དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་བོད་སྐྱོར་ལས་དོན་གཏིང་ཟབ་ཀྱི་ཕྱོཌ་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

སྤེལ་དུས 2020-06-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ན་ནིང་ནས་བཟུང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་བཟོ་ཚོགས་འཛུགས་རྒྱུ་གོ་སྐབས་སུ་བརྩིས་ཏེ། “གཅིག་རེ་གསུམ”གྱི་སློབ་སྦྱོང་གི་འགྲན་བསྡུར་དང་། “གཅིག་རེ་གསུམ”གྱི་ཆ་སྒྲིག་རོགས་སྐྱོར། “གཅིག་རེ་གསུམ”གྱི་འཛུགས་གཏོད་བྱེད་སྒོ་བཅས་གསར་གཏོད་ངང་སྤེལ་ནས། བོད་སྐྱོར་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད། 
          “གཅིག་རེ་གསུམ”གྱི་སློབ་སྦྱོང་གི་འགྲན་བསྡུར་ལ་བརྟེན་ནས་ཚོགས་མིའི་བྱང་ཚད་མཐོ་རུ་བཏང་ཞིང་། བཟོ་ཚོགས་དེས་རྩོམ་རིག་དང་། པར་ལེན། ཐའེ་ཆིའུ་སྤོ་ལོ། ཡིག་གཟུགས། བདེ་ཐང་ལུས་གསོ་སོགས་དགའ་མོས་ཚོགས་ཆུང་8སྔ་རྗེས་སུ་བཙུགས་ཏེ། རྩོམ་བསྡུ་དང་། པར་ལེན། ཡིག་གཟུགས་སོགས་འགྲན་བསྡུར་སྣ་ཚོགས་ཐེངས་6དང་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་བདེ་ཐང་སྐོར་གྱི་འཆད་ཁྲིད་ཐེངས་6བྱས་ནས་བོད་སྐྱོར་གྱི་འཚོ་བ་ཕུན་སུ་ཚོགས་སུ་བཏང་ཡོད། 
          “གཅིག་རེ་གསུམ”གྱི་ཆ་སྒྲིག་རོགས་སྐྱོར་ལ་བརྟེན་ནས་མི་རིགས་དབར་འགྲོ་འོང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཞིང་། ཚོགས་མིས་བོད་རིགས་གཅིག་དང་གྲོགས་པོ་སྒྲིག་པ་དང་། དུད་ཚང་དབུལ་པོ་གཅིག་ལ་རོགས་སྐྱོར་བྱེད་པ། སློབ་མ་གཅིག་ལ་ཆ་སྒྲིག་རོགས་རམ་བྱེད་པ་བཅས་བྱ་རྒྱུའི་འབོད་སྐུལ་བྱས་ཏེ། དུད་ཚང་དབུལ་པོའི་དཀའ་ངལ་དངོས་སེལ་རོགས་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དགའ་གཅེས“གཉེན་ཉེའི”དུད་ཚང་ཚང་མས་ཚོར་བ་བྱས་ཡོད། “གཅིག་རེ་གསུམ”གྱི་འཛུགས་གཏོད་བྱེད་སྒོར་བརྟེན་ནས་བཟོ་ཚོགས་ཀྱི་དགའ་གཅེས་དང་དོ་ཁུར་མཚོན་པར་བྱས་ཤིང་། 《ལས་དོན་རུ་ཁག་གི་སྨན་བཅོས་འགན་སྲུང་ལས་ཀའི་ཇུས་གཞི》བཏོན་ཏེ། སྨན་བཅོས་སྐྱོབ་བཅོས་དང་གཟུགས་པོར་བརྟག་དཔྱད་ཀྱི“ཐོགས་མེད་ལམ”བཏོད་ནས་དུས་བཀག་བཞིན་རུ་མི་ཚང་མ་སྒྲིག་འཛུགས་བྱས་ཏེ་གཟུགས་པོར་བརྟག་དཔྱད་བྱས་པ་དང་ཚོགས་མིར་བདེ་ཐང་ཡིག་ཚགས་བཟོས་ཏེ། ལ་དུག་ཤུགས་ཆེན་ཕོག་པའི་ཚོགས་མིར་ཡང་བསྐྱར་གཟུགས་པོར་བརྟག་དཔྱད་དང་འཁོར་ཞག་ཏུ་འགྲོ་རྒྱུ་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཡོད།