ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་སྨན་བཅོས་ཚོཊ་ཆུང་གིས་མང་ཚོཊ་ལ་འོས་འགན་སྨན་བཅོས་བྱས་པ།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་འཕྲོད་བསྟེན་ཁོངས་གཏོགས་ཀྱི"གཞི་རིམ་དུ་སྐྱོད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། སྨན་བཅོས་བྱེད་པ། གཅེས་སེམས་འབུལ་བ"བཅས་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ། ཞིང་འབྲོག་པར་ཐག་ཉེ་ས་ནས་དེ་བས་ལེགས་པའི་སྨན་བཅོས་ཞབས་འདེགས་ཞུ་བ་དང་ཞིང་འབྲོག་པར་བདེ་ཐང་ཡོང་བ་བཅས་བྱེད་ཆེད། ཉིན་ཤས་གོང་ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་སྨན་བཅོས་ཚོགས་ཆུང་གིས་ཁ་རུབ་ཆུས་རྨོ་མདའ་ཤང་རྨོ་མདའ་གྲོང་ཚོར་སྨན་སྤྲོད་པ་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།

          བྱེད་སྒོའི་ཁྲོད་ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་སྨན་བཅོས་ཚོགས་ཆུང་གིས་རྨོ་མདའ་ཤང་གི་ཞིང་འབྲོག་པར་འོས་འགན་སྨན་བཅོས་བྱས་ཤིང་། ནད་ལྟ་བར་ཡོང་མཁན་མང་ཚོགས་ལ་ནན་ཏན་ངང་ཁྲག་ཤེད་དང་རྩ་བལྟས་ཁར། སྨན་སྤྲད་པ་མ་ཟད་རྒྱུན་མཐོང་གི་ནད་དང་ཐོན་མང་བའི་ནད། དེ་བཞིན་ནད་རིགས་སྔོན་འགོག་དང་འཕྲོད་བསྟེན་བདེ་ཐང་གི་འབྲེལ་ཡོད་ཤེས་བྱ་སོགས་འགྲེལ་བཤད་བརྒྱབ་ཅིང་། མང་ཚོགས་ཀྱི་དོགས་གནད་ངང་རྒྱུད་རིང་པོས་བསལ་ཏེ། "ནད་རིགས་ཁག་སྔ་ཙམ་རྟོགས་པ་དང་། སྔ་ཙམ་བརྟག་པ། སྔ་ཙམ་བཅོས་པ"བཅས་བྱས་ནས་མང་ཚོགས་ཀྱིས་སྒོ་འགྲམ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱས་པ་རེད།