དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

གཏམ་བཟང་། བོད་ལྗོངས་ཆབ་མདོའི་ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་ལ་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

སྤེལ་དུས 2020-05-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཚན་རྩལ་པུའུ་ཡིས་2020ལོར་རྒྱལ་ཁབ་ཀྱི་ཐོ་འགོད་སྙན་སེང་ཞུས་པའི་དམངས་གཏོད་ལྟེ་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཧྥུའུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་མིང་ཐོ་དེའི་གྲས་སུ་ཚུད་ཡོད་ཅིང་། དེ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་དམངས་གཏོད་ལྟེ་གནས་ཐོག་མ་རུ་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ལ་ད་ལྟ་རྒྱལ་ཁབ་རིམ་པའི་དམངས་གཏོད་ལྟེ་གནས་6ཡོད་པ་ལས་5ནི་ལྷ་སར་ཡོད་པ་དང་། ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་ནི་ལྷ་ས་ཕུད་པའི་གཅིག་པུ་དེ་རེད།

ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་ལ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་པུའུ་ཡི་དམངས་གཏོད་ལྟེ་གནས”ཞེས་པའི་མཚན་སྙན་ཐོབ་པ།
        “ཁེ་ལས་ག་ཚོད་སྐྱེད་སྲིང་དང་། གསོ་སྦྱོང་ག་ཚོད་གཉེར་བ། གཞི་ཁྱོན་ཆེ་ཆུང་ཅི་ཙམ་ཡིན་པ་སོགས་རྒྱལ་ཁབ་རིམ་པའི་དམངས་གཏོད་ལྟེ་གནས་ལ་དམིགས་ཚད་གསལ་པོ་ཡོད། རྒྱལ་ཁབ་རིམ་པའི་དམངས་གཏོད་ལྟེ་གནས་གཏོད་པའི་བརྒྱུད་རིམ་ནི་ང་ཚོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེ་རུ་འགྲོ་བའི་བརྒྱུད་རིམ་ཞིག་རེད།”ཞེས་ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་གཉེར་སྐྱོང་གི་འགན་འཁུར་མཁན་ཆན་པའེ་ཏུའུ་དམངས་གཏོད་ལྟེ་གནས་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་དབྱང་སུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་དང་། རྒྱལ་ཁབ་རིམ་པར་འཕར་ན་དམངས་གཏོད་ལྟེ་གནས་ཀྱི་སྤུས་རྟགས་ནུས་པ་ཆེ་རུ་གཏོང་བ་དང་དེའི་ཤུགས་རྐྱེན་ཁྱབ་ཁོངས་ཆེ་རུ་གཏོང་ཐུབ་ལ། ན་གཞོན་སྔར་ལས་མང་པོ་ཞིག་གིས་ལས་གཏོད་བྱེད་པ་དང་ཁོ་ཚོ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱེད་པའི་དགེ་མཚན་ཆེན་པོ་ལྡན།

ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་ཀྱི་ཕྱིའི་རྣམ་པ།

ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་ཀྱི་ཕྱིའི་རྣམ་པ།

ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་ཀྱི་ནང་ངོས།
        2016ལོར་“གཉིས་གཏོད”ལས་དོན་ལ་སྐུལ་འདེད་གཏོང་ཆེད། ཧྥུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཚན་རྩལ་ཐིང་། ཆབ་མདོ་ཁུལ་གསར་དོ་དམ་ཨུ་ལྷན། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་བོད་ལྗོངས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཆབ་མདོ་གྲོང་ཁྱེར་གྱི་“གཉིས་གཏོད”ལས་སྟེགས་ཐོག་མ་སྟེ་ཧྥུ་ཅན་དང་ཆབ་མདོའི་དམངས་གཏོད་ལྟེ་གནས་བསྐྲུན་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་630ལྷག་ཙམ་བཏང་བའི་ཁྲོད་ཧྥུའུ་ཅན་ཞིང་ཆེན་གྱིས་སྒོར་ཁྲི་560ལྷག་ཙམ་རོགས་སྐྱོར་བྱས་ཡོད།
        ལོ་ངོ་3ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་དེ། དམངས་གཏོད་ལྟེ་གནས་སུ་སྒོ་དབྱེ་རྣམ་པའི་གཞུང་ལས་ཁུལ་དང་། མཐོ་གསར་ཚན་རྩལ་ལས་གཏོད་ཞབས་ཞུ་ལྟེ་གནས་ཀྱི་གཞུང་ལས་ཁང་དང་། དམངས་གཏོད་ཚིག་ཇ་ཁང་། ལས་གཏོད་རྣམ་གྲངས་ལས་སྒྲུབ་ཁང་། ཐོན་རྫས་འགྲེམས་ཁུལ། གུ་ཡངས་ཁ་བརྡའི་གླིང་སོགས་ཀྱི་བྱེད་ནུས་ལྡན་པའི་ཁང་པ་བསྐྲུན་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་4000ལྷག་ཙམ་ཟིན་པ་དང་། སྔ་རྗེས་སུ་རིགས་སྣ་ཚོགས་པའི་གསོ་སྦྱོང་ཐེངས་36བསྒྲུབས་ཡོད། མཐོ་གསར་ཚན་རྩལ་ལས་གཏོད་ཞབས་ཞུ་ལྟེ་གནས་ལ་ཁེ་ལས་110ཡོད་པ་དང་། དེ་ལས་ཐོན་པའི་ཁེ་ལས་16ཟིན་ཡོད་ལ། ས་གནས་དེ་གའི་མི་256ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་ཡོད།
        ཐེངས་རྗེས་མར་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་“ལས་སྟེགས་ཀྱི་བསམ་གཞིག”ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མཐོ་གསར་ཚན་རྩལ་ལས་གཏོད་ཞབས་ཞུ་ལྟེ་གནས་དང་དམངས་གཏོད་ལྟེ་གནས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ། ལས་གཏོད་ཞབས་ཞུའི་རྟེན་གཞིའི་རྣམ་པ་གསར་གཏོད་དང་། ཁོར་ཡུག་ལེགས་འགྱུར། ཕན་འབྲས་མཐོར་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ། མཐོ་གསར་ཚན་རྩལ་ལས་གཏོད་ཞབས་ཞུ་ལྟེ་གནས་སྣ་ཚོགས་ཚན་རྩལ་རྣམ་པའི་ཁེ་ལས་སུ་སྐྱེད་སྲིང་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། གསར་གཏོད་ལས་གཏོད་ཐོན་ཁུངས་ཀྱི་གཞི་རྟེན་གཙོ་བོ་ཕན་ཚུན་སྦྲེལ་མཐུད་བཅས་བྱ་རྒྱུ་རེད།