ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་བོད་དུ་འཚོགས་པ།

སྤེལ་དུས 2021-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ་8ཚེས་4ཉིན“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱུན་གཏན་ལས་དོན་ལ་དོ་དམ་བྱེད་མཁན་པུའུ་ཀྲང་གཞོན་པ་ཅང་ཤིན་ཀྲི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏང་ཙུའི་ཁོངས་མི་ལི་པིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་ཀྱང་གནང་བ། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཏང་ཙུའི་ཁོངས་མི་སུན་ཡའོ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་དབྱི་ཧྥེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་ཐོབ་མཁན་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད།
          ཚོགས་འདུའི་ཐོག་བསྟན་དོན། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་སྤེལ་བ་ནི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་གྱི་དམངས་འཚོའི་འདུ་འགོད་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འདུ་འགོད་ཅིག་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཤིན་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཟབ་ཏུ་གཏོང་དགོས། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ལས་བོད་དང་ཤིན་ཅང་གི་རོགས་སྐྱོར་ཐོབ་པའི་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། བོད་ཀྱི་རྨང་གཞིའི་སློབ་གསོའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བོད་དང་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་བཅས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོད་སེམས་བརྟན་དུ་གཏོང་དགོས། སྨན་བཅོས་རོགས་སྐྱོར་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྨན་བཅོས་རོགས་སྐྱོར་གྱི་སྟོབས་ཤུགས་རྫོང་རིམ་པར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང“ཚོགས་སྒྲིག་ཆུང་ངུའི”རོགས་སྐྱོར་གྱིས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་གཙོ་གནད་ཐོག་ཤུགས་བརྒྱབ་ནས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། 
རྩོམ་སྒྲིག་པ། བདེ་སྒྲོལ།