ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཚན་རྩལ་བོད་སྐྱོར་གྱིས་རྒྱ་ཚའི་ལོ་ངོ་སྟོང་གི་སྟར་ཁའི་ཐོན་ཁུངས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བ།

སྤེལ་དུས 2023-08-10 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
          བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སྟར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ལོ་ངོ་སྟོང་ཡན་ཟིན་པའི་གནའ་བོའི་སྟར་སྡོང་ཁོ་ན500ལྷག་ཙམ་ཡོད། 2020ལོར་ཁྲང་ཅང་སློབ་ཆེན་སྟར་ཁའི་ཚན་རྩལ་ཆེད་མངགས་ཚོགས་པས་རྒྱ་ཚ་རྫོང་དུ་སྟར་ཁའི་ཞིབ་འཇུག་སུའོ་བཙུགས་ཡོད། ལོ42ལ་སླེབས་པའི་འབུམ་རམས་པ་ལིའུ་ལི་ཕིང་ནི་ཚོགས་པའི་ཁོངས་མི་ཡིན་པ་དང་། ཁོང་གིས་གཙོ་འགན་འཁུར་ནས་ས་མཐོའི་སྟར་ཁའི་ཐོན་ལས་ལག་རྩལ་ཞིབ་འཇུག་རྣམ་གྲངས་ཀྱི་ལས་དོན་མང་ཆེ་བ་ལག་ལེན་བསྟར་ཡོད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཞིབ་འཇུག་སུའོ་ཡིས་ལོ་བརྒྱ་ཡན་གྱི་གནའ་བོའི་སྟར་སྡོང3000ལྷག་ཙམ་ལ་ཡོངས་བཤེར་དང་བྱང་བུ་འགེལ་བའི་ལས་དོན་བསྒྲུབས་ཡོད། གོམ་སྟབས་རྗེས་མར་སྦྱར་ཁ་བརྒྱབ་ནས་ལོ་འདབ་རྒྱས་པར་བྱས་ཏེ་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་སྤུས་ལེགས་ཀྱི་སྟར་སྣུམ་དང་སྟར་ཁའི་ཐའེ་སོགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཤུགས་ཆེན་བྱས་ནས་སྟར་ཁ་སྲོལ་རྒྱུན་འདེབས་འཛུགས་ནས་ཁྱད་ལྡན་ལས་སྣོན་བར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

འདི་ནི་འབུམ་རམས་པ་ལིའུ་ལི་ཕིང(མདུན)གིས་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོའི་གནའ་བོའི་སྟར་སྡོང་འོག་ཏུ་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་བཞིན་པ།

འདི་ནི་འབུམ་རམས་པ་ལིའུ་ལི་ཕིང་གིས་ས་མཐོའི་སྟར་ཁའི་ཞིབ་འཇུག་སུའོ་རུ་སྟར་ཁའི་མ་དཔེར་བརྟག་དཔྱད་བྱེད་བཞིན་པ།

རྩོམ་སྒྲིག་པ། དཔལ་གཡང་།