ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

བྱེད་ཐབས་སྣ་མང་ལ་བརྟེན་ནས་བོད་སྐྱོར་ལས་དོན་ཧུར་ཐག་སྒྲུབ།

སྤེལ་དུས 2018-01-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་དཔའ་ཤོད་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་ཟུར་བྲིས།
          ལོ་གཅིག་རིང་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་ཧྥུའུ་ཀྲོའུ་ཡན་ལག་རུ་ཁག་གིས་ལས་ཀའི་ལས་འགན་ལ་དམ་པོར་དམིགས་ནས་ལས་ཀའི་རྣམ་པ་མགྱོགས་མྱུར་སྒྱུར་བ་དང་། རང་འགུལ་ངང་དཔའ་ཤོད་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་པ། ཏན་ཏན་ཏིག་ཏིག་ངང་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། “མི་དམངས་རྩ་བར་འཛིན་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བའི”ལས་ཀའི་དམིགས་ཡུལ་ནན་ཏན་ངང་བསྒྲུབས་ཡོད་པ་རེད།
          ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་དཔའ་ཤོད་དུ་འབྱོར་མ་ཐག་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་བྱེད་པའི་ཏང་ཀྲི་པུའུ་བཙུགས་ནས་བོད་སྐྱོར་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་སྦྲགས ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་བྱེད་པའི་ཏང་ཀྲི་པུས་བསམ་བློ་འཛུགས་སྐྱོང་ལ་དམ་པོར་དམིགས་པ་དང་། གཟའ་འཁོར་རེར་ཉུང་མཐར་ཡང་ལས་སྒོའི་ངོ་ཐུག་ཚོགས་འདུ་ཐེངས་རེ་དང་། ཟླ་ཕྱེད་རེར་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་རེ། ཟླ་བ་རེར་ཀྲི་པུའུ་ཡི་སློབ་སྦྱོང་འཚོ་བའི་ཚོགས་འདུ་ཐེངས་རེ་བཅས་འཚོགས་ནས། བསམ་བློའི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་བྱ་སྤྱོད་ཐད་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱིས་བོད་སྐྱོར་ལས་དོན་ལ་བཏོན་པའི་ཞིབ་ཕྲའི་བླང་བྱ་དོན་འཁྱོལ་བྱས་ཡོད།
          དཔའ་ཤོད་རྫོང་གི“རང་བརྟེན་འཕེལ་རྒྱས”ཀྱི་འཇོན་ཐང་ཆེ་རུ་གཏོང་ཆེད། ཧྥུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་ལས་དོན་ལ་སྐུལ་འདེད་གང་ལེགས་བཏང་ཞིང་། མིག་སྔའི་བར། ཧྥུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་ཧྥུའུ་ཅན་དང་དེ་བཞིན་ནང་སའི་ཞིང་ཆེན་གཞན་གྱི་ཚོང་པ་མི་ཐེངས་120ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ནང་སའི་མ་རྩ་གཏོང་མཁན་གྱིས་དཔའ་ཤོད་དུ་ཁེ་ལས་7ཐོ་འགོད་དང་ཁེ་ལས་2འཛུགས་རྒྱུར་སྐུལ་འདེད་བཏང་བ། དཔའ་ཤོད་རྫོང་གི་སྣེ་ཁྲིད་དེ་འགྲེམས་ཞུགས་འཐུས་མི་ཚོགས་པ་བཙུགས་ནས་ཚོང་དོན་བྱེད་སྒོ་ཆེ་གྲས་ལ་ཞུགས་པ་དང་། ལོ་གཅིག་རིང་རྣམ་གྲངས་ཁག་21ལ་གྲོས་མོལ་བྱས་པ་དང་གན་རྒྱ་ཁག་13ལ་མིང་རྟགས་བཀོད་པས་མ་དངུལ་བསྡོམས་སྒོར་དུང་ཕྱུར་21.6གཏོང་འདོད་ཡོད་པ་རེད།
          སྐབས་གཉིས་པའི“སྤྲོ་ཞིང་སྤྲོ་བའི་ཁམས་པ·གཏམ་རྒྱུད་ངོ་མཚར་ཅན་གྱི་ཆབ་མདོ”ཞེས་པའི་སྐབས་དང་པོའི་ར་འོག་ཡུལ་སྐོར་མཐོ་རིམ་གླེང་སྟེགས་དང་། པར་ལེན་འགྲན་བསྡུར། ར་འོག་མཚེའུ་རི་ཁུལ་གྱི་རྐང་འཁོར་འགྲན་བསྡུར་སོགས་བྱེད་སྒོ་ཁག་ཞིབ་ཚགས་ངང་སྒྲིག་འཛུགས་བྱས་པ་དང་། “2017ལོའི་རི་རྩེ·ཕུགས་འདུན་སྐབས་དང་པོའི་མིག་མངས་རླངས་འཁོར་གྱི་འཐེན་ཤུགས་འགྲན་བསྡུར”གཉེར་རོགས་བྱས་ཡོད།
          ཁ་གཏད་རོགས་སྐྱོར་བྱ་ཡུལ་དབུལ་པོའི་དུད་ཚང་གི་དཀའ་ངལ་ཐག་གཅོད་བྱ་ཆེད། ཧྥུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་རོགས་སྐྱོར་བྱ་ཡུལ་དུ་ཐེངས་མང་བསྐྱོད་དེ་དུད་ཚང་དབུལ་པོའི་འཚོ་བ་དང་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། མིག་སྔའི་བར། དུད་ཚང་དབུལ་པོའི་རྫོང་གྲོང་གི་ཡོང་འབབ་དམའ་བའི་ཁོར་ཡུག་གཙང་སྦྲའི་བཟོ་པར་འཚམས་འདྲིའི་དངུལ་སྒོར་ཁྲི་7.53དང་ཕག་ཤ་དང་གྲོ་ཞིབ་སོགས་འཚམས་འདྲིའི་དངོས་ཟོག་བསྐྱལ་བ་རེད།
          ཉེ་བའི་ལོ་གཅིག་རིང་ཧྥུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་རིན་ཐང་སྒོར་ཁྲི་25.6ཟིན་པའི་མ་དངུལ་དང་། དེ་བཞིན་གཞུང་ལས་ཡོ་བྱད་སྤྲད་དེ་དཔའ་ཤོད་རྫོང་གི་ཐག་རིང་དང་ཡུལ་སྐོར་གཙོ་གནད་གསར་སྤེལ་ཤང(གྲོང་རྡལ)ལ་དཀའ་ངལ་སེལ་རོགས་དང་ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པ་རེད།
          དེ་དང་ཆབས་ཅིག་སློབ་སྐྱོར་ཞལ་འདེབས་རྒྱག་ཤུགས་ཆེ་རུ་བཏང་སྟེ། ཆེད་མངགས་དབུལ་སྐྱོར་སློབ་རོགས་ཐེབས་རྩ་བཙུགས་ནས་སྤྱི་ཚོགས་མ་དངུལ་སྒོར་ཁྲི་17.5བསྡུ་རུབ་བྱས་ཏེ་གཅིག་གཏད་གཅིག་གི་རོགས་སྐྱོར་སློབ་རོགས་བྱས་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་ནས་སྒོར་ཁྲི་50རི་བའི་དངོས་ཟོག་བསྡུ་རུབ་བྱས་ཏེ་སློབ་གསོའི་རོགས་སྐྱོར་ལ་སྤྱད་པ་རེད།
          བློ་རིག་བོད་སྐྱོར་བྱས་ཏེ་ཤེས་ལྡན་མི་སྣའི་སྤེལ་རེས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧྥུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་གྱི་ལས་ཀ་གཙོ་བའི་གྲས་ཤིག་རེད། དཔའ་ཤོད་རྫོང་གི་སྨན་བཅོས་ཆེད་ལས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྣམ་གྲངས་ལ་སྒོར་ཁྲི་400རོགས་སྐྱོར་བྱས་ཏེ་ལོ་ལྟར་མི་ཐེངས་50ཡན་གྱི་སྨན་བཅོས་ཆེད་ལས་ཤེས་ལྡན་མི་སྣ་ཧྥུའུ་ཅན་ཞིང་ཆེན་དུ་གསོ་སྦྱོང་ལ་བཏང་བ་དང་། དཔའ་ཤོད་རྫོང་སློབ་གསོའི་ཆེད་ལས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྣམ་གྲངས་ལ་སྒོར་ཁྲི་200རོགས་སྐྱོར་བྱས་ཏེ་ལོ་ལྟར་མི་ཐེངས་20ཡན་གྱི་སློབ་གསོའི་ཆེད་ལས་ཤེས་ལྡན་མི་སྣ་ཧྥུའུ་ཅན་ཞིང་ཆེན་དུ་གསོ་སྦྱོང་ལ་བཏང་བ་རེད། མཐུན་སྦྱོར་སྤེལ་རེས་ཧུར་ཐག་བྱས་པ་ལས་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་དཔའ་ཤོད་རྫོང་ལ་སྨན་བཅོས་དང་སློབ་གསོའི་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཏེ་འདི་ལོའི་ཟླ་བ་དྲུག་པའི་ཟླ་མཇུག་ཏུ་སྨན་བཅོས་དང་སློབ་གསོའི་ཆེད་ལས་ཤེས་ལྡན་མི་སྣ་དཔའ་ཤོད་རྫོང་དུ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་བར་བཏང་བ་རེད། ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་དཔའ་ཤོད་རྫོང་ནས་བཏང་བའི་སྨན་བཅོས་དང་སློབ་གསོའི་མི་སྣའི་ལས་ཐོག་སློབ་སྦྱོང་དང་ལེན་བྱས་པ་མ་ཟད། དུས་བཀག་ནང་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ་བཏང་སྟེ་རིགས་གཅིག་མཁས་ཅན་སྐོར་ཞིབ་སྨན་བཅོས་ལ་བཏང་ནས་ནུས་ཤུགས་ཡོད་རྒུས་བློ་རིག་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་པ་རེད།
          མིག་སྔའི་བར། ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་སྨན་བཅོས་དང་སློབ་གསོའི་ཤེས་ལྡན་མི་སྣ་གསུམ་བོད་སྐྱོར་བྱེད་པར་བཏང་བ་དང་། དཔའ་ཤོད་རྫོང་ནས་སྨན་བཅོས་དང་སློབ་གསོའི་ཆེད་ལས་ཤེས་ལྡན་མི་སྣ་32ཧྥུའུ་ཅན་ཞིང་ཆེན་དུ་གསོ་སྦྱོང་བྱེད་པར་མངགས་པ་རེད།