དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

ཏོག་གསར་གྱི་རིམས་འགོག་སྨན་ཁབ་སྐོར་ལ་ལན་གནང་འདུག

སྤེལ་དུས 2020-12-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཏོག་གསར་རིམས་འགོག་སྨན་ཁབ་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་གཙོ་གནད་མི་ཚོགས་ལ་རྒྱག་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་རེད།
         ཟླ12པའི་ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་སྨན་བཅོས་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་གཙོ་གནད་མི་ཚོགས་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་རེད། 
         ཟླ12པའི་ཚེས20ཉིན་གྱི་དགོང་མོར།  དེ་སྔའི་ཧྲང་ཧའེ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་ཚན་ཁག་གི་ཏོག་གསར་འགོག་ཁབ་སྨན་པ་ཐའོ་ལི་ན་ཡིས་གསར་འགོད་པར་བཤད་རྒྱུར། ལས་རིགས་ནང་ཁུལ་གྱི་གནས་ཚུལ་ལྟར་ན། རང་རྒྱལ་གྱི་སྐོར་དང་པོའི་ཏོག་གསར་རིམས་འགོག་སྨན་ཁབ་དེ་མི་ཐེངས་ཁྲི5000ཙམ་ལ་རྒྱག་རྩིས་ཡོད་ཅིང་། འགོག་ཁབ་ཐེངས་དང་པོ་དེ་ཟླ1པོའི་ཚེས15ཉིན་གྱི་སྔོན་ལ་བརྒྱབ་ནས་ཚར་རྒྱུ་ཡིན་པ་དང་།  འགོག་ཁབ་ཐེངས་གཉིས་པ་དེ་ཟླ2པའི་ཚེས15ཉིན་གྱི་སྔོན་ལ་བརྒྱབ་ནས་ཚར་རྒྱུ་ཡིན་པ་རེད། ཞིབ་ཕྲའི་གནས་ཚུལ་སྔར་བཞིན་གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་པ་ཚད་གཞིར་འཛིན་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།