ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

རྒྱལ་ཡོངས་ཚོང་དོན་བོད་སྐྱོར་གྱི་ལས་དོན་ཚོགས་འདུ་འཚོགས་པ།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཟླ་8ཚེས་15ཉིན་རྒྱལ་ཡོངས་ཚོང་དོན་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

          ཟླ་8ཚེས་15ཉིན་རྒྱལ་ཡོངས་ཚོང་དོན་བོད་སྐྱོར་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ"ལོ་ལྔ་ཚན་བཅུ་གཉིས་པ"ཚུན་གྱི་རྒྱལ་ཡོངས་ཚོང་དོན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་དུས་སྐབས་གསར་པའི་ཚོང་དོན་བོད་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

ཚོང་དོན་པུའི་ཏང་ཙུའུ་ཡི་ཧྲུའུ་ཅི་པུའུ་ཀྲང་ཀྲུང་ཧྲན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་གནང་བ།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ། ཚོང་དོན་པུའི་པུའུ་ཀྲང་གི་ལས་རོགས་ལི་ཁྲེང་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཙེང་དབན་མིང་དང་། ཅང་ཅེ། ཧྥང་ལིན་མིན་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྐར་མ་དང་། ངག་དབང་། ལུའོ་མེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

          ཀྲུང་ཧྲན་གྱིས་དང་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཡག་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་ལ་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

           ཀྲུང་ཧྲན་གྱིས་བོད་སྐྱོར་ལས་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་དང་། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་རྣམ་པའི་བརྟན་གཏོང་འཕེལ་རྒྱས། "ལོ་བརྒྱ་གཉིས"ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བཅས་དང་འབྲེལ་བ་ཡོད། རྒྱལ་ཡོངས་ཚོང་དོན་ཁོངས་གཏོགས་ཀྱིས་དུས་སྐབས་གསར་པའི་ཚོང་དོན་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཐོ་ཚད་ཐོག་ནས་བོད་སྐྱོར་ལས་དོན་ལ་རྒྱུས་མངའ་ལོན་པ་དང་ལྟ་སྟངས་འཛིན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་དམ་པོར་དམིགས་པ། བསམ་བློའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་བཅས་བྱས་ནས་བོད་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། གཅིག་ནས"འདུ་ཤེས་བཞི"ཟབ་ཏུ་གཏོང་དགོས་ཤིང་། ཚོང་དོན་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང"སློབ་སྦྱོང་གཉིས་དང་ཚད་ལོན་གཅིག"གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུའི་ནང་དོན་གལ་ཆེན་དུ་བརྩིས་ཏེ་ཚོང་དོན་སྤྱི་ཡོངས་ཀྱི་ལས་ཀའི་སྤྱི་འདོམས་བསམ་གཞིགས་ནང་འཇུག་པ་དང་མི་སྣ་དང་། མ་དངུལ། རྣམ་གྲངས། སྲིད་ཇུས་བཅས་བཀོད་སྒྲིག་བྱེད་སྐབས་སྔོན་ལ་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་དགོས་ཤིང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཚོང་དོན་བོད་སྐྱོར་ལས་ཀའི་ལམ་སྲོལ་འཛུགས་པ་དང་། བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་། སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན། ཕྱི་ནང་དུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་དང་། ལྷག་དོན་དུ་བོད་སྐྱོར་མ་དངུལ་དང་རྣམ་གྲངས་གཙོ་གནད་ཐོག་གཞི་རིམ་དང་། ས་ཁུལ་དབུལ་པོ། དམངས་འཚོའི་ཁྱབ་ཁོངས་བཅས་སུ་ཕྱོགས་ཏེ་ཚོང་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོས་སྔར་བས་མང་བ་དང་སྔར་བས་དྲང་སྙོམས་ངང་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པ། གསུམ་ནས་ཚོང་དོན་བོད་སྐྱོར་གྱི་དམིགས་ས་དང་ཤུགས་རྒྱག་ས་གནད་འཁེལ་འཚོལ་དགོས་ཤིང་། དམིགས་ས་དང་ཤུགས་རྒྱག་ས་ཡིན་པའི་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་པ་དང་། འགོ་འཛུགས་ས་དང་དོན་ལ་འབབ་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམིགས་པ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་མཉམ་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚོང་དོན་བོད་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། རྒྱལ་ཡོངས་ཚོང་དོན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པས"བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས"དང"ལམ་གཉིས་ཀྱི་སྙིང་སྟོབས"རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ལུས་ཚུགས་པ་དང་སེམས་གནས་པ་བྱེད་པ། བོད་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཚོང་དོན་ལས་བྱེད་པའི་གཟུགས་བརྙན་ཡག་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

          ཝུའུ་དབྱིང་ཅེས་ཤིས་ཚིག་སྒྲོན་སྐབས། ཏང་ཀྲུང་དབྱང་གིས་སྔར་ནས་ད་བར་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་ལ་བརྩེ་སེམས་བཅངས་ཏེ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་གལ་ཆེན་གཏན་ལ་ཕབ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་དམིགས་ཚད་ལས་འགན་གསལ་པོ་བཟོས་པ་དང་། འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་བྱས་པ། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་བཅས་བྱས་ཏེ་ང་ཚོར་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། གཞི་རྩའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་གལ་ཆེན་བསྣན་པ་བཅས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས"འདུ་ཤེས་བཞི"བརྟན་པོར་འཛུགས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཛུབ་སྟོན་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་འགན་ལེན་དུ་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་པར་བོད་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་གང་ལེགས་ཚོར་བ་དང་སེམས་གཏིང་ནས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅིར་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

          ཝུའུ་དབྱིང་ཅེས་2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་ང་ཚོ་རང་ཉིད་ཀྱིས་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་བྱེད་དགོས་ལ། ཀྲུང་དབྱང་དང་། རྒྱལ་ཁབ་པུའུ་ཨུད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་དང་དེ་བས་ཁ་བྲལ་ཐབས་མེད། ཚོང་དོན་པུའུ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་རང་ལྗོངས་ཀྱི་ཚོང་དོན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ཚོང་དོན་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་སྟངས་ལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཚོང་དོན་བོད་སྐྱོར་དེ་བས་གནད་འཁེལ་དང་དེ་བས་ཞིབ་ཚགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ང་ཚོར་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་རོགས་རམ་བྱས་ཏེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན་འཛུགས་རྒྱུར་དམིགས་པ་དང་ནས་ཐོན་འཕར་དང་འབྲི་གཡག་རྒྱགས་གསོ་ཡག་པོ་བྱས་ནས་བོད་ཀྱི་ཚོང་དོན་འགྲོ་རྒྱུག་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། རང་ལྗོངས་ཀྱི་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་དང་མགྱོགས་མྱུར་མཉམ་བསྲེས་ཐུབ་པ་དང་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་སྐྲུན་པའི་ནང་ཞུགས་པ། ཧི་མ་ལ་ཡ་སྐོར་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་པ། བོད་ཀྱི་ཚོང་དོན་ལས་བྱེད་པ་གསོ་སྦྱོང་འཆར་གཞི་མུ་མཐུད་ལག་ལེན་བསྟར་ནས་རང་ལྗོངས་ཀྱི་ཚོང་དོན་ཤེས་ལྡན་མི་སྣའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

         ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ཚོང་དོན་སྡེ་ཚན་གྱིས་རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཚོང་དོན་བོད་སྐྱོར་ལས་དོན་གནས་བབ་གལ་ཆེན་ཐོག་འཇོག་པ་དང་ཉིན་རེའི་གྲོས་རིམ་ནང་བཅུག་ནས་རོགས་སྐྱོར་དང་ལེན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། སྦྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ཚོང་དོན་བོད་སྐྱོར་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱས་ནས་ཚོང་དོན་བོད་སྐྱོར་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། རྒྱ་ཆེའི་ཚོང་དོན་བོད་སྐྱོར་ལས་བྱེད་པས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ཏེ་དད་ལྡན་མང་ཚོགས་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ཤུགས་ཆུང་དུ་གཏོང་བ་དང་། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

          ཚོགས་འདུའི་ཐོག་ཚོང་དོན་པུའུ་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་མཉམ་ལས་གྲོས་མཐུན་བཞག་པ་དང་ཀྲུང་ཧྲན་དང་ཆེ་དགྲ་ལྷས་ཕྱོགས་གཉིས་པོའི་ཚབ་ཞུས་ཏེ་གྲོས་མཐུན་ཐོག་མིང་རྟགས་བཀོད་གནང་བ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་དང་གྲོང་ཁྱེར(ས་ཁུལ)ཁག་གཅིག་དབར་གན་རྒྱ་འཇོག་པའི་མཛད་སྒོ་གཉེར་བ། བོད་ལྗོངས་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་དང་། ཀྲེ་ཅང་། ཀོང་ཏུང་སོགས་ཚོང་དོན་གཙོ་གཉེར་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཚོས་སྤེལ་རེས་དང་གཏམ་བཤད་གནང་བ་རེད།