ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

2023ལོའི་ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གདན་ཞུའི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་པ།

སྤེལ་དུས 2023-12-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ5པར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལས་ཀའི་དུས་བབ་དང་ཟུང་འབྲེལ་གྱིས་ཅང་སུའུ་ཞིང་ཆེན་སྲིད་གཞུང་ལ་ལས་ཞུགས་བོད་སྐྱོར་གྱི་ཕྱོགས་བཞིའི་ཐད་ཀྱི་རེ་ཞུ་བཏོན་པར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་འབྱོར་ལན་རེ་རེ་བཞིན་བསྐུར་ནས2023ལོའི་ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གདན་ཞུའི་ལས་དོན་གསལ་པོ་བཟོས་ཏེ། ཞིང་ཆེན་སྲིད་གཞུང་གིས་སྣེ་ཁྲིད་པ་དང་། ཞིང་ཆེན་རྩ་འཛུགས་པུའུ་དང་ཞིང་ཆེན་མི་སྤྱི་ཐིང་གིས་སྤྱི་འདོམས་བྱེད་པ། གྲོང་ཁྱེར་ཁག་གི་རྩ་འཛུགས་དང་། མི་སྤྱི། གཞུང་ཁོངས་རྒྱུ་ནོར་སོགས་སྡེ་ཚན་གྱིས་གཞོགས་འདེགས་བཅས་བྱས་ནས་ལས་གནས་ཀྱི་དགོས་མཁོ་ལྟར་རིམ་པ་བཞིན་ལེགས་འདེམས་བྱས་པ་བརྒྱུད་བོད་སྐྱོར་གྱི་བྱ་གཞག་ལས་གནས་རྩེ་གྲ36དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གནས40 དམངས་གཉེར་ཁེ་ལས་ཀྱི་ལས་གནས2000བཅས་མཁོ་འདོན་བྱས་པ་རེད།
             ཉེ་ཆར། མིང་བཀོད་ཞིབ་དཔྱད་དང་། ཡིག་རྒྱུགས། ངོ་རྒྱུགས། ལས་གནས་འདེམས་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད2023ལོའི་ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གདན་ཞུའི་ལས་དོན་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས76གི་ལས་གནས་ཚང་མར་ལས་མི་བསྡུས་ཟིན་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ5པར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལས་ཀའི་དུས་བབ་དང་ཟུང་འབྲེལ་གྱིས་ཅང་སུའུ་ཞིང་ཆེན་སྲིད་གཞུང་ལ་ལས་ཞུགས་བོད་སྐྱོར་གྱི་ཕྱོགས་བཞིའི་ཐད་ཀྱི་རེ་ཞུ་བཏོན་པར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་འབྱོར་ལན་རེ་རེ་བཞིན་བསྐུར་ནས2023ལོའི་ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གདན་ཞུའི་ལས་དོན་གསལ་པོ་བཟོས་ཏེ། ཞིང་ཆེན་སྲིད་གཞུང་གིས་སྣེ་ཁྲིད་པ་དང་། ཞིང་ཆེན་རྩ་འཛུགས་པུའུ་དང་ཞིང་ཆེན་མི་སྤྱི་ཐིང་གིས་སྤྱི་འདོམས་བྱེད་པ། གྲོང་ཁྱེར་ཁག་གི་རྩ་འཛུགས་དང་། མི་སྤྱི། གཞུང་ཁོངས་རྒྱུ་ནོར་སོགས་སྡེ་ཚན་གྱིས་གཞོགས་འདེགས་བཅས་བྱས་ནས་ལས་གནས་ཀྱི་དགོས་མཁོ་ལྟར་རིམ་པ་བཞིན་ལེགས་འདེམས་བྱས་པ་བརྒྱུད། བོད་སྐྱོར་གྱི་བྱ་གཞག་ལས་གནས་རྩེ་གྲ36དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གནས40 དམངས་གཉེར་ཁེ་ལས་ཀྱི་ལས་གནས2000བཅས་མཁོ་འདོན་བྱས་པ་རེད།
             ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་པེ་ཅིང་དང་། ཅང་སུའུ། སི་ཁྲོན་བཅས་མཐོ་སློབ15རུ་བསྐྱོད་དེ་ལྗོངས་ཕྱིའི་ལས་ཞུགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་ལྗོངས་ཕྱིའི་ལས་ཞུགས་སློབ་གསོའི་ཁྲིད་སྟོན་སོགས་སློབ་གླིང་དུ་ལས་ཞུགས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་ས་གནས་ས་ཐོག་ཏུ་མི3100ལྷག་ཙམ་དང་དྲ་ཐོག་ཏུ་མི1700ལྷག་ཙམ་ཞུགས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དང་རྫོང་གི་རིམ་གཉིས་འབྲེལ་ཡོད་སྡེ་ཚན་གྱིས་ལྗོངས་ཕྱིའི་ལས་ཞུགས་གྱི་དཔེ་མཚོན་མི་སྣའི་བྱས་རྗེས་དང་བརྙན་ཐུང་བསྡུ་ལེན་དང་པར་རྒྱག་ལས་དོན་ཧུར་ཐག་སྤེལ་བ་དང་ཐབས་ལམ་སྣ་ཚོགས་བརྒྱུད་རྒྱ་ཁྱབ་ཏུ་ཡོངས་བསྒྲགས་བྱས་པ་དང་ཆབས་ཅིག གཞི་རིམ་དང་སློབ་གླིང་སོགས་སུ་སྒྲོག་འགྲེལ་བྱེད་སྒོ་ཐེངས370ལྷག་ཙམ་སྤེལ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་ལྗོངས་ཕྱིའི་ལས་ཞུགས་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་པ་རེད།
             ཅང་སུའུ་ཞིང་ཆེན་གྱིས་ཆེད་ལས་གདན་ཞུའི་ཚོགས་པ་ལྷ་སར་མངགས་ཏེ་གཞུང་ལས་པའི་ཡིག་རྒྱུགས་ཀྱི་ཚད་གཞི་ལྟར་སྤུས་ཚད་མཐོ་བའི་གདན་ཞུའི་ལས་དོན་སྤེལ་བར་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད། རིམ་རྩིས་བྱས་ན་མིང་བཀོད་ཞིབ་དཔྱད་ལ་མི210ཞུགས་པ་དང་། ཡིག་རྒྱུགས་ལ་མི201ཞུགས་པ། ངོ་རྒྱུགས་ལ་མི140ཚུད་པ། ལས་གནས་འདེམས་པར་མི121ཞུགས་ཡོད། ཡིག་རྒྱུགས་དང་ངོ་རྒྱུགས་ཀྱི་སྤྱིའི་གྲུབ་འབྲས་ལྟར་རིམ་པ་བཞིན་ལས་གནས་འདེམས་པ་དང་ས་གནས་ས་ཐོག་ཏུ་མི76གི་ལས་གནས་གཏན་འཁེལ་བྱས་པ་དང་འབྲེལ། ཅང་སུའུ་ཞིང་ཆེན་གྱི་གདན་ཞུའི་ཚན་པ་དང་གྲོས་མཐུན་བཞག་པ་རེད།
             ལས་ཞུགས་དྲིལ་བསྒྲགས་རྒྱ་ཁྱབ་དང་ལས་ཞུགས་ལས་གནས་རྩེ་གྲ་བཅས་ལ་བརྟེན་ནས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་གདན་ཞུའི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ཆེ་རུ་སོང་བས། ད་ཐེངས་ཀྱི་་གདན་ཞུར་མིང་ཐོ་འགོད་མཁན་པེ་ཅིང་སློབ་ཆེན་དང་། ནན་ཅིང་སློབ་ཆེན། ཤང་ཀང་ཚན་རྩལ་སློབ་ཆེན་སོགས་གྲགས་ཅན་མཐོ་སློབ་ཀྱི་ཕུལ་བྱུང་སློབ་ཐོན་སློབ་མ་དང་གྲངས་ཉུང་མི་རིགས་ཀྱི་སློབ་ཐོན་སློབ་མ་མང་པོ་ཡོད་པས་ཅང་སུའུ་ཡི་བོད་སྐྱོར་གདན་ཞུའི་ལས་དོན་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་། ཚོགས་སྒྲིག་རྣམ་པའི་ལྗོངས་ཕྱིའི་ལས་ཞུགས། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།