ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ནད་གཞི་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

སྤེལ་དུས 2021-09-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཉེ་དུས། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཤར་ཕྱོགས་རྒྱུ་ནོར་འཛིན་ལོར་དང་པེ་ཅིང་སློབ་ཆེན་གྱི་སྨན་ཁང་གསུམ་པ་དང་མཉམ་དུ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། ཏང་དར་གྱི་འོད་སྣང་འཚེར་བ་བྱེད་པ། བོད་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བ”བཅས་ཀྱི་ལག་ལེན་བྱེད་སྒོའི་གྲས་ཤིག་སྟེ། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི“ཤར་ཕྱོགས་རྒྱུ་ནོར་གྱི་དགེ་སྒྲུབ”སྤྱི་ཕན་རྣམ་གྲངས་ཀྱི་ས་མཐོའི་ནད་གཞི་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
            བྱེད་སྒོ་སྤེལ་རིང་། པེ་ཅིང་སློབ་ཆེན་གྱི་སྨན་ཁང་གསུམ་པའི་དབང་རྩའི་ཁོག་ནད་ཀྱི་བོད་སྐྱོར་རིགས་གཅིག་མཁས་ཅན་ཝང་ལི་ཕིང་གིས་དོས་དྲག་ཀླད་ཁྲག་ཤོར་བའི་ཐོག་མའི་ནད་རྟགས་དབྱེ་འབྱེད་དང་མྱུར་སྐྱོབ་བྱ་ཐབས་བསླབས་པ་དང་། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་སྙིང་དང་ཁྲག་རྩའི་ཚན་ཁག་གི་རིགས་གཅིག་མཁས་ཅན་ཝུའུ་ཚུན་ཚའོ་ཡིས་ཁྲག་ཤེད་མཐོ་བའི་ནད་གཞི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ངོ་སྤྲོད་བྱས་པ། ཀྲུང་གོ་གསོ་རིག་སློབ་གླིང་པགས་ནད་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ཀྲང་ཝུའེ་ཡིས་ས་མཐོའི་སྨུག་ཕྱིའི་འོད་ཟེར་འགོག་ཟོན་དང་ངོ་གདོང་བདག་གཅེས་ཀྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་པས། བྱེད་སྒོར་ཞུགས་མཁན་ཚོར་ཕན་ཐོགས་ཆེན་པོ་བྱུང་བ་རེད།
            སྒྲོག་འགྲེལ་མཇུག་འགྲིལ་རྗེས་རིགས་གཅིག་མཁས་ཅན་12ཀྱིས་འོས་འགན་སྨན་བཅོས་བྱས་ཤིང་། དབང་རྩའི་ཁོག་ནད་ཚན་ཁག་དང་། སྙིང་དང་ཁྲག་རྩའི་ཚན་ཁག གྲུམ་ནད་ཚན་ཁག་སོགས་ལས་གྲུབ་པའི་ཚན་ཁག་11གིས་དེ་གར་ཡོད་པའི་མི་སྣའི་བློ་འདྲི་དང་ལེན་བྱས་པ་དང་གཟུགས་པོ་བརྟག་དཔྱད་ཀྱི་འབྲས་བུར་འགྲེལ་བཤད་བརྒྱབ་པ་མ་ཟད། ནད་གཞིར་གཞིགས་ནས་སྨན(པེ་ཅིང་སློབ་ཆེན་གྱི་སྨན་ཁང་གསུམ་པས་ཞལ་འདེབས་བརྒྱབ)སྤྲད་པ་རེད། རིགས་གཅིག་མཁས་ཅན་ཚོས་ངོ་ཐུག་གདོང་འཕྲད་ཀྱིས་སྨན་བཅོས་དང་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས་པ་ལས། མང་ཚོགས་ཚོར་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་འདེགས་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད། གྲོང་མི་བྱམས་པ་བཀྲ་ཤིས་ཀྱིས་གསར་འགོད་པར“རིགས་གཅིག་མཁས་ཅན་ཚོས་འགྲེལ་བཤད་བརྒྱབ་པ་བརྒྱུད། ས་མཐོའི་ནད་གཞི་ཁ་ཤས་ལ་རྒྱུས་མངའ་གང་ཙམ་བྱུང་། སླད་ཕྱིན་འཚོ་བའི་ཁྲོད་གནས་ཚུལ་འདིའི་རིགས་འཕྲད་ཚེ་ཇི་ལྟར་བྱེད་དགོས་མིན་གསལ་པོ་ཤེས་སོང་། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ད་དུང་ང་ཚོར་རྒྱུ་ནོར་བདག་གཉེར་གྱི་ཤེས་བྱ་ཁྱབ་གདལ་བཏང་བྱུང་བས་ཧ་ཅང་མཁོ་ཆོད་པོ་འདུག”ཅེས་བརྗོད་བྱུང་།
རྩོམ་སྒྲིག་པ། བདེ་སྒྲོལ།