ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་ཆབ་མདོའི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་བར་གསོ་སྦྱོང་བྱས་པ།

སྤེལ་དུས 2021-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལོ་གསུམ་གོང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་མ་ལག་བཙུགས་མེད་པའི་ཆབ་མདོ་གྲོང་ཁྱེར་གྱིས་ཧྥུའུ་ཅན་ཞིང་ཆེན་ལ་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་མ་ལག་འཛུགས་རོགས་བྱ་རྒྱུའི་རེ་བ་བཏོན་ཞིང་། རྒྱལ་ནང་གི་འགྲུལ་སྐྱེལ་རླངས་འཁོར་ལས་རིགས་ཀྱི་གཙོ་ཤུགས་དམག་ཡིན་པའི་ཞ་མོན་ཅིན་ལུང་ཡུལ་སྐོར་རླངས་འཁོར་ཀུང་སིས་གཞུང་ཁོངས་ཁེ་ལས་ཀྱིས་འཁུར་དགོས་ངེས་ཀྱི་འགན་འཁྲི་འཁུར་ཏེ་ལས་འགན་ལྕི་པོ་དེ་དང་ལེན་བྱས་པ་རེད། ཉིན་ཤས་གོང་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ཧྥུའུ་ཅན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཧྥུའུ་ཅན་ཞིང་ཆེན་འགྲིམ་འགྲུལ་ཚོགས་པས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་བརྒྱུད། ཧྥུའུ་ཅན་ཞ་མོན་ཅིན་ལུང་ཡུལ་སྐོར་རླངས་འཁོར་ཚད་ཡོད་ཀུང་སིས་ལག་རྩལ་དང་། ཞབས་ཞུ། ཕྱིར་ཚོང་གི་རྐང་འཛིན་སྟོབས་ཤུགས་བཅས་ལས་གྲུབ་པའི་ཞབས་ཞུའི་ཚོགས་ཆུང་ཞིག་ཆབ་མདོར་བཏང་བ་དང་། གསོ་སྦྱོང་བྱས་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་གསར་སྤེལ་མ་འཇོག་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་ཚད་ཡོད་ཀུང་སིར་དོ་དམ་མི་སྣ་དང་ལག་རྩལ་པ་གསོ་སྐྱོང་བྱེད་རོགས་བྱས་པ་རེད།
          ཞ་མོན་ཅིན་ལུང་ཡུལ་སྐོར་རླངས་འཁོར་ཞབས་ཞུ་ཚོགས་ཆུང་ཆབ་མདོར་འབྱོར་རྗེས་འཕྲལ་མར་ལས་དོན་སྤེལ་འགོ་ཚུགས་ཤིང་། ཆབ་མདོའི་སྤྱི་སྤྱོད་རླངས་འཁོར་ཀུང་སིར་གསོ་སྦྱོང་དང་བཞུགས་མོལ་སྤེལ་རེས་བྱས་པ་དང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་བསྐྱོད་ནས་རླངས་འཁོར་གྱི་ཞབས་ཞུ་སྦྲེལ་མཐུད་དང་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བྱས་པ། ཆབ་མདོ་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་འབྲེལ་ཡོད་ལས་དོན་གྱི་སྙན་ཞུ་འབུལ་བ་བཅས་རེད། ད་དུང་ཅིན་ལུང་ཡུལ་སྐོར་རླངས་འཁོར་ཀུང་སིའི་ཞབས་ཞུ་ལྟེ་གནས་ཀྱིས་གསོ་སྦྱོང་གི་སློབ་ཚན་གྲ་སྒྲིག་ཞིབ་ཚགས་བྱས་པའི་ནང་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་གྱི་རྨང་གཞིའི་ཤེས་བྱ་དང་། སྤྱིའི་སྒྲིག་ཆས་དང་དེ་བཞིན་ལས་ཀའི་ནུས་པའི་ཁྱད་ཆོས་དང་། བདེ་འཇགས་བཀོལ་སྤྱོད་ཀྱི་བླང་བྱ། བདག་སྐྱོང་ཉམས་གསོའི་བླང་བྱ་སོགས་ཚུད་ཡོད་པ་དང་འབྲེལ་ཆབ་མདོའི་སྤྱི་སྤྱོད་རླངས་འཁོར་གྱི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་50བེད་སྤྱོད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་གནས་ཚུལ་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།