དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ལྷོ་ཁའི་སློབ་གསོ་སྤུས་ཚད་ལེཌ་པོས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ།

སྤེལ་དུས 2020-12-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པ་བོད་དུ་སླེབས་ནས་ལོ་གཅིག་ལྷག་ཙམ་སོང་ཚུན། བརྟག་ཞིབ་གང་ལེགས་དང་བཞུགས་མོལ་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག་སློབ་གསོའི་བོད་སྐྱོར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་བཟོས་ནས། སློབ་གསོའི་དོ་དམ་ལས་བྱེད་པ་དང་། དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་། སློབ་ཁྲིད་ཁོར་ཡུག་འཛུགས་སྐྱོང་བཅས་ཕྱོགས་གསུམ་གཙོ་གནད་དུ་བཟུང་སྟེ། སྤེལ་རེས་དང་དཔྱད་གཞིར་འཛིན་པ་དང་། བསམ་བློ་ཆབ་སྲིད་སློབ་གསོ་གཏོད་པ། ཆ་སྒྲིག་མཉམ་སྐྲུན་མངོན་འགྱུར་བྱེད་པ། དཔེ་སྟོན་སྣེ་ཁྲིད་འཚོལ་ཞིབ་བྱེད་པ་བཅས་ཀྱི་ཐོག་ནས་ལྷོ་ཁའི་སློབ་གསོ་སྤུས་ཚད་ལེགས་པོས་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ་རེད།
          ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་སློབ་གསོ་བོད་སྐྱོར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ་བྱེད་སྒོ་ཐེངས་མང་སྒྲིག་འཛུགས་བྱས་ཤིང་། 2019ལོའི་ཟླ་12པར། ལྷོ་ཁའི་སློབ་གསོའི་དོ་དམ་ལས་བྱེད་པ་ཁག་གཅིག་པེ་ཅིང་དགེ་འོས་སློབ་ཆེན་དུ་རྒྱལ་ཡོངས་ཀྱི་སློབ་གསོའི་དོ་དམ་ལས་བྱེད་པའི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་བཏང་བ་དང་། ཁོང་ཚོས་སློབ་གསོའི་སྔོན་ཐོན་འདུ་ཤེས་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། 2020ལོའི་ཟླ་4པར། སློབ་གྲྭའི་དབར་གྱི་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཚོ་སྣ་རྫོང་གི་དགེ་རྒན་དཔུང་ཁག་གི་གྲོང་ཁྱེར་ནང་ཁུལ་གྱི་གསོ་སྐྱོང་རྟེན་གཞི་བཙུགས་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཞིང་། ཟླ་10པའི་ཟླ་དཀྱིལ་དུ། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་དོ་དམ་ལས་བྱེད་པ་དང་རྐང་འཛིན་དགེ་རྒན་15ཧོ་ཕེ་རུ་ལོ་གཅིག་གནས་སྦྱར་སློབ་སྦྱོང་ལ་བཏང་བ་དང་ཆབས་ཅིག མཚོ་སྣ་རྫོང་གི་སློབ་གསོའི་དོ་དམ་ལས་བྱེད་པ་དང་རྐང་འཛིན་དགེ་རྒན་20ཁག་གཉིས་ལ་བགོས་ནས་ཨན་ཧྲན་དུ་སློབ་སྦྱོང་ལ་་བཏང་བ་རེད།
          ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཀུན་སྤྱོད་སློབ་གསོ་དེ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས། “སྤུས་རྟགས་ཅན་གྱི་བྱེད་སྒོ་དང་། ཆེད་ལས་ཅན་གྱི་ཤེས་ལྡན་པ། སྤྱི་ཚོགས་ཅན་གྱི་རྟེན་གཞི”བཅས་ཀྱི་ཀུན་སྤྱོད་སློབ་གསོའི་ལས་ཀའི་བསམ་ཕྱོགས་གསར་པ་བཏོན་ནས། འབྲེལ་ཡོད་སློབ་གྲྭར་ཀུན་སྤྱོད་སློབ་གསོའི་མཐོ་སའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད། “སློབ་འགོ་ཚུགས་པའི་ཉིན་དང་པོ”དང་། “ང་དང་ང་ཡི་མེས་རྒྱལ” “སྲོལ་རྒྱུན་རིག་གནས་ལེགས་པར་བརྗོད་ནས་ཨན་བོད་དབར་གྱི་བརྩེ་དུང་ཟབ་ཏུ་གཏོང”སོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
          ནམ་ཡང་གནས་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་ཆེད། ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དང་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སློབ་གྲྭ་དང་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ནས། “གཞན་བརྟེན”ནས“རང་བརྟེན”དུ་སྒྱུར་ཐབས་བྱས་ཏེ་སློབ་གསོ་བོད་སྐྱོར་གྱི་ལས་དོན་ནང་དོན་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཨན་ཧུའེ་ཞིང་ཆེན་གྱིས་ཕུལ་བྱུང་དགེ་རྒན་46བདམས་ནས་སློབ་གསོ་བོད་སྐྱོར་བྱ་གཞག་ནང་ཞུགས་པའི་ཁྲོད་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་20དང་། “མི་ཁྲིའི་འཆར་གཞིའི”བོད་སྐྱོར་དགེ་རྒན་26ཡོད་པ་དེ་དག་གིས་ལྷོ་ཁ་གྲོང་ཁྱེར་གྱི་རྨང་གཞིའི་སློབ་གསོའི་རྨང་གཞི་བརྟན་དུ་ནུས་ལྡན་བཏང་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།