ཆབ་མདོར་བོད་སྐྱོར་བྱེད་སྟངས"ཆུ་འདྲེན་རྣམ་པ"ནས"ལས་སྟེགས་རྣམ་པར"བསྒྱུར་བ།
སྤེལ་དུས 2017-08-29
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཆབ་མདོའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་ལས་དོན་སྤེལ་སྐབས་དཔལ་འབྱོར་རོགས་སྐྱོར་གྱི"ཆུ་འདྲེན་རྣམ་པར"གཙོ་བོ་བརྟེན་རྒྱུར་དམིགས་ནས་གྲོང་ཁྱེར་གཉིས་ཀྱི་ཁེ་ལས་དྲུག་གི་བོད་སྐྱོར་ཐོན་ཁུངས་གཅིག་འདོམས་ཧུར་ཐག་དང་། ལས་བྱེད་པའི་བོད་སྐྱོར་རྨང་གཞིར་དང་དཔལ་འབྱོར་བོད་སྐྱོར་འདེགས་སྐྱོར། ས་ཁོངས་མཉམ་ལས་སྦྲེལ་ཐག་བཅས་སུ་བྱས་ཏེ་ཕྱོགས་མང་བ་དང་། རིམ་པ་མང་བ། ཁྱབ་ཁོངས་མང་བ་བཅས་ཀྱི་བོད་སྐྱོར་གྱི"ལས་སྟེགས་ཆེ་མོ"ཞིག་ཧུར་ཐག་བཏོད་ཁར། ཆབ་མདོར་རེས་འཁོར་གསར་པའི་འཕེལ་རྒྱས་མཐོ་རླབས་ཤིག་ཀྱང་འཕྱུར་བར་བྱས་པ་རེད།
ཕྱོགས་བསྡུས་རོགས་སྐྱོར་གྱིས"རྒྱབ་ཕྱོགས་ཀྱི་སྐུལ་འདེད་ལས་སྟེགས"བཏོད་པ། ཁྲུང་ཆིང་དང་ཐེན་ཅིན་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཆབ་མདོ་གྲོང་ཁྱེར་དབར་མཐུན་སྦྱོར་སྦྲེལ་མཐུད་བྱས་ནས་འཆར་གཞིའི་ནང་ཚུད་པའི་མ་དངུལ་འཕར་བའི་ལམ་སྲོལ་དང་། ཤེས་ལྡན་མི་སྣའི་ཁ་གཏད་རོགས་སྐྱོར་ལམ་སྲོལ། ཏང་སྲིད་ལས་བྱེད་པའི་གསོ་སྦྱོང་དང་བེད་སྤྱོད་ལམ་སྲོལ། ས་ཁོངས་མཉམ་ལས་ཐོན་ཁུངས་གསར་སྤེལ་ལམ་སྲོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས་འཐབ་ཇུས་མཉམ་ལས། གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད། ཁུལ་གསར་འཛུགས་སྐྲུན་རོགས་སྐྱོར་སོགས་ཐད་ཀྱི་ཕུགས་ཕན་རོགས་སྐྱོར་ལམ་སྲོལ་བཅས་རིམ་གྱིས་བཙུགས་པས། བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
གནད་འཁེལ་རོགས་སྐྱོར་གྱིས"རིག་ནུས་རོགས་སྐྱོར་ལས་སྟེགས"བཏོད་པ། བོད་སྐྱོར་ཚན་པ་ཁག་གིས་བོད་སྐྱོར་ལས་བྱེད་པ་ཧྲག་སྒྲུག་བྱེད་པའི་རྨང་གཞིའི་ཐོག ཆབ་མདོའི་འཕེལ་རྒྱས་ལ་མཁོ་བའི་ཤེས་ལྡན་མི་སྣ་གདམ་གསེས་བྱས་ཏེ་རྨང་གཞིའི་འཛུགས་སྐྲུན་དང་། ཐོན་ཁུངས་གསར་སྤེལ། སྨན་བཅོས་འཕྲོད་བསྟེན། ཚན་རྩལ་སློབ་གསོ་སོགས་ཁྱབ་ཁོངས་གཙོ་གནད་ལ་ཁྱབ་པར་བྱས་པ་དང་། 2013ལོ་ཚུན་ཁག་ཐེངས་གསུམ་གྱི་འཆར་གཞི་ཕུད་པའི་དུས་ཐུང་གི་ཤེས་ལྡན་མི་སྣ་253ཆབ་མདོར་དུས་ཐུང་ཆེད་ལས་ལག་རྩལ་གྱི་བོད་སྐྱོར་ལས་དོན་སྤེལ་བར་བཏང་བ།ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་463ཆབ་མདོར་ལག་རྩལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་པར་གདན་ཞུ་བྱས་པ། རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ་འབོར་ཆེན་ཆབ་མདོར་བསྐྱོད་དེ་ཆབ་མདོའི་འཕེལ་རྒྱས་ལ་རིག་ནུས་རོགས་སྐྱོར་བྱས་པ་རེད།
གཏིང་ཤུགས་ཆེ་རུ་བཏང་ནས"འཕེལ་རྒྱས་ཀྱི་ལས་སྟེགས་ལ་སྐུལ་འདེད་གཏོང་རོགས"བྱས་པ། གཅིག་ནས"རང་བརྟེན་རྣམ་པ"དང"གཞན་བརྟེན་རྣམ་པའི"བོད་སྐྱོར་ཟུང་འབྲེལ་མཐའ་འཁྱོངས་དང་། ཕྱོགས་ཁག་དང་རང་འགུལ་ངང་མཐུན་སྦྱོར། བོད་སྐྱོར་མ་དངུལ་གྲབས་གསོག བོད་སྐྱོར་རྣམ་གྲངས་ལག་བསྟར་བཅས་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། གཉིས་ནས་དམངས་འཚོའི་ལས་དོན་ལ་ཤུགས་སྣོན་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོ་ལེགས་གཏོང་ཟུང་འབྲེལ་བྱས་ཏེ་ལས་ཀའི་གཙོ་གནད་གཤམ་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་དམངས་འཚོའི་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།
མཉམ་ལས་ལ་སྐུལ་འདེད་བཏང་ནས"སྤེལ་རེས་ཆེར་གཏོང་གི་ལས་སྟེགས"བཏོད་པ། ཆབ་མདོའི་ཆབ་སྲིད་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་བཅས་གྲོང་ཁྱེར་གཉིས་ཀྱི་ཁེ་ལས་དྲུག་གི་ཤེས་ལྡན་མི་སྣ་དང་། མ་དངུལ། ལག་རྩལ། ཁྲོམ་ར། མ་རྩ་མཉམ་འདྲེས། དོ་དམ་སོགས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱ་རྒྱུ་སྣང་ཆེན་བྱས་ཏེ། ཆབ་མདོ་དང་ཁ་གཏད་རོགས་སྐྱོར་ཚན་པའི་མཉམ་ལས་སྤེལ་རེས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། དེ་དང་ཆབས་ཅིག་ཁ་གཏད་རོགས་སྐྱོར་གྲོང་ཁྱེར་དུ་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུག་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་ཏེ། ཆབ་མདོར་ཚོང་འགུག་མ་འདྲེན་གྱི་གསར་སྤེལ་འཛུགས་སྐྲུན་རྣམ་གྲངས་78ལ་མིང་རྟགས་འགོད་རོགས་བྱས་པར། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་45.7ཟིན་པ་དང་། མིག་སྔར་ཚོང་འགུག་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་16.07བཏང་ཡོད།