དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཧོ་པེར་སློབ་འགོ་ཚུགས་པ།

སྤེལ་དུས 2020-12-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་པའི་མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ཀྱི་ལས་དོན་མི་སྣའི་དུས་ཐུང་གསོ་སྦྱོང་འཛིན་གྲྭ་ཀྲུང་གུང་ཧོ་པེ་ཞིང་ཨུད་ཏང་གི་སློབ་གྲྭ(ཧོ་པེ་སྲིད་འཛིན་སློབ་གླིང)དུ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་གཞི་རིམ་ཤང་དང་གྲོང་རྡལ་གྱི་དྲིལ་བསྒྲགས་ཨུ་ཡོན་དང་རིག་གནས་ས་ཚིགས་ཀྱི་ཀྲན་ཀྲང་སོགས་སློབ་མ་22དུས་ཡུན་ཉིན་15ཡི་གསོ་སྦྱོང་ལ་ཞུགས་པ་རེད།
          ད་ཐེངས་གསོ་སྦྱོང་གི་དམིགས་ཡུལ་ནི་ས་ཁུལ་གྱི་གཞི་རིམ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ལས་དོན་མི་སྣས་དེ་བས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་གཏིང་ཟབ་ཏུ་གཏོང་བ། ཧོ་པེ་དང་བོད་ལྗོངས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན། མངའ་རིས་ས་ཁུལ་གྱི་ལས་དོན་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་དེ་བས་ལེགས་པའི་ངང་དུས་རབས་གསར་པ་དང་དུས་བབ་གསར་པས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་དཀྲིས་པའི་བླང་བྱ་གསར་པ་དང་དེ་བས་འཚམ་ཐུབ་པ་བྱ་ཆེད་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གསོ་སྦྱོང་གི་ནང་དོན་ཁོངས་སུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པ་དང་། རིག་གནས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། ཧོ་པེ་ཞིང་ཆེན་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་སྔོན་ཐོན་ཉམས་མྱོང་སོགས་ཀྱི་ནང་དོན་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་སློབ་ཁང་གི་སློབ་ཁྲིད་དང་། ལད་མོའི་སློབ་ཁྲིད། ཚོགས་པའི་སློབ་ཁྲིད། གྱོད་དཔེ་བགྲོ་གླེང་རྣམ་པའི་སློབ་ཁྲིད། སློབ་མར་མཉམ་སྤྱོད། སློབ་མའི་གླེང་སྟེགས་སོགས་ཀྱི་རྣམ་པ་སྤྱད་དེ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་ཏང་གཤིས་ཞུན་བརྡར་དང་། འདུ་ཤེས་ཟབ་གཏོང་། ལག་ལེན་ལ་མཛུབ་ཁྲིད་བཅས་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།