དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

རྨང་གཞིའི་སྒྲིག་བཀོད་གསར་པས་ཐུན་མོང་དར་རྒྱས་ཡོང་བར་རམ་འདེགས་བྱེད་པ།

ཧྲང་ཧའེ་ཡིས“རིག་ལྡན་བོད་སྐྱོར”འཚོལ་ཞིབ་ཧུར་ཐག་བྱེད་པའི་སྐོར་བཀོད་པ།

སྤེལ་དུས 2020-05-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          “འདི་ནི་བརྗིད་ཆགས་ཡིད་དུ་འོང་བའི་ཇོ་མོ་གླང་མ་རེད། ཞོགས་པའི་ཉི་གཞོན་ཤར་སྐབས་དང་། མཚན་གུང་གི་སྐར་འོད་འཕྲོ་སྐབས་སམ། ཡང་ན་སྨུག་སྤྲིན་ལང་ལོང་དུ་འཕྱུར་སྐབས་བཅས་གང་ཡིན་རུང་དེའི་མཛེས་པ་ནི་ཐུན་མོང་མ་ཡིན་པ་ཞིག་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཤའོ་ཧུའེ་ཡིས་ས་བབ་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོ་ནས་ངོ་སྤྲོད་བྱེད་བཞིན་ཡོད་ལ། མི་ཐེངས་ཁྲི་200ལྷག་ཙམ་གྱིས་ཁ་པར་ཐོག་ནས་ཐད་གཏོང་ལྟ་བཞིན་ཁ་བའི་གོས་བཟང་གིས་བརྒྱན་པའི་བརྗིད་ཆགས་གངས་རིའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་མཆིས།
          ཉེ་ཆར་གཉེར་བའི་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་ལ་རམ་འདེགས་བྱེད་པའི་བརྗོད་དོན་གཙོ་བོའི་ཐད་གཏོང་ཁྲོད་ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་གི་སྤ་སེ་ཕུད། ད་དུང་རྒྱལ་རྩེ་རྫོང་གི་ཐད་ཀར་བཟའ་ཆོག་པའི་ནས་ཆག་དང་ས་སྐྱ་རྫོང་གི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་སོགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཤིང་། ཐོན་རྫས་སྣ་ཚོགས་དུས་ཐུང་ཉིན་2རིང་འོས་འཚོང་བྱས་པ་བརྒྱུད་བྲིན་ཚོང་ཡོང་འབབ་སྒོར་ཁྲི་14བྱུང་ཡོད།
          ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་སོགས་ཉེ་བའི་ལོ་ཤས་ནང་གཅིག་རྗེས་གཉིས་མཐུད་ངང་དབུལ་སྒྲོལ་ཐུབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟབས་ས་གནས་དེ་གའི་མི་སེར་ཕྱིར་ལས་མིར་སྐྱོད་རྒྱུ་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཐད་དཀའ་གནད་མང་དག་ཅིག་འཕྲད་ཡོད། ཇི་ལྟར་བྱས་ཏེ་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རོགས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས་སམ། 5Gདང་གྲངས་གཞི་ཆེ་མོ་སོགས་མཚོན་བྱེད་དུ་བྱས་པའི“རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན”བྱས་ནས་རིག་གནས་ཡུལ་སྐོར་གྱི་ཐད་གཏོང་དང་། རྒྱང་བསྟེན་སྨན་བཅོས། དྲ་ཐོག་སློབ་གསོ་སོགས་ཐབས་ལམ་གསར་པ་དང་ལས་རྣམ་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ་ཧྲང་ཧའེ་ཡིས“རིག་ལྡན་བོད་སྐྱོར”གྱི་ཐབས་མཆོག་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་མཆིས།
          ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཁག་དགུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་རུ་སྣེ་འཁྲིད་མཁན་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མོང་ཝུན་ཧའེ་ཡིས“འཛམ་གླིང་ནས་ཀྱི་འབྱུང་ཁུངས”ཡིན་པའི་ངོས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་འབོར་ལོ་བསྟུད་མར་འཕར་བཞིན་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་གསར་སྤེལ་བྱས་པའི་རྩམ་པ་དང་། ནས་ཆང་། སྟབས་བདེའི་ཐུག་པ། གནོན་བཙིར་ཏན་ཞིམ། ཡོས་སོགས་ནས་ཀྱི་ཐོན་རྫས་སྤུས་རྟགས་ཧྲང་ཧའེ་ཡི་འཛད་སྤྱོད་པའི་མིག་ལམ་དུ་བཤམས་ཡོད། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང“གྲངས་གཞིའི་བོད་ལྗོངས”མགྱོགས་མྱུར་བསྐྲུན་པས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་སྣ་ཚོགས་སྟབས་བདེ་བའི་མཁའ་ལམ་དང་། ལྕགས་ལམ། གཞུང་ལམ་སོགས་ཟོག་འགྲེམས་མ་ལག་བརྒྱུད་དུས་ཐུང་ཉིན་ཁ་ཤས་ནང་ཧྲང་ཧའེ་རུ་འབྱོར་གྱི་ཡོད་ལ། དྲ་ཐོག་ཚོང་ཁང་དང་གྲངས་གཞིའི་རིག་གནས་ཡུལ་སྐོར་སོགས་ཀྱི་ལས་སྟེགས་སམ་ཡང་ན་ཐབས་ལམ་བརྒྱུད་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཧྲང་ཧའེ་སོགས་ས་གནས་ལ་མཁོ་སྤྲོད་འབྲེལ་མཐུད་བྱེད་མགྱོགས་སུ་འགྲོ་རྒྱུ་རེད།
          ཉེ་ཆར་ས་བབ་མཐོ་ཚད་སྨི་6500ཡོད་པའི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་5Gསྦྲེལ་ཚུགས་བེད་སྤྱོད་གཏོང་འགོ་ཚུགས་ཏེ་ཇོ་མོ་གླང་མའི་རི་འཛེག་དང་། ཚན་ཞིབ། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚད་ལེན། རབ་གསལ་ཐད་གཏོང། རིག་གནས་ཡུལ་སྐོར་འོས་སྦྱོར་སོགས་ཀྱི་བྱེད་སྒོར་འཕྲིན་གཏོང་གི་འགན་ལེན་ནུས་ལྡན་བྱས་ཡོད། ཧྲང་ཧའེ་ཡི་བོད་སྐྱོར་འབྲེལ་གཏུག་ཚོགས་ཆུང་གིས་ཇོ་མོ་གླང་མ་སྐོར་བའི་རིག་གནས་ཡུལ་སྐོར་འཁོར་རྒྱ་གཏོད་རྩིས་ཡོད་ལ། དེའི་ནང་དིང་རི་རྫོང་དང་། ས་སྐྱ་རྫོང་། རྒྱལ་རྩེ་རྫོང་། ལྷ་རྩེ་རྫོང་། གྲོ་མོ་རྫོང་བཅས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་། ཁྱད་ལྡན་ཚོང་ཟོག་སོགས་ཀྱི་ཐོན་ཁུངས་ལེགས་ཤོས་གཅིག་སྡུད་བྱས་པ་མ་ཟད། དྲ་ཐོག་ནས་ཚན་རིག་ཁྱབ་གདལ་དང་ཁྱབ་གདལ་གཏོང་སྟངས་སྔར་བས་ལེགས་སུ་བཏང་ཡོད།
          དྲ་སྦྲེལ་སོགས་ཀྱི་ལག་རྩལ་འཕེལ་རྒྱས་དང་བེད་སྤྱོད་བཏང་བ་དེས་ཚོང་ཟོག་འཁོར་རྒྱུག་དང་ཡུལ་སྐོར་བའི་ཡིད་དབང་འགུག་རྒྱུར་སྐུལ་འདེད་བཏང་ཡོད་ལ། ས་གནས་གཉིས་ཀྱི་སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་ཀྱང་བཏང་ཡོད། རིམས་ནད་ཐོན་རིང་ཧྲང་ཧའེ་ཕུའུ་ཏན་སློབ་ཆེན་ཞོར་གཏོགས་ཀྲུང་ཧྲན་སྨན་ཁང་དང་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་ལུང་ཧྭ་སྨན་ཁང་སོགས་ཀྱིས་གཞིས་རྩེའི་མི་སེར་ཚོར་རྒྱང་བསྟེན་ལྷན་འཛོམས་ནད་དཔྱད་ཞབས་འདེགས་ཐེངས་མང་ཞུས་ཤིང་། དེའི་ནང་སྐྲན་དང་། མཆིན་ནད། ཁྲག་ནད་སོགས་ནད་གཞི་སྣ་ཚོགས་ཚུད་ཡོད།
          ན་ནིང་ཚུན་དུ་ཧྲང་ཧའེ་ཡི་སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཧྲང་ཧའེ་ཡི་སློབ་གསོའི་ཆ་འཕྲིན་ཅན་གྱི་འདུ་ཤེས་དཔྱད་གཞིར་འཛིན་ནས“1+5+X”ཡི་རྒྱང་ཁྲིད་སློབ་གསོའི་ལས་སྟེགས་བཙུགས་ཏེ་ཧྲང་ཧའེ་དང་བོད་ལྗོངས་དབར་དང་བོད་ཀྱི་སློབ་གྲྭ་མི་འདྲ་བའི་དབར་སློབ་གསོའི་ཐོན་ཁུངས་ཀྱི་རྒྱང་ཁྲིད་མཉམ་སྤྱོད་མངོན་འགྱུར་བྱུང་ཡོད།
          འཛམ་གླིང་གློག་འཕྲིན་དང་ཆ་འཕྲིན་སྤྱི་ཚོགས་ཅན་གྱི་ཉིན་མོར་མོང་ཝུན་ཧའེ་ཡིས་ཧྲང་ཧའེ་དང་གཞིས་རྩེའི་དབར་བར་ཐག་སྤྱི་ལེ་4000ལྷག་ཙམ་ཆེད་ཀྱང་། ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་ཐུན་མོང་ཐོག་དར་རྒྱས་དང་མི་རྣམས་ཀྱི་མཉམ་འགུལ་སྔར་བས་འཁྲུག་ཏུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།