ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

སྣེ་གདོང་གི་སློབ་གསོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པ།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བོད་སྐྱོར་བྱེད་དགོས་ན་སྔོན་ལ་སློབ་གསོར་རོགས་སྐྱོར་བྱེད་དགོས་ཤིང་། སློབ་གསོར་རོགས་སྐྱོར་བྱ་རྒྱུ་དེ་བོད་སྐྱོར་ལས་དོན་ནང་གི་གལ་ཆེར་བརྩིས་ཁར། སློབ་གསོའི་ལས་སྟེགས་རྩེ་གྲ་ཞིག་གཏོད་རྒྱུ་དང་རྨང་གཞིའི་སློབ་གསོའི་སྒྲིག་བཀོད་སྤུས་ལེགས་ཤིག་བསྐྲུན་རྒྱུའི་བསམ་གཞི་གསར་པ་དེ་ཝུའུ་ཧན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་སྒོར་ཁྲི་1500ཡི་བོད་སྐྱོར་མ་དངུལ་གཏན་འཁེལ་བྱས་ནས་སྣེ་གདོང་ཆུས་ཆ་ཚང་སློབ་ཆུང་འཛུགས་སྐྲུན་བྱེད་རོགས་བྱས་ཤིང་། སྣེ་གདོང་ཆུས་ཀྱི་ཆ་ཚང་སློབ་ཆུང་6གི་ཟླ་སྒྲིལ་འཛུགས་སྐྲུན་འཆར་འགོད་གཞིར་བཟུང་ཆ་ཚང་སློབ་ཆུང་གཅིག་གི་མཁྲེགས་ཆས་སྒྲིག་བཀོད་དང་ཆ་འཕྲིན་ཅན་གྱི་སློབ་གསོའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་གོང་མཐོར་གཏོང་རྒྱུ་ཡིན་ཞིང་། སླད་ཕྱིན། སྣེ་གདོང་ཆུས་སློབ་གསོར"ཝུའུ་ཧན་གྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ"བཙུགས་ཏེ་སྣེ་གདོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཆེད་དངུལ་གྱིས་རྒྱབ་སྐྱོར་བྱ་རྒྱུ་རེད། 2016ལོའི་དགེ་རྒན་དུས་ཆེན་དུ་ཐོག་མར་མ་དངུལ་སྒོར་ཁྲི་20བཀོད་སྒྲིག་བྱས་ཏེ་ཕུལ་བྱུང་སློབ་སྤྱི་2དང་། ཕུལ་བྱུང་དགེ་རྒན་11 ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན་6 ཕུལ་བྱུང་སློབ་མ་15བཅས་མི་རེར་བྱ་དགའི་དངུལ་མཐོ་ཤོས་སྒོར་5000སྤྲད་དེ་ཝུན་ཧན་གྱི་སློབ་གསོའི་བོད་སྐྱོར་གྱི་སྤུས་རྟགས་བཏོད་པས། སྣེ་གདོང་ཆུས་ཀྱི་གོང་འོག་ཚང་མའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

          ལས་དོན་རུ་ཁག་གིས་དུས་ཐུང་བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣའི་ཧུར་བརྩོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མིག་སྔར་ཆ་འཕྲིན་ཅན་གྱི་སློབ་གསོ་དང་བྱིས་པའི་དགེ་རྒན་ཆེད་ལས་ཀྱི་དུས་ཐུང་བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣ་2བོད་དུ་བཏང་ནས། ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་ཁག་ཏུ་་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། དེས་མ་ཚད་སྣེ་གདོང་ཆུས་སློབ་གསོ་ཅུས་ལ《སྣེ་གདོང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་ལོ་ལྔའི་འཕེལ་རྒྱས་འཆར་གཞི》འགོད་རོགས་བྱས་པ་དང་། ཝུའུ་ཧན་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱིས་སྣེ་གདོང་ཆུས་སློབ་གསོ་ཅུས་ལ་སྒོ་མོ་ཕྱེ་ནས་སྣེ་གདོང་ཆུས་དང་ནང་སའི་སློབ་གསོའི་ཆ་འཕྲིན་ཅན་བར་གྱི་ཧེ་བག་ཆུང་དུ་ཕྱིན་ཡོད། བུ་བཅོལ་ཁང་གི་དགེ་རྒན་གྱི་སློབ་གསོའི་ཐད་བུ་བཅོལ་ཁང་དུ"སློབ་གསོ་གཏོང་སྟངས་སློབ་ཆུང་ཅན་དུ་འགྱུར་བ"དང་། བྱེད་སྒོ་རོལ་རྩེད་ཅན་དུ་འགྱུར་བ། བུ་བཅོལ་ཁང་དང་སློབ་ཆུང་སྦྲེལ་མཐུད་བཅས་ཀྱིས་སྔོན་ཐོན་སློབ་གསོའི་འདུ་ཤེས་བཙུགས་པ་དང་འབྲེལ་རྒྱུན་གཏན་གྱི་ལས་ཀ་བརྒྱུད་ཁྲིད་སྟོན་ལག་བསྟར་བྱས་པ་མ་ཟད། ས་གནས་དེ་གའི་གནས་ཚུལ་དང་མཐུན་པ་དང་བྱིས་པའི་སེམས་ཁམས་ལ་ཕན་པའི་སློབ་ཚན་འཆར་གཞི་འགོད་རྒྱུ་ཡིན་པ་རེད།