ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གྲོང་གསེབ་ཀྱི་སློབ་མར་ཆུ་ཐབ་སྤྲད་པ།

སྤེལ་དུས 2023-09-04 ཡོང་ཁུངས། de.tibetol.cn རྩོམ་པ་པོ།

            ཟླ8པའི་ཚེས30ཉིན་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དང་རྒྱལ་སྨན་ཤང་གི་སློབ་ཆུང་གཉིས་ལ་ཆུ་ཚགས་དང་ཆུ་ཐབ་སྤྲོད་པའི་མཛད་སྒོ་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སློབ་ཆུང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ལྷ་ཡུལ་ཤང་དང་རྒྱལ་སྨན་ཤང་གི་སློབ་ཆུང་གཉིས་ལ་རིམ་རྩིས་བྱས་ན་ཆུ་ཚགས་དང་ཆུ་ཐབ13སྤྲད་པ་དེ་དག་ལ་སྒོར་ཁྲི80ཟིན་ཡོད། འདི་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སློབ་ཆུང་གི་སློབ་མས་ཆུ་ཐབ་བསྒར་བའི་ཁང་པའི་ནང་ལག་པ་བཀྲུ་བཞིན་པ།
རྩོམ་སྒྲིག་པ། དཔལ་གཡང་།