དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཧོ་པེའི་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དཔུང་ཁག་གསར་པས“སློབ་གྲྭ་མཉམ་འབྲེལ་བྱེད་སྟངས”ལ་བརྟེན་ནས་སློབ་གསོའི་བོད་སྐྱོར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།

སྤེལ་དུས 2020-11-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི“གཅེས་སེམས་རོལ་དབྱངས”ཚོགས་པས་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པར་སྤྱི་ཕན་སློབ་སྐྱོར་བྱེད་སྒོ་སྤེལ་སྐབས་བརྒྱབ་པའི་མཉམ་པར་ཡིན་པ།
          ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཧོ་པེ་ཞིང་ཆེན་གྱི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དཔུང་ཁག་གསར་པ་བོད་དུ་འབྱོར་ནས་ལོ་གཅིག་ལྷག་གི་རིང་ཧོ་པེ་ཞིང་ཆེན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཕྱོགས་ཡོངས་དང་། ཐབས་ལམ་རྒྱ་ཆེན་པོ། ཁྱབ་ཁོངས་སྣ་ཚོགས་བཅས་ཀྱིས་མི་རིགས་སྤེལ་རེས་དང་འགྲོ་འོང་གི་བྱེད་སྒོ་སྤེལ་ནས་རོགས་སྐྱོར་བྱེད་མཁན་སློབ་གྲྭ་དང་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་པ་དང་། དགེ་སློབ་མཉམ་དུ་གསོ་སྦྱོང་བྱེད་པའི་སློབ་གསོའི་བོད་སྐྱོར་ལམ་སྲོལ་འཛུགས་པ། “སློབ་གྲྭ་མཉམ་འབྲེལ་བྱེད་སྟངས”བློ་ཁོག་ཆེན་པོས་ཚོད་ལྟ་བཅས་བྱས་ཏེ་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ་བོད་ལྗོངས་ཀྱི་སློབ་གྲྭ་དང་ནང་སའི་སློབ་གྲྭའི་སྦྲེལ་མཐུད་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པས་སྔོན་ཐོན་འདུ་ཤེས་ཀུན་ཁྱབ་དང་། སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད། དགེ་རྒན་གྱི་སྟོབས་ཤུགས་གཉིས་སྤྱོད་བཅས་མངོན་འགྱུར་བྱུང་སྟེ་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དགེ་སློབ་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ཐེབས་ཡོད་པ་རེད།
          རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དགེ་རྒན་གྱི་ཆེད་ལས་ཡོན་ཚད་དང་སློབ་མའི་ཡར་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། བོད་སྐྱོར་དཔུང་ཁག་གིས་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་པ་དང་། རོགས་སྐྱོར་བྱེད་མཁན་སློབ་གྲྭའི་སློབ་ཚན་གྱི་ཐོན་ཁུངས་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པ། དགེ་རྒན་གྲགས་ཅན་གྱིས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པར་བརྟེན་པ་བཅས་བྱས་ཏེ་སློབ་གྲྭས་ཧོ་པེ་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན་ལས་དོན་ཁང་གི་དགེ་རྒན་གདན་དྲངས་ནས་ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་དུ་སློབ་ཁྲིད་སློབ་དཔྱོད་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ་ཕུད། ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་གི་བོད་རིགས་དོ་དམ་པ་དང་དེ་བཞིན་དགེ་རྒན་20ལྷག་ཙམ་ཧྲི་ཅ་ཀྲོང་དང་། ཧན་ཧྲུའེ། ཧན་ཏན་བཅས་ཀྱི་ཕུལ་བྱུང་སློབ་གྲྭར་བཏང་ནས་དུས་ཡུན་ཟླ་ཕྱེད་རིང་གི་སློབ་སྦྱོང་དང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་རེད།
          སློབ་གསོའི་བོད་སྐྱོར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ལས་ཀའི་ཉམས་མྱོང་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་། འབྲེལ་ཟམ་གྱི་ནུས་པ་གང་ལེགས་འདོན་པ། ཧོ་པེ་དང་བོད་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་དང་ཧོ་པེ་ཞིང་ཆེན་ཁ་གཏད་རོགས་སྐྱོར་སློབ་གྲྭས་ཁྱབ་ཁོངས་སྔར་བས་ཆེ་བ་དང་སྔར་བས་གཏིང་ཟབ་པའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད།
          “སློབ་གྲྭ་མཉམ་འབྲེལ་བྱེད་སྟངས”བཏོད་དེ་ཧོ་པེ་དང་མངའ་རིས་ས་ཁུལ་གྱི་སློབ་གསོ་མཉམ་སྐྱོད་ཀྱི“མཁའ་ལམ”དང་། ས་ཁུལ་གཉིས་པོའི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་དུང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི“མཁའ་ལམ”བཏོད་པ་མ་ཟད། མངའ་རིས་ས་ཁུལ་གྱི་ཞིང་འབྲོག་པའི་བུ་ཕྲུག་ས་མཐོ་ནས་ཐོན་སའི“མཁའ་ལམ”དེ་བས་ཀྱང་བཏོད་པས། རང་ལྗོངས་ཀྱི་སློབ་གྲྭ་དང་ནང་སའི་སློབ་གྲྭ་སྦྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཏེ་སྔོན་ཐོན་གྱི་འདུ་ཤེས་ཀུན་ཁྱབ་དང་། སྤུས་ལེགས་ཀྱི་ཐོན་ཁུངས་མཉམ་སྤྱོད། དགེ་རྒན་གྱི་དཔུང་ཁག་མཉམ་སྤྱོད། དགེ་སློབ་ཀྱི་བརྩེ་དུང་མཉམ་འཕེལ་བཅས་བྱུང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།