ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བཏང་།
སྤེལ་དུས 2021-01-14
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
2020ལོའི་རིང་ལ། ནག་ཆུ་གྲོང་ཁྱེར་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། བྱ་བའི་བྱེད་ཐབས་དང་བྱ་བའི་འགན་འཁྲི་དང་དུ་བླངས་ནས། ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བཏང་བར་ཕན་འབྲས་ངེས་ཅན་ཐོབ།
རྒྱུས་ལོན་པ་ལྟར་ན། གཞུང་ཞབས་པའི་རྒྱུགས་ལེན་ལས་དོན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་མི་ཤུགས་ཐོན་ཁུངས་རྒྱུགས་ལེན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ནས་མི400ལྷག་འཐེན་གཏོང་བྱས་པ་དང་འབྲེལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། གཞུང་ལམ་བདེ་འཇགས། ཁོར་ཡུག་བཅོས་སྐྱོང་། རྒྱུགས་ལེན་ལྟ་ཞིབ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཏེ། གཞུང་ཞབས་པའི་རྒྱུགས་ལེན་ལས་དོན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས། 2020ལོར་ནག་ཆུ་གྲོང་ཁྱེར་གྱིས་བསྡོམས་པས་གཞུང་ཞབས་པའི་རྒྱུགས་ལེན་ས་ཚུགས6བཙུགས་ཡོད་ཅིང་། གཞུང་ཞབས་པའི་ལས་གནས་སྟེང་སློབ་མ392རྒྱུགས་ལ་ཞུགས་པ་དང་། ལས་དོན་ལས་ཁུངས་ཀྱི་ལས་གནས་སྟེང་མི3525རྒྱུགས་ལ་ཞུགས་ཡོད།
2020ལོའི་རིང་ལ། ནག་ཆུ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་སྲིད་ཇུས་དང་གཅིག་གིས་གཅིག་ལ་ཁ་གཏད་པའི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་པ་བརྒྱུད། གྲོང་ཁྱེར་དབུལ་སྐྱོར་གློག་རྡུལ་ཚོང་དོན་ལྟེ་གནས་དང་། རྫོང་སོ་སོའི་གློག་རྡུལ་ཚོང་དོན་སྟེགས་བུ། དམངས་སྐྲུན་བར་སྟོང་བཅས་ལ་བརྟེན་ནས། སྔོན་ཆད་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ207ལས་ཞུགས་བྱེད་པར་རོགས་སྐྱོར་བྱས། ནག་ཆུ་གྲོང་ཁྱེར་གྱིས་ལས་གནས་འབྲེལ་མཐུད་ལས་དོན་ནན་ཏན་གྱིས་སྒྲུབ་ཏེ། མིག་སྔའི་བར་དུ། བསྡོམས་པས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་མཐུན་སྦྱོར་བྱས་ཏེ་མཐོ་སློབ་མཐར་ཕྱིན་སློབ་མར་ལས་གནས4563འདོན་སྤྲོད་བྱས་ལ། གྲོང་ཁྱེར་ནང་ཁུལ་གྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་གནས518འཚོལ་བསྡུ་བྱས། 2020ལོའི་ཟླ6པའི་ཟླ་དཀྱིལ་ནས་བཟུང་། བསྡོམས་པས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས1185ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད་ལྗོངས་ནང་ཁུལ་གྱི་ལས་གནས77ཡོད་པ་དང་། ལྗོངས་ཕྱི་རོལ་གྱི་ལས་གནས1108ཡོད་དེ། མཐོ་སློབ་མཐར་ཕྱིན་སློབ་མ65ཡིས་དྲ་ཐོག་གི་གདན་ཞུ་ལ་བརྟེན་ནས་ལས་ཞུགས་གྲོས་ཡིག་སྟེང་མིང་ཐོ་བཀོད།
ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་སྟེགས་བུ་སྐྲུན་པར་འབད་བརྩོན་བྱས་ཏེ། མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་དམངས་སྐྲུན་ཞབས་ཞུ་སྟེགས་བུ5སྐྲུན་པ་དང་། དེའི་ཁྲོད་མཐོ་སློབ་མཐར་ཕྱིན་སློབ་མ120ཡོད་ཅིང་། བསྡོམས་པས་མཐར་ཕྱིན་སློབ་མ180ལས་ཞུགས་བྱེད་པར་སྣེ་འཁྲིད་བྱས། ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལྟ་སྦྱོང་རྟེན་གཞིའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། ལས་ཞུགས་ལྟ་སྦྱོང་རྟེན་གཞི18གཏན་ཁེལ་བྱས་པ་དང་། ལས་ཞུགས་ལྟ་སྦྱོང་རྟེན་གཞི384འདོན་སྤྲོད་བྱས། མིག་སྔའི་བར་དུ། བསྡོམས་པས་ལས་ཞུགས་ལྟ་སྦྱོང་ཁ་གསབ་མ་དངུལ་སྒོར་ཁྲི20.3རྩིས་སྤྲོད་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ30ལས་ཞུགས་བྱེད་པར་རོགས་སྐྱོར་བྱས། །
རྩོམ་སྒྲིག་པ། བདེ་སྒྲོལ།