ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

སེམས་ནུས་ཡོད་རྒུས་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

སྤེལ་དུས 2021-11-10 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཁ་གཏད་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་ཧུའུ་པེ་ཞིང་ཆེན་གྱིས་མི་རྒྱུ་དངོས་གསུམ་དང་ལག་རྩལ་སོགས་ཕྱོགས་མང་པོའི་ཐད་ནས་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱས་ཤིང་། རིམ་རྩིས་བྱས་ན། ལས་དོན་རུ་ཁག་ཁག་9ཡི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་1022བོད་དུ་ལས་ཀ་བྱེད་པར་མངགས་པ་དང་། མ་དངུལ་དང་དངོས་ཟོག་བསྡོམས་སྒོར་དུང་ཕྱུར་44.68རོགས་སྐྱོར་བྱས་པ། བོད་སྐྱོར་རྣམ་གྲངས་ཁག་596ལག་ལེན་བསྟར་བ། བོད་སྐྱོར་ལས་དོན་རུ་ཁག་གིས་ལྷོ་ཁའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།
          ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་བྱ་དང་། ནས། སྟར་ཁ། རིག་གནས་ཡུལ་སྐོར་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་གཞིགས་ནས་ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་རིགས་ཀྱི་སྣེ་འདྲེན་ནང་འདྲེན་ཧུར་ཐག་བྱས་ནས་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་འཛུགས་སྐྲུན་དང་། ཨན་ཆི་ཉིའུ་དམིགས་བསལ་སྟར་ཁའི་སྣུམ་ཐོན་སྐྱེད། ས་ཞིང་བརྒྱུད་བཤུག་བཏང་ནས་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་སྐྲུན་པ་བཅས་བྱས་ཏེ་ལྷོ་ཁའི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་ནུས་ལྡན་ཐུབ་པར་རམ་འདེགས་བྱས་ཡོད།
          དེ་དང་ཆབས་ཅིག ལས་དོན་རུ་ཁག་གིས་ཚན་རྩལ་གསར་གཏོད་དང་ཞན་ཆ་སེལ་རྒྱུ་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་ལྷོ་ཁ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འགག་རྩར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དང་མཉམ་འབྲེལ་ཐོག་བོད་བྱ་ཐོན་ལས་ཞིབ་འཇུག་ཁང་བཙུགས་པ་དང་། འབྲི་ཆུའི་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་རྒྱ་ཚ་རྫོང་དུ་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་བཙུགས་པ། ཧུའུ་པེ་ཨན་ཆི་ཚོགས་པའི་སྐྱེ་དངོས་ལག་རྩལ་ལྟེ་གནས་ནང་འདྲེན་བྱས་ཏེ་ལྷོ་ཁ་ཡན་ལག་ལྟེ་གནས་བཙུགས་པ། ཧྭ་ཀྲུང་དགེ་འོས་སློབ་ཆེན་སོགས་ཀྱིས་ཏུང་ཧུའེ་སློབ་འབྲིང་ལ་རོགས་སྐྱོར་བྱེད་རྒྱུར་སྐུལ་འདེད་བཏང་བ། ལྷོ་ཁར་ལྗོངས་ཡོངས་ཀྱི“འབྲས་སྐྲན་གཉིས”གྲལ་བཤེར་ལྟེ་གནས་དང་པོ་དང་། ཕྲུ་གུ་ཡ་མ་གཟུགས་ཀྱི་གྲལ་བཤེར་ལྟེ་གནས། 5Gརྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་བཅས་སྐྲུན་རོགས་བྱས་པ། སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ལྷ་མོའི་ཡུལ་སྐོར“གྲོང་ཚོ་དང་པོ”བསྐྲུན་རྒྱུར་སྐུལ་འདེད་བཏང་བ། “ཧུའུ་པེ་དང་བོད་ཀྱི་བརྩེ་སེམས”ཞེས་པའི་བོད་སྐྱོར་ལས་ཞུགས་སྤུས་རྟགས་བཏོད་དེ། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་150ཧུའུ་པེར་བསྐྱོད་དེ“ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་ཐུབ་པར་རོགས་རམ་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་སྤེལ་རེས་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།