དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཆོས་འཕེལ་གྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་པ།

སྤེལ་དུས 2020-03-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ད་ཆ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྤ་རྭ་གྲོང་ཚོའི་མི་མང་པོས་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ལས་གཏོད་ལས་ཞུགས་ཀྱི་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད་པ་རེད། ཁོང་ཚོས་རང་ཉིད་ཀྱི་ལག་ཤེས་དང་རྩལ་ནུས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་པོའི་ལམ་དུ་བསྐྱོད་ཡོད། སྤ་རྭ་གྲོང་ཚོའི་ཆོས་འཕེལ་གྱི་ཕྱུག་འགྱུར་ལམ་བུ་དེ་ཇ་ཁང་བཙུགས་པ་ནས་འགོ་ཚུགས་ཡོད།

          འདི་ལོ་ལོ་44ལ་སླེབས་པའི་ཆོས་འཕེལ་གྱི་ཁྱིམ་དུ་མི་5ཡོད་པ་དང་ཕྲུ་གུ་3པོ་སློབ་གྲྭར་སྐྱོད་བཞིན་ཡོད། ལོ་འགའི་གོང་ཁྱིམ་ཚང་ལ་ཡོང་འབབ་བརྟན་པོ་མེད་པས་འཚོ་བའི་གནོན་ཤུགས་ཀྱིས་ཁོང་བཟའ་ཚོ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། ཆོས་འཕེལ་ལ་མ་བྱན་གྱི་ལག་རྩལ་ཡག་པོ་ཡོད་རུང་། མ་དངུལ་ཡོང་ཁུངས་གང་ཡང་མེད་པས་བཟའ་ཚོ་གཉིས་ཀྱིས་ཞིང་ལས་བྱས་ཏེ་འཚོ་ཐབས་བྱེད་ཀྱི་ཡོད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་བྱེད་རིང་སྤ་རྭ་གྲོང་ཚོས་ཆོས་འཕེལ་གྱི་ནང་མི་ཚོ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་དུ་བཅུག

ཆོས་འཕེལ་གྱི་ནང་མི་ཚོ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་ཚུད་རྗེས་སྤ་རྭ་གྲོང་ཚོས“ཁ་གསབ་ལ་བརྟེན་ནས་དབུལ་སྒྲོལ”བྱེད་ཐབས་སྤྱད་དེ་ཆོས་འཕེལ་བཟའ་ཚོ་གཉིས་ནགས་སྲུང་བའི་ལས་གནས་སུ་བཀོད་སྒྲིག་བྱས་པ་རེད།                                                   ཆོས་འཕེལ་གྱིས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཆུད་ཟོས་སུ་མི་གཏོང་བ་དང་ནང་མི་ཚོ་སྔ་ཙམ་དབུལ་སྒྲོལ་གྱིས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་ཆེད། རང་ཉིད་ཀྱིས་མ་བྱན་གྱི་ལག་རྩལ་ཤེས་ཀྱི་ཡོད་པས་ཁོང་བཟའ་ཚོ་གཉིས་པོས་སྤ་རྭ་གྲོང་ཚོར་ཇ་ཁང་ཞིག་བཙུགས་པ་རེད། ཁོང་གཉིས་ཀྱིས་བཟོས་པའི་ཁ་ལག་བྲོ་བ་ཞིམ་པ་དང་རིན་གོང་འཚམ་པས་གྲོང་ཚོར་སྐད་གྲགས་ཆོད་དེ་ཇ་ཁང་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་11ཙམ་ཡོང་གི་ཡོད།

          དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག་ཆོས་འཕེལ་བཟའ་ཚོ་གཉིས་ཀྱིས་རང་ངོས་ཀྱི་ནུས་པ་བཏོན་ནས་འབད་བརྩོན་ཧུར་ཐག་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དང་དུད་ཚང་དབུལ་པོ་གཞན་གྱིས་སློབ་སྦྱོང་བྱེད་པའི་མིག་དཔེར་གྱུར་བ་རེད། ཆོས་འཕེལ་གྱིས་དེར་བློ་ཡིད་ཚིམ་ནས་མ་བསྡད་པར་ཁོང་གིས་རང་ཉིད་ཕྱུག་པོ་ཆགས་པ་དང་མཉམ་དུ་མི་འབོར་དབུལ་པོ་ཁག་གཅིག་མཉམ་དུ་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་དང་རོགས་རམ་བྱེད་དགོས་པའི་ངོས་འཛིན་ཐུབ་སྟེ་རང་ཉིད་ཀྱི་ཇ་ཁང་ནང་ཕྱི་ནས་མི་བསྡུས་ཏེ་གྲོང་མི་ཁག་གཅིག་དང་མཉམ་དུ་ལས་གཏོད་བྱས་པ་རེད།

ཕྱུག་པོ་ཆགས་པའི་ཆོས་འཕེལ་གྱིས་རྟག་ཏུ་གྲོང་མི་ཚོར་ཏང་གི་ཕྱུག་འགྱུར་སྲིད་ཇུས་དང་རྒྱལ་གཅེས་ཏང་གཅེས་ཀྱི་ལྟ་བ་དྲིལ་བསྒྲགས་བྱེད་པ་དང་གྲོང་མིའི་སྣེ་ཁྲིད་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱེད་ཀྱི་ཡོད། ཆོས་འཕེལ་གྱིས“རང་ཉིད་ཀྱིས་ངལ་རྩོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་ཚེ་དངོས་གནས་བློ་བདེ་པོ་ཞིག་འདུག ངས་མུ་མཐུད་ཇ་ཁང་ཡག་པོ་གཉེར་བ་དང་ནགས་སྲུང་བའི་ལས་ཀ་ཡག་པོ་བྱས་ཏེ་ཡོང་འབབ་མང་ཙམ་བསགས་ཏེ་ཇ་ཁང་རྒྱ་ཆེར་གཏོང་གི་ཡིན། ངས་མུ་མཐུད་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོར་བརྟེན་ནས་ཚན་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་བབ་གསར་པ་དང་ཟུང་འབྲེལ་གྱིས་མ་བྱན་གྱི་ལག་རྩལ་ཟམ་མི་ཆད་པར་ལེགས་སུ་བཏང་ནས་ཕྱུག་འགྱུར་ལམ་བུའི་ཐོག་འོད་སྟོང་གསར་པ་གཏོད་རྒྱུ་ཡིན”ཞེས་བཤད།

རྩོམ་སྒྲིག་པ། བདེ་སྒྲོལ།