ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཐོན་ལས་བོད་སྐྱོར་ལས་རྒྱ་ཚ་རྫོང་ལ་མ་དངུལ་སྒོར་དུང་ཕྱུར་16.4ནང་འདྲེན་ཐུབ་པ།

སྤེལ་དུས 2023-10-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་བྱས་པའི་བོད་ལྗོངས་ཁུན་ཡེ་བསྐྱར་སྤྱོད་ཐོན་ཁུངས་བེད་སྤྱོད་ཀུང་སི་དང་། ཧུའུ་པེ་ཁང་ནུང་སོན་ལས་ཀུང་སི། པེ་ཅིང་ཧྲེང་ཀྲེ་ཚན་རྩལ་ཀུང་སི། དབྱི་ཁྲང་ཅི་ཅི་གྲངས་ནུས་ཚོགས་པ་སོགས་ཁེ་ལས་10ཡིས་རྒྱ་ཚ་རྫོང་སྲིད་གཞུང་དང་གཅིག་སྡུད་ཐོག་མཉམ་ལས་གྲོས་མཐུན་བཞག་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་16.4ཙམ་ཟིན་པ་རེད། 

རྩོམ་སྒྲིག་པ། དཔལ་གཡང་།