མངའ་རིས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞི”དར་སྤེལ་བཏང་ནས་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་བ།
སྤེལ་དུས 2023-12-25
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཧུར་ཐག་གིས“གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཐབ་ས་དང་པོར་བསྐྱོད་དེ་གནས་ཚུལ་དངོས་ལ་རྟོག་ཞིབ་དང་། གནད་དོན་འཚོལ་བ། ཐབས་ཇུས་བཟང་པོ་འདོན་པ། འཕེལ་རྒྱས་ཡོང་བར་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་དམངས་ཀྱི་དཀའ་གནད་དང་སེམས་ཁྲལ་བསལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད།
དད་སེམས་འཆང་བཞིན་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་མང་ཚོགས་ལ་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་ཚོར་བར་བྱས་ཤིང་། མངའ་རིས་ས་ཁུལ་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་བརྟག་དཔྱད་ཞིབ་འཇུག་དང་། ཆ་སྒྲིག་གཉེན་འཚོལ་གྱིས་གྲོགས་པོ་སྒྲིག་པ། “འབྱོར་ཐོ་གཉིས་འགོད”སོགས་དང་ཟུང་འབྲེལ་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོ་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་གསོན་ཉམས་དོད་པའི་གྱོད་དཔེ་དང་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱས་བཤད་བྱས་པ་མ་ཟད། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཀྱང་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད། མིག་སྔའི་བར། མངའ་རིས་ས་ཁུལ་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་དྲིལ་བསྒྲགས་སྒྲོག་འགྲེལ་ཐེངས958བྱས་པར་མང་ཚོགས་མི་ཐེངས་ཁྲི3.9ལྷག་ཙམ་ཞུགས་ཡོད། ཞིང་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ། མང་ཚོགས་ཀྱིས་བཏོན་པའི་དྲི་བར་ཡུལ་དངོས་སུ་ལན་རྒྱག་པའི་བྱ་ཐབས་སྤྱད་དེ་རིམ་ཁག་འཆད་ཁྲིད་ཚོགས་པ་དང་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་སྒྲོག་འགྲེལ་སྣ་ཚོགས་ཐེངས1876བྱས་པ་དང་། དྲི་བ་འདོན་རེས་དང་ལན་རྒྱག་རེས་ཀྱི་རྣམ་པར་བརྟེན་ནས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)140དང་ཞིང་འབྲོག་པའི་སྒྲོག་འགྲེལ་པ290ཡི་ནུས་པ་ཧུར་ཐག་བཏོན་ནས་གུར་ཡོད་ས་དང་སྒོ་རྩར་འཆར་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་འཐབ་ས་དང་པོར་གནད་དོན་ཐག་གཅོད་ཀྱི་ཐབས་ཇུས་བཟང་པོ་གནད་ལ་འཁེལ་པོས་བཙལ་ཞིང་། མངའ་རིས་ས་ཁུལ་གྱིས་ཏང་ཀྲུང་དབྱང་གིས་ཁ་གསལ་བཟོས་པའི་ཕྱོགས12ཀྱི་བརྟག་ཞིབ་ནང་དོན་ལ་དམིགས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་རིགས་ཆེ་གྲས7གྱི་བརྟག་ཞིབ་གཙོ་གནད26ཞིབ་པར་བཟོས་པ་མ་ཟད། ཞིབ་འཇུག་བྱ་གཞི་ལེགས་འདེམས་དང་། བརྗོད་དོན་གཏན་འཁེལ། ནང་དོན་མཐིལ་རྟོགས་ཞིབ་ཚགས་བཅས་བྱས་ནས་རིམ་པ་བཞིན་ཞིབ་དཔྱད་ཀྱི་འགག་སྒོ་ལས་བསྒྲལ་ཏེ“ཚན་ཁག་ཆེན་པོ་བཞིའི”བརྟག་ཞིབ་བྱ་གཞི12གཏན་འཁེལ་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་དང་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། རྫོང་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་སོགས་ཀྱི་ནང་དོན་ལ་དམིགས་ཏེ་བརྟག་ཞིབ་བྱེད་ཕྱོགས་གནད་འཁེལ་བཙལ་བ་དང་དམིགས་སའི་རང་བཞིན་སྒོ་ནས་བརྟག་ཞིབ་བྱ་གཞི265གཏན་འཁེལ་བྱས་པ་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྔོན་གཏན་འཁེལ་བའི་བརྟག་ཞིབ་བྱ་གཞིར་དམིགས་ནས་འཐབ་ས་དང་པོར་བརྟག་དཔྱད་ཞིབ་འཇུག་ཧུར་ཐག་བྱས་ཏེ། འབྲོག་ཁུལ་གྱི་རྩྭ་ར་དང་། ཞིང་ནང་དང་མུ་ཁ། སྦྲ་གུར་བཅས་སུ་བསྐྱོད་དེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་གླེང་མོལ་བྱས་ནས་དགོས་མཁོ་དམངས་ལ་འདྲི་བ་དང་ཕན་འབྲས་དམངས་ལ་དྲིས་ནས་ཡུལ་དངོས་སུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔའི་བར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རིམ་རྩིས་བྱས་ན་བརྟག་ཞིབ་ཐེངས612བྱས་པ་དང་། བརྟག་ཞིབ་བྱས་པ་བརྒྱུད་གནད་དོན987ཤེས་རྟོགས་བྱུང་ནས427ཐག་གཅོད་བྱས་པ་རེད།
ལྷག་བསམ་ཟོལ་མེད་ཀྱིས་གཤམ་དུ་བཅར་འདྲི་དང་ངོ་བཅར་བར་སྣེ་ལེན་ཞུས་ནས་འཐབ་ས་དང་པོར་དམངས་འཚོའི་དཀའ་གནད་ཐག་གཅོད་བྱས་ཤིང་། མངའ་རིས་ས་ཁུལ་གྱིས་ས་ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་དུས་བཀག་ལྟར་ངོ་བཅར་བར་སྣེ་ལེན་ཞུ་བ་དང་གཤམ་དུ་བཅར་འདྲིར་སྐྱོད་པའི་ལམ་ལུགས་བཙུགས་ནས་གཤམ་དུ་བཅར་འདྲི་དང་ངོ་བཅར་བར་སྣེ་ལེན་ཞུ་བ་དེ་བརྟག་དཔྱད་ཞིབ་འཇུག་དང་གནད་དོན་ཐག་གཅོད་དང་ཟུང་འབྲེལ་གྱིས་རྫོང་དང་། ཤང་དང་གྲོང་རྡལ། ཁག་བགོས་དོ་དམ་སྡེ་ཚན་བཅས་དང་འབྲེལ་བ་གཏིང་ཟབ་བྱས་ནས་གྱོད་དཔེ་དྲངས་ཏེ་གཤམ་ལ་བཅར་འདྲི་བྱེད་པ་དང་། གཙོ་གནད་ཐོག་ངོ་བཅར་ཁ་ཆད་བྱེད་པ། མཉམ་དུ་ངོ་བཅར་བར་སྣེ་ལེན་ཞུ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རང་འགུལ་ངང་འགལ་བ་ཅུང་གཅིག་སྡུད་ཆེ་བ་དང་གནད་དོན་ཅུང་རྙོག་འཛིང་ཆེ་བའི་འཐབ་ས་དང་པོར་བསྐྱོད་དེ་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་ནུས་ལྡན་ངང་བསལ་ཡོད། མིག་སྔའི་བར། མངའ་རིས་ས་ཁུལ་གྱི“ཚན་ཁག་ཆེན་པོ་བཞིའི”འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཤམ་དུ་བཅར་འདྲི་ཐེངས30བྱས་ནས་འགལ་ཟླ་དང་རྩོད་གཞི་ཁག33ཐག་གཅོད་བྱས་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ398ཀྱིས་གཤམ་དུ་བཅར་འདྲི་བྱས་ཏེ་ངོ་བཅར་བར་སྣེ་ལེན་ཐེངས440ཞུས་ནས་གནད་དོན241ཐག་གཅོད་བྱས་ཡོད། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་འགོ་ཁྲིད་ཀྱིས་གྱོད་གཞི་ཐག་གཅོད་འགན་གཙང་ལེན་པའི་ལམ་ལུགས་དོན་འཁྱོལ་གྱིས་བསྐྱར་ཟློས་ཐེབས་པའི་ཡིག་འབུལ་ཞུ་བཅར་གྱི་དོན་གནད་ལ“འགན་ལེན་དྲུག”གི་ལས་ཀའི་བླང་བྱ་དོན་འཁྱོལ་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་དུས་བབ་ལ་དབྱེ་ཞིབ་དང་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་བསྐྱར་ཟློས་ཐེབས་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན43ནས36ཐག་གཅོད་བྱས་ཡོད། ས་ཁུལ་དང་རྫོང་གི་ཏང་སྲིད་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་གཞི་རིམ་དུ་བསྐྱོད་དེ“འཚམས་འདྲི་ཆེན་པོ་དང་། བརྟག་ཞིབ་ཆེན་པོ། གྲལ་བཤེར་ཆེན་པོ། འདུམ་འགྲིག་ཆེན་པོ”བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་ཐེངས10བྱས་པར་ཁྱོན་འགལ་ཟླ་དང་རྩོད་གཞི119གྲལ་བཤེར་ཐུབ་པ་ནས117ཐག་གཅོད་བྱས་ཡོད།
འགན་འཁྲི་ཁུར་ནས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཏེ་འཐབ་ས་དང་པོར་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཞིང་། མངའ་རིས་ས་ཁུལ་གྱིས“འཐབ་ས་དང་པོའི་ལས་ཀའི་བྱེད་སྟངས”ཁྱབ་གདལ་ཤུགས་ཆེན་བཏང་ནས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་ཁྲིད་ཀྱིས་ཁག་སོ་སོར་རྫོང1ལ་འབྲེལ་བ་བྱེད་པ་དང་། ས་ཁུལ་ཐད་གཏོགས་ཚན་པ2ནས5བར་འགན་གཙང་ལེན་པ། གཞི་རིམ་ཏང་ཀྲི་པུའུ་དང་འབྲེལ་བ་བཅས་བྱས་ཏེ་དུས་ངེས་མེད་དུ་བཅར་འདྲི་དང་བརྟག་ཞིབ་བྱས་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ཤིང་། མིག་སྔའི་བར་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་ཁྲིད་ཚན་ཁག་གནས་སྦྱར་འགན་གཙང་ལེན་ཡུལ་དུ་བསྐྱོད་དེ་མཛུབ་ཁྲིད་ཐེངས64བྱས་པ་དང་། གནད་དོན112ཤེས་རྟོགས་བྱུང་བ་ནས69ཐག་གཅོད་བྱེད་རོགས་བྱས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པ694ཡིས་ཡུལ་དངོས་སུ་གཞུང་དོན་ཐེངས658བསྒྲུབས་པར་གནད་དོན516ཐག་གཅོད་བྱས་ཡོད། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ལས་དོན་གྱི་ས་གནས་ས་ཐོག་གི་སྤེལ་རེས་ཚོགས་འདུ་དང་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་སོགས་འཚོགས་ཏེ། བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་སྤེལ་རེས་བྱས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་བས་བསམ་ཕྱོགས་གསལ་བཟོ་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་ཡོངས་སུ་བསྡུར་སློབ་སྙེག་བརྒལ་གྱི་རྣམ་པ་བཟང་པོ་གཏོད་པར་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁེ་ལས་ཀྱི་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དེ་བཞིན་འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས་བདེ་འཇགས་ཐོན་སྐྱེད་དང་། དངུལ་རྩའི་རོགས་སྐྱོར། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།