ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ལེགས་ཆ་འདོན་སྤེལ་དང་བརྩེ་བ་ཟབ་མོས་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ།

སྤེལ་དུས 2021-12-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་། བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱས་ནས་རང་སོ་སོའི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་དང་། བྱེད་སྟངས་དང་བྱ་ཐབས་གསར་གཏོད། བརྩེ་བ་ཟབ་མོས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བོད་ལྗོངས་ཀྱི་མི་རིགས་ཁག་གི་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
          ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཞིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རོགས་སྐྱོར་བྱ་ཡུལ་ས་ཁུལ་དུ་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་འཆར་འགོད་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱ་རྒྱུར་རོགས་རམ་བྱེད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་གསར་བརྗེའི་སློབ་གསོའི་རྟེན་གཞི་བཏོད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དར་སྤེལ་སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
          རྣམ་གྲངས་གནད་སྨིན་ལག་བསྟར་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་ཐབས་བྱས་ནས་མི་སེམས་གཅིག་འགྲིལ་ཡོང་བར་བྱས་ཤིང་། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གཞི་རིམ་ལ་ཕྱོགས་པ་དང་། ཞིང་འབྲོག་ཁུལ་ལ་ཕྱོགས་པ། མཐའ་མཚམས་ས་ཁུལ་ལ་ཕྱོགས་པ། དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་པ་བཅས་མཐའ་འཁྱོངས་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོའི་ཞན་ཆ་བསལ་བ། དམངས་འཚོར་ཕན་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་དོན་ཆེན་དང་བྱ་བཟང་ཡག་པོ་སྒྲུབ་པ། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་པའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཚོར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་དར་རྒྱུར་རོགས་རམ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སེམས་ཟབ་མོ་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་གཏིང་ནས་ཚོར་བ་བྱས་པ་རེད།
          དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་བཏང་ཞིང་། འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་དང་འབྲེལ་ཟམ་ཧུར་ཐག་བཙུགས་ནས་བོད་ལྗོངས་ཀྱིས་ལྗོངས་ཕྱིའི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕན་ཚུན་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་མཐོ་བའི་སྒོ་ནས་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་བྱེད་པ། ལྗོངས་ཕྱིའི་ཁེ་ལས་དང་མི་སྒེར་བོད་དུ་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པ། ལྗོངས་ཕྱིའི་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་པ། ལས་ཞུགས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་མང་པོ་ནས་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཀྱི་འགྲོ་འོང་ལ་སྐུལ་འདེད་བཏང་བ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།