ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

བོད་ལྗོངས་རྫ་ཡུལ་རྫོང་གིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ།

སྤེལ་དུས 2023-08-25 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
             ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས“སྨན་ཁང་ཡག་པོ་ཁག་གཅིག་སྐྱེད་སྲིང་བྱེད་པ་དང་ཆུ་ཚད་མཐོ་བའི་སྨན་བཅོས་རུ་ཁག་གི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཕྱོགས་བསྡུས་ནུས་པ་དང་། བརྟག་བཅོས་ཆུ་ཚད། དཔུང་ཁག་འཛུགས་སྐྱོང་། ཁྱབ་འགྱེད་སྐུལ་ཁྲིད། ཡུལ་མིའི་བདེ་ཐང་བཅས“གཙོ་གནད་ལྔར”དམ་པོར་གཞིགས་ཏེ། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་རེད།
             རྫ་ཡུལ་རྫོང་གིས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་རྒྱུ་གཙོ་གནད་དུ་བཟུང་ཐོག སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་སྒྲོམ་གཞི། ཚན་ཁག་འཛུགས་སྐྱོང་སོགས་ཀྱི་ཐད། རྫ་ཡུལ་རྫོང་གིས་སྨན་བཅོས་ཤེས་ལྡན་པར་ལས་འགན་དང་འགན་འཁྲི་བཀོད་སྒྲིག་བྱས་ཁར། བོད་སྐྱོར་ཤེས་ལྡན་པའི་གཞི་རིམ་བརྟག་ཞིབ་སོགས་ལ་ཞབས་ཞུ་འགན་ལེན་ལས་དོན་མཐུན་སྦྱོར་བྱས་ནས་ཡག་པོ་བསྒྲུབས་ཏེ། དེང་རབས་དོ་དམ་ལམ་ལུགས་དོན་ཚན་89འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། ཚན་རིག་དང་མཐུན་པ་དང་ཚད་དང་ལྡན་པའི་ལས་ཀའི་བརྒྱུད་རིམ་705འཐུས་སྒོ་ཚང་དུ་བཏང་ནས། དེང་རབས་ཀྱི“ཀ་པ་རིམ་པ་གཉིས་པའི”སྨན་ཁང་འཛུགས་གཏོད་ལ་ལམ་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་ལག་རྩལ་ལེགས་ཆ་འདོན་སྤེལ་བྱས་ནས་གོ་ཆོད་སྨན་པའི་གསོ་སྦྱོང་བསླབ་གཞིའི་དེབ་3རྩོམ་སྒྲིག་བྱས་པ་མ་ཟད། ད་དུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ནད་ཐོག་བརྟག་བཅོས་དང་། གློ་སྙིང་གི་ ནུས་པ་གསོ་ཐབས། སྨན་པའི་ཐོབ་ཐང་ཡིག་རྒྱུགས་གོང་གི་གསོ་སྦྱོང་སོགས་ཀྱི་ལས་སྒོ་གཉེར་ནས། སྨན་བཅོས་ཆུ་ཚད་བློས་འགེལ་ཆོག་ལ་ཞབས་ཞུའི་ནུས་པ་ཉམས་སད་ཐེག་པའི་གསོ་རིག་ལག་རྩལ་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། མིག་སྔའི་བར། རྫ་ཡུལ་རྫོང་གིས་ཁྱོན་ལས་སྒོའི་གསོ་སྦྱོང་ཐེངས་35དང་། སྤྱིར་བཏང་གི་ཕྱི་ནད་གཤགས་བཅོས་59 བུད་མེད་དང་བུ་བཙའི་ཚན་ཁག་གི་གཤགས་བཅོས་48བཅས་བྱས་པ་རེད།
             དེ་དང་ཆབས་ཅིག རྫ་ཡུལ་རྫོང་གིས“གཞན་རྟེན”དང“རང་རྟེན”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་སྨན་ཁང་གི“རང་རྟེན”ནུས་པ་མཐོ་རུ་གཏོང་བར་སྣང་ཆེན་བྱས་ཤིང་། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག རྫ་ཡུལ་རྫོང་གིས“རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ་དང་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”བྱེད་སྟངས་སྤྱད་དེ་རོགས་ཁྲིད་བྱ་ཡུལ་ཞིབ་ཚགས་བདམས་པ་དང་རོགས་ཁྲིད་འབྲེལ་བ་གནད་སྨིན་བཙུགས་ནས། ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བར་སྐུལ་ཁྲིད་བྱས་པ་དང་། ལས་སྒོའི་རྐང་འཛིན་པ་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་ཟབ་སྦྱོང་བྱེད་པར་མངགས་པའི་ཁར། རང་སའི་སྨན་བཅོས་ཤེས་ལྡན་པར་རྒྱུན་མཐུད་སློབ་གསོ་བྱ་རྒྱུའི་ལྕག་སྐུལ་བཏང་ནས་སློབ་རྒྱུས་ཆུ་ཚད་མཐོ་རུ་བཏང་བ། རྨང་གཞིའི་སྨན་བཅོས་ཤེས་ལྡན་པ་མགྱོགས་མྱུར་གསོ་སྐྱོང་བྱས་ཁར། གོ་ཆོད་སྨན་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉེར་ནས། གཞི་རིམ་གྱི་སྨན་དོན་མི་སྣའི་ཞབས་ཞུའི་ནུས་པ་དང་ལས་སྒོའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་བ་རེད། མིག་སྔའི་བར། རྫ་ཡུལ་རྫོང་གིས་ཁྱོན་སྨན་དོན་མི་སྣ་15ཧྲེན་ཀྲེན་པའོ་དབྱི་ཚོགས་པར་དུས་ཡུན་ལོ་ཕྱེད་ཀྱི་ཟབ་སྦྱོང་བྱེད་པར་མངགས་པ་དང་། སྨན་དོན་མི་སྣ་19ཧྲེན་ཀྲེན་དུ་ལྟ་སྐོར་སྤེལ་རེས་བྱེད་པར་མངགས་པ། གཞི་རིམ་གྱི་སྨན་དོན་མི་སྣ་10ལ་གསོ་སྦྱོང་བྱས་པ་རེད།
             གཞན་ཡང་། རྫ་ཡུལ་རྫོང་གིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་དང་རྫ་ཡུལ་རྫོང་གི་ཐུན་མོང་གི་འབད་འཐབ་འོག རྫ་ཡུལ་རྫོང་གིས་གཞི་རིམ་ནས་བརྟག་བཅོས་དང་པོ་བྱེད་པ་དང་། ཕྱོགས་གཉིས་ནས་བརྟག་བཅོས་བྱེད་རེས་བྱེད་པ། སྨན་ཁང་རོགས་སྐྱོར་སོགས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ཁོངས་གཏོགས་ནང་གི་སྨན་བཅོས་ཞབས་ཞུའི“དོས་དྲག་དང་གཅོང་ནད་ལོགས་བཅོས་དང་གོང་འོག་མཉམ་སྒུལ་བྱེད་པའི”རིམ་དབྱེ་བརྟག་བཅོས་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་རྫོང་ཁོངས་སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། མང་ཚོགས་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ཡོད་པ་རེད། 

རྩོམ་སྒྲིག་པ། དཔལ་གཡང་།