཅོས་ཆེད་མཁས་པར་ནད་གཞིའི་གནས་ཚུལ་སྤེལ་རེས་བྱེད་པའི་སེམས་ཀྱི་འབྲེལ་ཟམ་བཙུགས་ཡོད།
          རྗེས་མར་ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་མུ་མཐུད་པེ་ཅིན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་འབྲེལ་བྱས་ནས་རྫོང་དང་ཆུས་སོ་སོར་བསྐྱོད་དེ་ཐག་རིང་ལུང་ཁུག་གི་གྲོང་ཚོ་དབུལ་པོའི་མང་ཚོགས་ལ་སྨན་བཅོས་དང་སྨན་སྟེར་བ་དང་། བདེ་ཐང་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་ཏེ། དབུལ་ཐར་གྲུབ་འབྲས་རྒྱུན་མཐུད་སྒོས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།  །