ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས།

བོད་སྐྱོར་ཐོན་ཁུངས་སྤྱད་དེ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

སྤེལ་དུས 2023-09-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཉེ་བའི་ལོ་ཤས་རིང་། བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། བོད་སྐྱོར་ཐོན་ཁུངས་གང་ལེགས་སྤྱོད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་མུ་མཐུད་སྒུལ་ཤུགས་གསར་པ་བསྣན་པ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
            སྲིད་ཇུས་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལམ་སྲོལ་ལ་བརྟེན་ནས་སྲུང་སྐྱོང་ཐུབ་པ་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱི་རོགས་རམ་ཤུགས་ཆེན་འོག་བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་འབྲེལ་ཡོད་སྲིད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རོགས་སྐྱོར་དང་ལེན་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རོགས་སྐྱོར་དང་ལེན་གྱི་ཐོན་ཁུངས་རྩིས་ཡག་པོ་དང་བརྟན་པོ་ལེན་ཕྱིར་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།
            རོགས་སྐྱོར་དང་ལེན་བྱེད་པའི་ལས་དོན་ཁྲོད་བོད་ཀྱི་རིམ་ཁག་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པར་འབད་བརྩོན་བྱས་ཤིང་། རོགས་སྐྱོར་དང་ལེན་ལས་དོན་དོན་འཁྱོལ་བྱེད་རྒྱུ་དེ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ཏེ་ལྟ་སྐུལ་ཞིབ་བཤེར་དང་བརྡ་ཁྱབ་ལམ་ལུགས་འཛུགས་པ་དང་། ལས་རིམ་གསལ་འགོད། རྩིས་ཐོ་བསུབ་པ། ལས་དོན་རེ་རེ་བཞིན་དོན་འཁྱོལ་བྱེད་པར་དམ་འཛིན་བཅས་བྱས་ཡོད། ཉེ་བའི་ལོ་གསུམ་རིང་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ཚན་པས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཀའི་འགན་འཁྲི་གཙོ་བོར་གཞི་ཚུགས་ནས་རྣམ་གྲངས་དང་། མ་དངུལ། སྲིད་ཇུས་སོགས་ཁྱབ་ཁོངས་ལ་དམིགས་ཏེ་དྲིལ་བསྒྲགས་སློབ་གསོར་བརྟེན་ནས་བོད་ལ་ཕན་པ་བསྐྲུན་པ་དང་། སྲིད་ཇུས་ལ་བརྟེན་ནས་བོད་ལ་ཕན་འདོགས་པ། ལས་ཞུགས་ལ་བརྟེན་ནས་བོད་སྐྱོར་བྱེད་པ། ཤེས་ལྡན་པར་བརྟེན་ནས་བོད་དར་རྒྱས་ཡོང་བ་སོགས་གཙོ་གནད་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ནས་ལྗོངས་ཡོངས་ཀྱི་རིམ་ཁག་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་དོན་འཁྱོལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་བཏང་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།