བྱང་ཐང་དུ་དངོས་ཟོག་འབེལ་བས་དགུན་གཞུང་རིང་མོར་སེམས་ཁྲལ་མེད།
སྤེལ་དུས 2023-12-22
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
འདི་ནི་ཉི་མ་རྫོང་སྔོན་ཆུ་ཤང་དམར་ཆེན་གྲོང་ཚོའི་འབྲོག་མོ་དཀར་འཛོམས་ཀྱིས་ཐབ་ལ་མེ་བཏང་ནས་ཇ་སྐོལ་བཞིན་པ།
འདི་ནི་ཉི་མ་རྫོང་སྔོན་ཆུ་ཤང་གི་ཞིང་འབྲོག་ཆེད་དོན་ལས་སྒྲུབ་པ་བསོད་ནམས་སྐལ་བཟང་གིས་སྔོན་ཆུ་ཤང་གི་ཞིང་འབྲོག་ལས་གནོད་སྐྱོན་འགོག་ཟོན་གྱི་དངོས་ཟོག་གྲབས་མཛོད་ཁང་དུ་སྲིང་བལ་གྱོན་ཆས་དང་སྲིང་བལ་ཕོ་ཁེབས་རྩིས་རྒྱག་བཞིན་པ།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ནི་བྱང་ཐང་གི་མཐིལ་དུ་གནས་ཤིང་། ས་ཆ་དེ་མི་མེད་ལུང་སྟོང་དང་ཐག་ཉེ་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི5000ཟིན་པ་དང་། ཞིང་འབྲོག་ལས་གཙོ་བོར་གཉེར་གྱི་ཡོད་ཅིང་ཆ་རྐྱེན་ཞན་ཙམ་ཡོད་པ་རེད། དགུན་ཁའི་གྲང་ཟུག་མ་སླེབས་གོང་ཉི་མ་རྫོང་གི་སྡེ་ཚན་ཁག་གིས་མང་ཚོགས་དྲོ་སྐྱིད་ངང་དགུན་སྒྲོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་དངོས་ཟོག་འབེལ་པོ་གྲ་སྒྲིག་ཐུབ་པར་བྱས་པས་ཁང་པ་དྲོ་སོབ་སོབ་ཏུ་གྱུར་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།