ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ལྷོ་ཁས"མཉམ་འདྲེས་དྲུག"ལ་བརྟེན་ནས"ཚོགས་སྒྲིག་རྣམ་པའི"སློབ་གསོའི་བོད་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་སློབ་གསོའི་ཤེས་ལྡན་མི་སྣ"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་ལ"སློབ་གསོའི་བོད་སྐྱོར་ཚོགས་པ་དང་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་ཚོགས་པ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་དང་། སློབ་གསོའི་བོད་སྐྱོར་ཚོགས་པའི་ནང་ཁུལ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས"ཞེས་པའི་རྨང་གཞིའི་ཐོག ལྷོ་ཁ་གྲོང་ཁྱེར་གྱིས"མཉམ་འདྲེས་དྲུག"གསར་གཏོད་དང་ལག་ལེན་བསྟར་ནས། སློབ་གསོའི་ཤེས་ལྡན་མི་སྣ"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་སྒྲུབ་སྟངས་དང་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་བ་རེད།

          དཔུང་ཁག་མཉམ་འདྲེས་ལ་སྐུལ་མ་བཏང་བ། བོད་སྐྱོར་དགེ་རྒན་སློབ་གྲྭའི་འགོ་ཁྲིད་ཚན་ཁག་ཏུ་བཅུག་ནས་སློབ་གྲྭ་ཡོངས་ཀྱི་འབྲིང་རིམ་ལས་གནས་སུས་འཇོན་དེ་བཀུག་བྱས་པ་རེད། རྟག་ཏུ་ཅི་འཕྲོས་མོལ་གྲོས་བྱས་ཏེ་ལྷོ་ཁའི་དགེ་རྒན་དང་བོད་སྐྱོར་དགེ་རྒན་གྱི་བསམ་བློ་གཏོང་ཕྱོགས་དང་སོ་སོའི་དགོས་མཁོ་ཤེས་རྟོགས་བྱས་ནས། དམིགས་སའི་རང་བཞིན་ལྡན་པའི་ངང་སེམས་ཁམས་སློབ་གསོ་བརྒྱབ་པ་རེད། བོད་སྐྱོར་དགེ་རྒན་ཚོར་སྐད་འཕྲིན་ཚོགས་པ་བཙུགས་ཏེ་ལས་ཀའི་འཆར་ཅན་ཚོགས་འདུ་དང་སློབ་ཁྲིད་ཀྱི་སྤུས་ཚད་དབྱེ་ཞིབ་ཚོགས་འདུ་འཚོགས་པ་བརྒྱུད། རང་ངོས་དོ་དམ་དང་ཁོངས་གཏོགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་རེད།

          འདུ་ཤེས་མཉམ་འདྲེས་ལ་སྐུལ་མ་བཏང་བ། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་མར་གཞིགས་ཏེ་སློབ་ཁྲིད་བྱས་པ་དང་། "འགོ་འཛུགས་ས་དམའ་ཞིང་། དཀའ་ཚེགས་ཆུང་བ། གཞི་རྩ་གཉིས་ལ་སྣང་ཆེན། སྦྱོང་བརྡར་ལ་ཤུགས་སྣོན། བསྐྱར་ཟློས་ལ་དམ་འཛིན། བསྐྱར་ཟློས་ཀྱིས་དམ་འཛིན"བཅས་ཀྱི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་ཐབས་ཇུས་གཏན་འཁེལ་བྱས་ཏེ། སློབ་གྲྭ་རིམ་པའི་ཡོངས་བསྒྲགས་སློབ་ཚན་འཚོགས་པ་དང་། སྐབས་འཕྲལ་སློབ་ཁྲིད་ཉན་པ། མཉམ་སྡེབ་ཐོག་སློབ་ཁྲིད་གྲ་སྒྲིག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཕན་ནུས་ལྡན་པའི་སློབ་ཚན་བཀོད་སྒྲིག་བྱས་པ་རེད། རོགས་སྐྱོར་བྱ་ཡུལ་སློབ་གྲྭར་དེང་རབས་ཀྱི་སློབ་གྲྭའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ནས། ནང་སའི་སློབ་ཁྲིད་དོ་དམ་གྱི་སྔོན་ཐོན་ཉམས་མྱོང་ཁྱབ་སྤེལ་ནུས་ལྡན་བཏང་བ་རེད།

           དགེ་སློབ་མཉམ་འདྲེས་ལ་སྐུལ་མ་བཏང་བ། བོད་སྐྱོར་དགེ་རྒན་གྱིས་རང་འགུལ་ངང་ཁྱིམ་ཚང་དུ་བཅར་འདྲིར་སྐྱོད་པ་དང་། སློབ་མར་དོགས་གནད་སེལ་རོགས་བྱེད་པ། ཞག་སྡོད་སློབ་མ་དང་མཉམ་དུ་དུས་ཆེན་གཏོང་བ། ཁྱིམ་དུ་ལོག་མ་ཐུབ་པའི་སློབ་མ་རང་ཉིད་ཀྱི་ཁྱིམ་དུ་ཟ་མ་ཟ་བར་སྐོང་བ་སོགས་བྱས་པ་དང་། སློབ་མས་རང་འགུལ་ངང་བོད་སྐྱོར་དགེ་རྒན་ལ་བོད་རིགས་ཀྱི་མིང་འདོགས་པ་དང་། བོད་སྐད་དང་བོད་ཀྱི་གླུ་གར་སློབ་པ། སྨོན་ཚིག་འབྲི་བ། དགེ་སློབ་དབར་སེམས་རྟེན་སྤྲོད་རེས་བཅས་བྱས་ནས་བརྩེ་བ་ཟབ་ཏུ་བཏང་བ་རེད།

          དགེ་རྒན་མཉམ་འདྲེས་ལ་སྐུལ་མ་བཏང་བ། ན་གཞོན་དགེ་རྒན་མཉམ་འདྲེས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ན་གཞོན་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ན་གཞོན་དགེ་རྒན་གྱི་མཐུན་ཚོགས་བཙུགས་པ་རེད། ཐག་པ་འཐེན་པ་དང་། མིག་མངས་རྩེ་བ། གཏམ་བཤད་སྤེལ་བ་སོགས་ཀྱི་རིག་གནས་རོལ་རྩེད་བྱེད་སྒོ་སྤེལ་ནས། དགེ་རྒན་དབར་མཐུན་སྒྲིལ་གཞོགས་འདེགས་བྱེད་ནུས་ཆེ་རུ་བཏང་བ་དང་མཛའ་བརྩེ་རོགས་རེས་ཀྱི་སྤེལ་རེས་ལས་སྟེགས་ཤིག་བསྐྲུན་པ་རེད། བོད་སྐྱོར་དགེ་རྒན་གྱིས་རང་འགུལ་ངང་སློབ་གྲྭའི་སློབ་ཁྲིད་གྲ་སྒྲིག་ལས་འགན་ཁུར་ཏེ། སྡེ་ཚོགས་ཨུ་ལྷན་དང་། ཆབ་སྲིད་སློབ་གསོ། ཆ་འཕྲིན་ལྟེ་གནས། ཏང་དོན་གཞུང་ལས་ཁང་སོགས་ཀྱི་ལས་ཀར་མ་སྐུལ་དང་བླངས་ཀྱིས་ཞུགས་ནས། "ངས་རོགས་སྐྱོར་བྱ་ཡུལ་སློབ་གྲྭར་ཐབས་དང་ཇུས་འདོན་པའི"བྱེད་སྒོ་སྤེལ་ནས་བདག་པོའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

          སློབ་གྲྭ་ཕན་ཚུན་མཉམ་འདྲེས་ལ་སྐུལ་མ་བཏང་བ། རོགས་སྐྱོར་བྱ་ཡུལ་སློབ་གྲྭས་རང་འགུལ་ངང་ནང་སའི་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་འབྲིང་དང་འབྲེལ་མཐུད་ཀྱིས་ཆ་སྒྲིག་བྱེད་སྒོ་སྤེལ་ཏེ་ནང་སའི་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ནང་འདྲེན་བྱས་པ་རེད། ལྷོ་ཁ་མཐོ་འབྲིང་དང་པོ་དང་ཤང་ཡང་སློབ་འབྲིང་དང་པོས《མཛའ་གྲོགས་སློབ་གྲྭའི་མཉམ་ལས་གྲོས་མཐུན》བཞག་པ་དང་། ལྷོ་ཁ་མཐོ་འབྲིང་གཉིས་པས་ནང་སའི་གཙོ་གནད་སློབ་འབྲིང་དང་འབྲེལ་བ་བྱས་ཏེ་ནང་སའི་སློབ་ཁྲིད་ཐོན་ཁུངས་སྤུས་ལེགས་དུས་ཐོག་ཏུ་མཉམ་སྤྱོད་བྱས་པ། ལྷོ་ཁ་མཐོ་འབྲིང་གསུམ་པས་ཁྲང་ཏེ་སློབ་འབྲིང་དང་པོ་དང་གཡོད་ཡང་སློབ་འབྲིང་བདུན་པ་དང་མཐུན་སྦྱོར་བྱས་ཏེ་རོལ་དབྱངས་དང་། ལུས་རྩལ། མཛེས་རྩལ་བཅས་ཀྱི་ཆེད་ལས་དགེ་རྒན་4བོད་དུ་སློབ་སྐྱོར་བྱེད་པར་གདན་དྲངས་པ་རེད།

          ས་ཆ་གཉིས་དབར་གྱི་མཉམ་འདྲེས་ལ་སྐུལ་མ་བཏང་བ། ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་དང་མཐུན་སྦྱོར་བྱས་ཏེ་དཔེ་དེབ་3600དང་སྐད་གཉིས་སྨྱུ་གུ་300ཞལ་འདེབས་བསླངས་པ། ཧུའུ་ནན་ཞིང་ཆེན་སློབ་གསོ་སྡེ་ཚན་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་སློབ་འབྲིང་དང་པོར"ལྷོ་ཁའི་མཉམ་འབྲེལ་སློབ་གྲྭ"ཞེས་པའི་སྒོ་བྱང་བཀལ་ནས་མཉམ་འབྲེལ་སློབ་གཉེར་ཚོད་ལྟ་བྱས་པ། ཧུའུ་པེ་ཞིང་ཆེན་སློབ་གསོ་སྡེ་ཚན་དང་མཉམ་ལས་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་མཁན་སློབ་གྲྭ་ཁག་གི་སློབ་ཞིབ་སློབ་སྒྱུར་དང་། སྦྱོང་གཞི་སྦྱོང་བརྡར། མཐོ་རྒྱུགས་བསྐྱར་སྦྱོང་གི་ཐབས་ཤེས་སོགས་སྔོན་ཐོན་ཉམས་མྱོང་སྦྱངས་ཏེ་ལྷོ་ཁ་དང་། ཧུའུ་པེ། ཧུའུ་ནན། ཨན་ཧུའེ་བཅས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་སྔར་ལས་ལྷག་པར་ཡོང་རྒྱུར་སྐུལ་མ་བཏང་བ་རེད།