དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བོད་སྐྱོར་གྱི་ལོ་གཅིག་རིང་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པས་ཁྲིམས་རྩོད་པ་དཀོན་པའི་ས་ཁུལ་དུ་སྤྱི་ཕན་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ།

སྤེལ་དུས 2020-07-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          མང་ཚོགས་མི་ཐེངས་ཁྲི་1.5ལྷག་ལ་རིན་མི་དགོས་པའི་བློ་འདྲིའི་ཞབས་འདེགས་ཞུས་པ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྣ་ཚོགས་1540སྒྲུབ་གཉེར་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་9700ལྷག་མི་ཕོག་པར་བྱས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་འཆད་ཁྲིད་ཁག་200ལྷག་བྱས་པ།
          རང་རྒྱལ་གྱི་ནུབ་རྒྱུད་མི་རིགས་ས་ཁུལ་དུ་བཅའ་ཁྲིམས་དབུལ་སྐྱོར་གྱི་ཕན་འབྲས་རིམ་བཞིན་མངོན། ཉིན་ཤས་གོང་། གསར་འགོད་པས་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། “བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”བྱེད་སྒོ་ལོ་གཅིག་སྤེལ་རིང་། བོད་སྐྱོར་ཁྲིམས་རྩོད་པས་བོད་ཀྱི་ས་ཆ་གང་སར་བསྐྱོད་ནས་དང་བླངས་ཀྱི་བཅའ་ཁྲིམས་ཞབས་ཞུ་བྱས་ཤིང་། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི་1.5ལྷག་ལ་རིན་མི་དགོས་པར་བློ་འདྲིའི་ཞབས་ཞུ་བྱས་ཏེ་ཡུལ་དེ་རང་གི་ཉམས་ཞན་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ནུས་ལྡན་བྱས་པ་རེད།
          “བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”བྱེད་སྒོ་ནི་ཁྲིམས་འཛིན་པུའི་ཁྲིམས་རྩོད་པའི་ལས་དོན་ཅུས་དང་། ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས། ཀྲུང་གོ་བཅའ་ཁྲིམས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་དང་ལག་བསྟར་བྱས་ཤིང་། རྒྱལ་ཡོངས་སུ་དང་བླངས་ཁྲིམས་རྩོད་པ་བསྡུས་ནས་བོད་དུ་ཁྲིམས་རྩོད་པ་མེད་པའི་རྫོང་དང་ཁྲིམས་རྩོད་པའི་ཐོན་ཁུངས་མི་འདང་བའི་ས་ཆར་སྤྱི་ཕན་གྱི་བཅའ་ཁྲིམས་ཞབས་ཞུ་བསྒྲུབས་ཡོད།
          ཤེས་རྟོགས་བྱུང་བ་ལྟར་ན། 2019ལོའི་ཟླ་7པར་བྱེད་སྒོ་སྤེལ་འགོ་བཙུགས་ཚུན། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ཀྱི་བོད་སྐྱོར་ཁྲིམས་རྩོད་པ་68ཀྱིས་དམངས་འཚོ་ལེགས་གཏོང་ལ་འགན་ལེན་གྱི་ཞབས་ཞུ་ཧུར་ཐག་བྱས་ཏེ་དབང་པོ་སྐྱོན་ཅན་དང་། བགྲེས་སོང་། ན་སོ་དར་ལ་མ་བབས་པའི་མི། བུད་མེད། ཞིང་འབྲོག་པའི་ལས་མི་སོགས་ཀྱི་ཚོགས་སྤྱིར་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྣ་ཚོགས་1540སྒྲུབ་གཉེར་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་9700ལྷག་མི་ཕོག་པར་བྱས་ཡོད།
          དབུལ་སྒྲོལ་ལས་དོན་ཁྲོད་ཀྱི་བཅའ་ཁྲིམས་གནད་དོན་ལ་དམིགས་ནས་བོད་སྐྱོར་ཁྲིམས་རྩོད་པ་རྣམས་ཀྱིས་བློ་འདྲི་དང་གྲོས་འགོ་དུས་ཐོག་ཏུ་མཁོ་འདོན་བྱས་ཏེ་མང་ཚོགས་དབུལ་པོར་སྤུས་ལེགས་དང་གོ་ཆོད་ཀྱི་བཅའ་ཁྲིམས་ཞབས་ཞུ་བྱས་པ་དང་དུས་མཚུངས་སུ་ས་གནས་དང་མཐུན་སྦྱོར་གང་ལེགས་ཀྱིས་ལས་ཀའི་ཁྲོད་མངོན་པའི་འགལ་བ་བསལ་ནས་དབུལ་སྒྲོལ་འགག་སྒྲོལ་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་བཏོད་པ་རེད། ལྷག་དོན་དུ་ད་ལོ་ནས་བཟུང་བོད་སྐྱོར་ཁྲིམས་རྩོད་པ་རྣམས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་ཏན་ཏིག་ངང་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་རྒྱ་དང་ཐད་སྦྲེལ་ཁ་པར་གྱི་ལས་སྟེགས་གང་ལེགས་སྤྱད་ནས་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། མི་དམངས་མང་ཚོགས་བཅས་ལ་དམིགས་སའི་རང་བཞིན་ལྡན་པའི་བཅའ་ཁྲིམས་ཞབས་ཞུ་བྱས་པར་བརྟེན། ཡུལ་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དེ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཐད་ཀྱི་བཅའ་ཁྲིམས་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད།
          ལོ་གཅིག་རིང་། བོད་སྐྱོར་ཁྲིམས་རྩོད་པ་རྣམས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱས་ཏེ་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ། སྡེ་ཁུལ། ལས་ཡུལ། དམག་སྒར་བཅས་སུ་ཁྲིམས་ལུགས་ཁྱབ་སྤེལ་བྱས་པར་རིམ་རྩིས་བྱས་ན་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་འཆད་ཁྲིད་ཁག་200ལྷག་བྱས་ཤིང་། དེ་དང་དུས་མཚུངས་སུ་ཞབས་ཞུ་བྱ་ཡུལ་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བའི་འགན་ཁུར་ནས་སྲིད་གཞུང་གི་ཐབས་ཇུས་བྱེད་སྒོ་གལ་ཆེན་ནང་ཞུགས་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་འཆར་ཟིན་འགོད་པ་དང་གན་རྒྱའི་རྣམ་གྲངས་གལ་ཆེན་གྱི་ཞིབ་བཤེར་ལས་དོན་ནང་ཞུགས་པ་མ་ཟད། ས་ཆ་རང་གི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པར་ལས་སྒོའི་གསོ་སྦྱོང་བྱས་ཏེ་ས་ཆ་རང་གི་ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།