ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

xའཛམ་གླིང་ཡང་རྩེས་ཀོང་ཏུང་གི"གོས་དཀར་ལྷ་རྗེ"བསུས།

ཀོང་ཏུང་གི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱིས་ས་མཐོའི་མི་དམངས་ཀྱི་བདེ་ཐང་སྲུང་བ།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཟླ་8ཚེས་3ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ནད་ཁང་དུ་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་བོད་སྐྱོར་སྨན་པ་ཀུང་ཞའོ་ཧྥིང(གཡས)དང་པེ་ཅིང་ཐེན་ཐན་སྨན་ཁང་གི་བོད་སྐྱོར་སྨན་པ་ལི་ཅཱ་མོའུ་ཡིས་ནད་པའི་གློག་པར་ལ་ལྟ་བའི་གནས་ཚུལ་ཡིན་པ།
 
          ICUལྟ་སྐྱོང་ཆུ་ཚད་གང་འདྲ་འདུག་གམ། སྒྲིག་བཀོད་སྔོན་ཐོན་རེད་འདུག་གམ་ཞེས་པའི་དྲི་བ་དེ་དག་སྨན་ཁང་ཞིག་གི་ཆུ་ཚད་དཔྱད་བསྡུར་བྱེད་པའི་མཚོན་རྟགས་གལ་ཆེན་དུ་གྱུར་ཡོད། ཟླ་བདུན་པའི་ཟླ་མཇུག་བར་ཀོང་ཏུང་གི་བོད་སྐྱོར་སྨན་པའི་རོགས་རམ་འོག་ཉིང་ཁྲི་གྲོང་ཁྱེར་དུ་ལོ་རྒྱུས་ཐོག་གི་ICUནད་ཁང་དང་པོ་དེ་བཙུགས།

          1982ལོ་ནས་2017ལོའི་ལོ་སྟོད་བར་ཀོང་ཏུང་ཞིང་ཆེན་གྱིས་ཁྱོན་བསྡོམས་རྩ་སྦྲིད་སྔོན་འགོག་ལས་དོན་རུ་ཁག་ཁག་3དང་སྨན་བཅོས་རུ་མི་ཁག་ཐེངས་33ལྷོ་ཁ་དང་། ནག་ཆུ། ཉིང་ཁྲི་སོགས་ས་ཆར་བཏང་བ་རེད། ཉེ་དུས། གསར་འགོད་པ་བོད་དུ་བཅར་འདྲི་བྱེད་སྐབས་ཀོང་ཏུང་ནས་ཡོང་བའི"གོས་དཀར་ལྷ་རྗེས"ལོ་30ལྷག་ཙམ་རིང་རང་ཉིད་ཀྱི་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་བདེ་ཐང་དབུལ་སྐྱོར་གྱི་འགག་སྒྲོལ་དམག་འཐབ་བརྒྱབ་དང་རྒྱག་མུས་ཡིན་པ་ཤེས་རྟོགས་བྱུང་།

          ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱིས་གནད་ལ་འཕིགས་པའི་སྒོ་ནས་བདེ་ཐང་དབུལ་སྐྱོར་བྱས་པ།

          འདི་ལོའི་ཟླ་4ཚེས་10ཉིན་ཀུན་རྟོགས་སྨིན་མོའི་གྲོད་ཁོག་ལ་ན་ཟུག་ཆེན་པོ་བརྒྱབ་པས། སྤོ་བོ་རྫོང་མི་དམངས་སྨན་ཁང་གི་བུ་བཙའ་མོ་ནད་ཚན་ཁག་ལ་ནད་གཞི་བལྟས། སྤོ་བོ་རྫོང་གི་ཁག་གཉིས་པའི་བོད་སྐྱོར་སྨན་བཅོས་རུ་དཔོན། ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཕོ་རྒྱུ་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཁྲེན་ཤེ་ཝུན་གྱིས་རྒྱུ་གཟེར་ལས་རྒྱུ་མའི་ནུས་པ་ཉམས་པའི་ངོས་འཛིན་བྱས། དེ་རྗེས་ཆུ་ཚོད་3ཙམ་མྱུར་སྐྱོབ་བྱས་མཐར་ནད་པ་སྲོག་ཉེན་ལས་མཐར།

         "བོད་དུ་ཡོང་ནས་དོན་སྙིང་ལྡན་ཤོས་ནི་དེ་ལྟ་བུའི་བྱ་བ་རེད། སྟབས་ལེགས་པ་ཞིག་ལ་ང་རང་གནས་དེ་གར་ཡོད་པའི་ཁར་རང་ཉིད་ཀྱིས་ལག་རྩལ་དེ་ཤེས་ཀྱི་ཡོད་པས། ནད་པ་ཚང་མ་སྲོག་ཉེན་ལས་སྐྱོབ་རྒྱུ་ཡིན"ཞེས་ཁྲེན་ཤེ་ཝུན་གྱིས་བརྗོད།

         "ཆེད་མངགས་ལྷ་སར་སྐྱོད་མི་དགོས་པར་རང་ཁྱིམ་གྱི་སྒོ་རྩ་ནས་ཟུངས་ཁྲག་བརྟག་དཔྱད་ཐུབ་པས་དངོས་འབྲེལ་ཡག་པོ་འདུག" གསར་འགོད་པས་ད་ལོ་ལོ་30ལ་སླེབས་པའི་མིག་དམར་ཚེ་རིང་འཕྲད་སྐབས་ཁོང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཉལ་ཁྲིའི་ཐོག་བརྟག་དཔྱད་བྱེད་བཞིན་ཡོད། ལོ་6ལྷག་ཙམ་གྱི་གོང་མིག་དམར་ཚེ་རིང་གི་མཁལ་ནུས་ཉམས་ཡོད། ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པས། རང་ཉིད་བཟའ་མི་བུ་ཕྲུག་དང་ཁ་བྲལ་ཏེ་སྤྱི་ལེ་500ལྷག་ཙམ་གྱི་ལྷ་སར་ཁྲག་བརྟག་དཔྱད་བྱེད་པར་བསྐྱོད། "གཟའ་འཁོར་རེར་ཁྲག་བརྟག་དཔྱད་ཐེངས་2ནས་3བར་བྱེད་དགོས་པའི་ཁར་ལྷ་སར་ཁང་པ་གཡར་ནས་སྨན་བཅོས་བྱེད་སྐབས་འགྲོ་སོང་ཡང་མང་པོ་འགྲོ་གི་འདུག"ཅེས་བཤད།

           2017ལོའི་ཟླ་གསུམ་པར་ཀོང་ཏུང་ཞིང་ཆེན་གྱི་ཁག་གཉིས་པའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཟུངས་ཁྲག་དྭངས་གསིང་ལྟེ་གནས་བཙུགས་པས། ཉིང་ཁྲིར་ཁྲག་དྭངས་གསིང་སྨན་བཅོས་ལག་རྩལ་མེད་པའི་སྟོང་ཆ་བསྐངས་པ་རེད།

         "ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་གཅིག་བཙུགས་པ"

          ཕྲུ་གུའི་སྐད་སྒྲ་དང་པོ་དེ་ཐོས་སྐབས་བྱམས་པ་ཆོས་སྒྲོན་གྱི་བཞིན་ནས་འཛུམ་མདངས་འཕྱུར། ཟླ་7ཚེས་18ཉིན་ཁོང་ལ"སྦྲུམ་མའི་དོས་དྲག་ནད"ཕོག་ནས་སྤོ་བོ་རྫོང་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱས།

          ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་བྲག་ཡིབ་གྲོང་རྡལ་ནས་བར་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པའི་སྤོ་བོ་རྫོང་ནི་རྒྱལ་ལམ་318བརྒྱུད་ཀྱི་ས་ཚིགས་གལ་ཆེན་ཞིག་རེད། ཕྱི་ཕྱོགས་སུ་སྐྱོད་པའི་གཞུང་ལམ་ལ་ས་གཤིས་ཀྱི་གནོད་འཚེ་བསྟུད་མར་ཐོན་ནས་རྟག་ཏུ་འགག་འགྲོ་བས་ལམ་འདི་སྐབས་འགར་ནད་གཞི་ལྕི་པོ་ཕོག་པའི་ནད་པའི་དམྱལ་བའི་ལམ་དུའང་འགྱུར་གྱི་ཡོད།

          སྤོ་བོ་རྫོང་མི་དམངས་སྨན་ཁང་བུད་མེད་ཚན་ཁག་གི་ཀྲུའུ་རེན་ལི་ཤའོ་ཅེས་ཀོང་ཏུང་གི་སྨན་པ་སྤོ་བོ་རྫོང་དུ་སླེབས་པ་ནས་བཟུང་གཤགས་བཅོས་མི་ཉུང་བ་ཞིག་བྱེད་ཐུབ་པའི་ཁར་ནད་གཞི་ལྕི་པོ་ཕོག་མཁན་ཁག་གཅིག་ཀྱང་སྨན་ཁང་སྒྱུར་དགོས་བྱུང་མེད་ཅེས་བརྗོད།

          ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་གཅིན་ལམ་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ། སྤོ་བོ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཏའེ་ཆི་ཧྲན་གྱིས"ནམ་ཡང་གནས་པའི་སྨན་བཅོས་རུ་ཁག"གཅིག་འཛུགས་རྒྱུ་དང་ནད་པ་གཞི་རིམ་ནས་སྨན་བཅོས་ཐུབ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

          ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣའི་ཞན་ཆ་གསབ་ཆེད་ཀོང་ཏུང་ཞིང་ཆེན་ཁག་གཉིས་པའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་རུ་ཁག་གིས་གསོ་སྦྱོང་འཛིན་གྲྭ་གཉེར་ནས་སློབ་མ་21སློབ་མཐར་ཕྱིན་པ་རེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་མི་ཐེངས་29ཁག་3ལ་བགོས་ཏེ་ཀོང་ཏུང་ཞིང་ཆེན་ལྷོ་ཕྱོགས་སྨན་ཁང་སོགས་སྨན་བཅོས་སྒྲིག་གཞིར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་སྔ་རྗེས་སུ་བཏང་ཡོད།

          ད་ལོ་ལོ་20ལྷག་ཙམ་ལ་སླེབས་པའི་རྫ་ཡུལ་རྫོང་གི་སྨན་པ་སྐལ་བཟང་དབང་འདུས་མི་རིང་བའི་གོང་ཧྲེན་ཀྲེན་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་ཡོད། ཁོང་གིས"དེ་སྔ་སྨན་ཁང་ཆེ་མོ་ནས་མ་གཏོགས་སྨན་བཅོས་མ་ཐུབ་པའི་ནད་གཞི་ད་ལྟ་ང་ཚོའི་རྫོང་དུ་སྨན་བཅོས་ཐུབ་པས། ང་ཚོའི་ངོས་ནས་བརྗོད་ན་དངོས་གནས་བྱ་བ་བཟང་པོ་ཞིག་རེད"ཅེས་བཤད།

         "ཤར་ནུབ་སྒྲོལ་བའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ཞིག་བཙུགས་པ"

          རྫ་ཡུལ་རྫོང་ནི་འཛམ་གླིང་ཡང་རྩེའི་ཤར་ལྷོའི་མཚམས་སུ་གནས་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་འབའ་ཞིག་དེ་རེད། ཆ་རྐྱེན་ཡག་པའི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཐེངས་གཅིག་སྐྱོད་དགོས་ཚེ་ལམ་དུ་ཆུ་ཚོད་བཅུ་གྲངས་འགོར་བས། རྫ་ཡུལ་གྱི་གྲོང་མིས"ན་ཕོད་ཀྱི་མི་འདུག"ཅེས་ཤོད་ཀྱི་ཡོད།

          ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་རྫ་ཡུལ་རྫོང་དུ་འབྱོར་བའི་ཉིན་གསུམ་པར་རྫ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་གནས་ཚུལ་ལ་བརྟག་ཞིབ་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་པའི་སྨན་བཅོས་བོད་སྐྱོར་བསམ་ཕྱོགས་བཏོན།

          ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་། རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀུའུ་ཏུང་ཀྲུང་གིས"སླད་ཕྱིན་རྫ་ཡུལ་རྫོང་དུ་རིམ་པ་གཉིས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་བསྐྲུན་ནས་རྫ་ཡུལ་གྱི་སྨན་བཅོས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་མ་ཟད། མཐའ་འཁོར་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཡང་ཁྱབ་འགྱེད་ཐུབ་པ་བྱ་རྒྱུ་ཡིན"ཞེས་བརྗོད།

        "རྫ་ཡུལ་གྱི་སྨན་བཅོས་སྒྲིག་བཀོད་དང་ཤེས་ལྡན་མི་སྣར་རོགས་སྐྱོར་བྱས་པ་ཕུད། ང་ཚོས་ཤར་ནུབ་སྒྲོལ་བའི་ཐར་ཐོར་རྣམ་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུར་ཤུགས་རྒྱག་བཞིན་ཡོད"རྫ་ཡུལ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེན་ཀྲེན་ཧྥུའུ་ཐེན་ཆུས་དཔལ་འབྱོར་སྐུལ་འདེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེའང་ཀྲུང་ཡོན་གྱིས་སྨན་ཁང་བཙུགས་རྗེས་ཧྲེན་ཀྲེན་སྨན་ཁང་དང་ལས་སྒོའི་སྦྲེལ་ཐག་བཙུགས་ནས་རྒྱང་ཁྲིད་སྨན་བཅོས་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་ཐད་ནུས་པ་འདོན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

         "བོད་སྐྱོར་སྨན་བཅོས་རུ་ཁག་ཉིང་ཁྲིར་སླེབས་རྗེས་ས་གནས་དེ་གའི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད"ལྷོ་ཕྱོགས་སྨན་ཁང་འཚིག་རྨས་ཁོའོ་ཡི་ཀྲུའུ་རེན་ཀོང་ཏུང་ཞིང་ཆེན་གྱི་ཁག་གཉིས་པའི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རུ་ཁག་གི་རུ་དཔོན་དབྱང་ལེ་ཡིས་ཁག་གཉིས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མིས་སྔོན་ཐོན་ལག་རྩལ་40ལྷག་ཙམ་སློབ་ཁྲིད་བྱས་པ་མ་ཟད། བོད་སྐྱོར་བྱེད་རིང་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་22རེ་ཞུ་བྱས་ཡོད་ཅེས་ངོ་སྤྲོད་བྱས་ཡོད།

         ཤར་ནུབ་སྒྲོལ་བའི"སྨན་བཅོས་མཉམ་འབྲེལ་སྒྲིག་གཞི"རེ་རེས་ནུབ་རྒྱུད་ཀྱི་བདེ་ཐང་མྱུར་ཚད་རིམ་གྱིས་སྤོར་བཞིན་ཡོད་པ་རེད།