དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་བརྟེན་ནས་བོད་ཀྱི་ཆབ་མདོའི་དམངས་འཚོ་འཕེལ་རྒྱས་བཏང་བ།

སྤེལ་དུས 2020-07-30 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           ཉེ་ཆར། གསར་འགོད་པ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་བཅར་འདྲིར་སྐྱོད་སྐབས། སློབ་གསོའི་ཤེས་ལྡན་མི་སྣ་དང་སྨན་བཅོས་ཤེས་ལྡན་མི་སྣ་ལས་གྲུབ་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་དེ་གའི་སློབ་གསོ་དང་སྨན་བཅོས་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ལ་དགའ་འོས་པའི་འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་བྱུང་། གསར་འགོད་པས་བཅར་འདྲི་བྱེད་སྐབས་གྲོང་མི་ཚོའི་སེམས་གཏིང་གི་དགའ་སྣང་ངང་གིས་མངོན་འོང་གི་འདུག
           གསར་འགོད་པ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་དུ་གཉེར་བའི་དེང་རབས་ཀྱི་སློབ་ཆུང་དང་པོ་སྟེ། ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་བསྐྱོད་པ་ཡིན། སློབ་ཆུང་སློབ་མ་བསྟན་འཛིན་རྒྱལ་མཚན་གྱིས་སློབ་ཁང་དུ་དགའ་མོས་སློབ་ཚན་ལ་མི་མེད་གནམ་གྲུ་སྤྱོད་སྟངས་སྦྱོང་བཞིན་པ་མཐོང་བྱུང་།
           དགའ་མོས་འཛིན་གྲྭའི་མཛུབ་ཁྲིད་དགེ་རྒན་ཅིན་ཙི་ཆིས་ནི་ན་ནིང་སློབ་གྲྭ་དེར་འོང་བ་དང་། བོད་དུ་མ་ཡོང་གོང་ཐེན་ཅིན་སློབ་ཆུང་ཞིག་གི་ཚན་རྩལ་དགེ་རྒན་རེད། ཁོང་དང་བོད་སྐྱོར་དགེ་རྒན་གཅིག་པ་ཡིན་པའི་སློབ་སྤྱི་ལི་ཏུང་རུས་དགའ་མོས་འཛིན་གྲྭར་སྤྱོད་པའི་མི་མེད་གནམ་གྲུ་དེ་དག་ནི་ཐེན་ཅིན་གྱི་ཁེ་ལས་ཤིག་གིས་ཞལ་འདེབས་བརྒྱབ་པ་ཞིག་རེད། ད་དུང་སློབ་གྲྭས་དགའ་མོས་འཛིན་གྲྭའི་སློབ་མ་ཚོས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་སྟངས་ཤེས་རྗེས་ལྗོངས་ཕྱིའི་འགྲན་བསྡུར་ལ་ཞུགས་སུ་འཛུགས་རྩིས་ཡོད་ཅེས་ངོ་སྤྲོད་བྱས།
           “ན་ནིང་། ཐེན་ཅིན་གྱི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་དགེ་རྒན་15སློབ་གྲྭ་དེར་ཡོང་ནས། རྒྱའི་སྐད་ཡིག་དང་། ཨང་རྩིས། རོལ་དབྱངས། རི་མོ་བཅས་ཀྱི་སློབ་ཚན་ཁྲིད་པ་དང་། ང་ནི་རྒྱའི་སྐད་ཡིག་འཁྲིད་མཁན་ཡིན”ཞེས་ལི་ཏུང་རུས་བཤད།
           སློབ་གྲྭའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒན་ཡོལ་ཞུས་པའི་དགེ་རྒན་བྱམས་པ་ཆོས་གྲགས་ཀྱིས། ཉེ་བའི་ལོའི་ནང་སློབ་གྲྭའི་དགེ་རྒན་གྱི་ལོའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས། ལོ་གཞོན་དགེ་རྒན་མང་དུ་སོང་སྟེ་གསར་གཏོད་ཀྱི་སྐྱེ་སྟོབས་རྒྱས་ཡོད་ཅེས་བཤད། ཁོང་གིས“དགེ་རྒན་རྙིང་པ་ཞིག་ཡིན་པའི་ངོས་ནས། སློབ་གྲྭར་འགྱུར་ལྡོག་དེ་ལྟར་བྱུང་བར་རང་ཉིད་ཧ་ཅང་དགའ་པོ་བྱུང”ཞེས་སེམས་གཏིང་ནས་དགའ་ཚོར་སྐྱེ་བཞིན་དུ་བཤད།
           དགའ་འོས་པའི་གྲུབ་འབྲས། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱ་ཡུལ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ལའང་བྱུང་ཡོད།
           ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྐབས་སུ། ང་ཚོའི་སྨན་ཁང་གིས་ཟླ་གཉིས་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱའི་སྐོར་གྱི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལག་དེབ་ཆུང་ངུ་རྩོམ་འབྲི་བྱས་ནས་དཔེ་སྐྲུན་བྱས་པ་མ་ཟད། རིམས་འགོག་དངོས་ཟོག་ཀྱང་དུས་ཐོག་ཏུ་གནས་སར་འབྱོར་པའང་བྱས་ཡོད”ཅེས་གསར་འགོད་པས་བཅར་འདྲི་བྱེད་སྐབས། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཅང་ཡིང་ཅིའུ་ཡིས་སྨན་ཁང་གི་ཉེ་དུས་འཕེལ་རྒྱས་བྱུང་ཚུལ་ངོ་སྤྲོད་བྱས།
           ཤེས་རྟོགས་བྱུང་བར་གཞིགས་ན། ཅང་ཡིང་ཅིའུ་ནི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཀྱི་ཤེས་ལྡན་པའི་གྲས་ཡིན་པ་དང་། དེ་སྔོན་ཁྲུང་ཆིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་བྲང་སྙིང་ཕྱི་ནད་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པ་དང་། ན་ནིང་ཟླ་བདུན་པར་བོད་དུ་འོང་བ་ཞིག་རེད།
           གསར་འགོད་པ་སྨན་ཁང་ནས་དོན་པའི་སྐབས་སྒོ་བསྟེན་ཐོག་བརྩེགས་ཁང་གི་ཚོམས་ཆེན་བརྒྱུད་དགོས་ཀྱི་ཡོད། ཚོམས་ཆེན་ནང་དུ་ཁྲུང་ཆིང་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མིའི་པར་མང་པོ་སྦྱར་འདུག་པས་ས་མཐོའི་མི་དམངས་ཀྱིས་གོས་དཀར་སྨན་པ་དེ་དག་ལ་ཁས་ལེན་ཞུས་པ་དང་བཀའ་དྲིན་ཚོར་བ་གང་ལེགས་མངོན་ཡོད།  །