དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཐེམ་ཁོངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་མ་ནང་ལོག་ས་ཁུལ་དུ་ལས་ཞུགས་བྱེད་ཚད་ཇེ་མང་དུ་ཕྱིན།

སྤེལ་དུས 2020-05-07 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
          ཉེ་བའི་ལོའི་ནང་།  ཕྱོགས་ཡོངས་ནས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ཆེད།  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐྱོར་གྱི་སྦྲེལ་ཐག་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས།  ལྗོངས་ཕྱི་རོལ་དུ་སློབ་ཆེན་སློབ་ཐོན་པ་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་དང་ཞབས་ཞུ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་དང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་བཏང་ཐོག  བོད་དང་རྒྱ་ནག་དབར་གྱི་སྤེལ་རེས་དང་འགྲོ་འོང༌།  མཉམ་འདྲེས་བཅས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས།  ལྗོངས་ཕྱི་རོལ་དུ་ལས་ཞུགས་ཐུབ་མཁན་སློབ་ཆེན་སློབ་ཐོན་པ་ཇེ་མང་དུ་འགྲོ་བཞིན་ཡོད།
         2019ལོའི་ཟླ་བཅུ་གཉིས་པར་ཅི་ལིང་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག  ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པར་ཁ་ཕྱོགས་པའི་བོད་སྐྱོར་ལས་ཞུགས་ཀྱི་ཆེད་དོན་གདན་ཞུའི་ཡིག་རྒྱུགས་བཏང་བ་བརྒྱུད།  ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པ106ཅི་ལིང་དུ་ལས་ཞུགས་ཐུབ་ཡོད།
         ཤེས་རྟོགས་བྱས་པར་གཞིགས་ན།  ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད།  ན་ནིང་ཅི་ལིང་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་ལས་གྲོས་མཐུན་བཞག་ཡོད་པ་དང་།  གྲོས་མཐུན་ལ་གཞིགས་ན་ཅི་ལིང་ཞིང་ཆེན་གྱིས་ལོ་ལྟར་ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པར་བྱ་གཞག་ལས་རིགས་ཀྱི་སྒྲིག་ཁོངས་ལས་གནས 200མཁོ་འདོན་བྱེད་རྒྱུ་ཡིན་ཞིང་གྲོས་མཐུན་བཞག་ཡུན་ལོ་བདུན་རེད།
         ལོ་གཅིག་རིང་ཕྱོགས་ཁག་གིས་གཞོགས་འདེགས་ཧུར་ཐག་བྱས་པ་བརྒྱུད།  ཐེམ་ཁོངས་གཞིས་རྩེ་ཡིན་པའི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།  སྐབས་ཐོན་སློབ་ཆེན་སློབ་ཐོན་པ་ལས་ཞུགས་ཐུབ་ཚད་བརྒྱ་ཆ99.01ཟིན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན།  ན་ནིང་ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པ182ཅི་ལིང་དང་ཧེ་ལུང་ཅང་གི་བྱ་གཞག་ལས་གནས་ཀྱི་ཆེན་དོན་གདན་ཞུ་བརྒྱུད་ལས་ཞུགས་ཐུབ་ཡོད།
         སྲིད་ཇུས་འགན་སྲུང་གི་རྨང་གཞིའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་ཧྲང་ཧེ་དང་ཧྲན་ཏུང༌།  ཅི་ལིང༌།  ཧེ་ལུང་ཅང་བཅས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞིར་བོད་སྐྱོར་འབྲེལ་གཏུག་ཞབས་ཞུ་ལྟེ་གནས་བཙུགས་ཏེ།  སློབ་ཆེན་སློབ་ཐོན་པ་ལྗོངས་ཕྱི་རོལ་དུ་ལས་ཞུགས་ཐུབ་རྒྱུར་དམ་འཛིན་བྱས་ནས།  ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པར་ལས་ཞུགས་ཀྱི་ཁྲིད་སྟོན་ཞབས་ཞུ་སྒྲུབ་སྟེ་ཁོང་ཚོ་ལས་ཞུགས་བདེ་བླག་དང་བརྟན་པོ།  བློ་བདེ་བཅས་ཡོང་བ་བྱས་ཡོད།
         ཉེ་བའི་ལོའི་ནང་།  བོད་རང་སྐྱོང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་སློབ་ཆེན་སློབ་ཐོན་པ་ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ།  བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17དང་།  བོད་སྐྱོར་ཀྲུང་དབྱང་ཁེ་ལས16གིས་བོད་ལྗོངས་ལ་ལས་ཞུགས་ལས་གནས་ཁྲི8ལྷག་ཙམ་མཁོ་འདོན་བྱས་པ་དང་།  བོད་ལྗོངས་ཀྱི་འབྲེལ་ཡོད་ཚན་པས་སྣེ་ཁྲིད་དེ་བོད་སྐྱོར་ལས་ཞུགས་གྱི་ཆེད་དོན་གདན་ཞུའི་བྱེད་སྒོ་ཐེངས 100ལྷག་ཙམ་སྤེལ་ཡོད་པས།  བོད་སྐྱོར་ལས་ཞུགས་བརྒྱུད་ལྗོངས་ཕྱི་རོལ་དུ་ལས་ཞུགས་ཐུབ་མཁན་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པ་ཇེ་མང་དུ་ཕྱིན་ནས།  བོད་ལྗོངས་དང་རྒྱ་ནག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་སྤེལ་རེས་དང་འགྲོ་འོང༌། མཉམ་འདྲེས་བཅས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།  །