དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བོད་སྐྱོར་རུ་ཁག་གིས་གྲོང་ཚོའི་བྱིས་གཉོར་ཁང33གསར་སྐྲུན་བྱས་ཏེ་མཐོ་སྒང་གི་སློབ་སྔོན་སློབ་གསོར་སྐུལ་འདེད་གཏོང་རྒྱུ་རེད།

སྤེལ་དུས 2020-09-07 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ9བའི་ཚེས4ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུའུ་བཅུ་བཞི་ཡིས་བོད་སྐྱོར་འཛུགས་སྐྲུན་བྱེད་བཞིན་པའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཡི་གྲོང་ཚོའི་བྱིས་གཉོར་ཁང33གྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གཞི་དེ་བསམ་འགྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ལས་འགོ་ཚུགས་པའི་མཛད་སྒོ་བསྡུས། རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྗེས་བསམ་འགྲུབ་རྩེ་ཆུས་ཀྱི་གྲོང་ཚོའི་ལོ3ནས་ལོ6བར་གྱི་བྱིས་པ་བྱིས་གཉོར་ཁང་དུ་ཞུགས་ཚད100%ལ་བསླེབ་རྒྱུ་དང་། གྲོང་ཚོའི་བྱིས་གཉོར་ཁང་དུ་སློབ་ཆེན་སློབ་མའི་དགེ་རྒན་བཀོད་སྒྲིག་བྱེད་ཚད100%ལ་བསླེབ་པ། གཞི་ཁྱོན་ཆུང་བའི་གྲོང་ཚོའི་བྱིས་གཉོར་ཁང་གི་འཛུགས་སྐྲུན་ཚད་ལྡན་ཅན་དུ་གྱུར་ཚད100%བཅས་ལ་བསླེབ་པར་མངོན་འགྱུར་བྱེད་ཐུབ།
          ཀྲུང་གོ་ལྕགས་ལམ་ཅུའུ་བཅུ་བཞི་པའི་བོད་སྐྱོར་གྲོང་ཚོའི་བྱིས་གཉོར་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལས་གཞིའི་དུས་འགོའི་འགན་འཁུར་བ་ཧྥེང་ལང་གིས་བཤད་རྒྱུར། བྱིས་གཉོར་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་ཧྲན་ཏུང་བོད་སྐྱོར་གྱི《གཞི་ཁྱོན་ཆུང་བའི་གྲོང་ཚོ་རིམ་པའི་བྱིས་གཉོར་ཁང་འཛུགས་སྐྲུན་གྱི་ཚད་གཞི》གཞིར་བཟུང་སྟེ་ལག་བསྟར་བྱ་རྒྱུ་དང་། ཐག་རིང་ལུང་ཁུག་གི་གྲོང་ཚོའི་བྱིས་གཉོར་ཁང33གསར་སྐྲུན་དང་། བསྐྱར་སྐྲུན། བསྒྱུར་བཀོད་བཅས་བྱེད་འགོ་རྩོམ་རྒྱུ་ཡིན། བསམ་འགྲུབ་རྩེ་ཆུས་ལྕགས་འདམ་ཤང་ལྷ་ཁུད་གྲོང་ཚོའི་སྐྲུན་ལ་ཉེ་བའི་བྱིས་གཉོར་ཁང་དེར་དཔེར་བཞག་ན། བྱིས་གཉོར་ཁང་དེ་བསྐྲུན་རྗེས་བྱ་འགུལ་ཁང་དང་། ཉལ་ཁང་། ཐབ་ཚང་སོགས་བྱེད་ནུས་ཁུལ་བཀོད་སྒྲིག་བྱ་རྒྱུ་ཡིན་ཏེ། སློབ་ན་མ་སོན་གོང་གི་བྱིས་པ50བསྡུས་ནས་དུས་མཉམ་དུ་སློབ་ཁྲིད་བྱས་ཆོག་ཟེར། 
          2016ལོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་སློབ་གསོའི་བོད་སྐྱོར་དེ་ཁ་གཏད་རོགས་སྐྱོར་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད། ཀྲུང་གོ་ལྕགས་ལམ་ཅུའུ་བཅུ་བཞི་ནི་ཧྲན་ཏུང་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་ཁེ་ལས་ཡིན་པའི་ཆ་ནས། བོད་སྐྱོར་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་ནས་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།  །