ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

གནས་སྤོས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།

སྤེལ་དུས 2024-01-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་གྲོང་མི་འཇམ་དབྱངས་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་དུ། ང་ཚོ་སྡོད་ཁང་གསར་པར་སྤོ་ཐུབ་པ་མ་ཟད། ད་དུང་ཡོང་འབབ་ངེས་ཅན་ཡོད་པས་ ཧ་ཅང་སྐྱིད་པོ་འདུག ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད།
             2023ལོའི་ཟླ་བརྒྱད་པར། གྲོང་ཚོ་ཧྲིལ་པོ་གནས་སྤོས་དང་ཁག་དབྱེ་ལག་བསྟར་གྱི་རྩ་དོན་གཞིར་བཟུང་འཇམ་དབྱངས་བཀྲ་ཤིས་གནས་སའི་སེར་ལྟེ་གྲོང་ཚོའི་དུད་ཚང་196གི་མང་ཚོགས་951འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོ་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་འཆམ་མཐུན་གླིང་དུ་སྤོས་ཏེ་འཚོ་བ་གསར་པའི་དཔལ་ལ་རོལ་འགོ་ཚུགས།
             གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱ་ཆེད། 2022ལོར་འདམ་གཞུང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོན་དངོས་ལ་གཞི་ཚུགས་ཏེ་སེར་ལྟེ་གྲོང་ཚོའི་གནས་སྤོས་དུད་ཚང་ལ་ཐོན་ལས་རྣམ་གྲངས་ཁག་2འཆར་འགོད་ལག་ལེན་བསྟར་བ་རེད། འདམ་གཞུང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ང་ཚོས་ཏང་ཡོན་གྱི་སྣེ་ཁྲིད་དེ་ཞབས་འདེགས་མཐའ་འཁྱོངས་ཞུས་ནས་རྣམ་གྲངས་གོ་རིམ་ལྡན་ལ་གང་མགྱོགས་སྒྲུབ་པར་སྐུལ་འདེད་བཏང་ཡོད། རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཞིང་ལས་དང་གྲོང་གསེབ་ཀྱི་ཏང་ཡོན་དང་གཞོན་ནུ་དང་བླངས་པའི་ཞབས་འདེགས་རུ་ཁག་བཙུགས་པ་མ་ཟད། ཏང་ཡོན་རྐང་འཛིན་པ་མངགས་ནས་གནས་སྡོད་ཀྱིས་ལས་དོན་ཁག་སྤེལ་ཡོད་ལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འདམ་གཞུང་རྫོང་སེར་ལྟེ་ས་མཐོའི་སྐྱེ་ཁམས་འབྲོག་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་དང་སྙིང་ཉེ་བ་ཞིག་བྱས་ཡོད་ཅེས་ངོ་སྤྲོད་བྱས།
             དེ་དང་ཆབས་ཅིག འདམ་གཞུང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས“རིམ་ལྔའི་ཧྲུའུ་ཅིས”གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་དམ་འཛིན་བྱེད་པའི་བླང་བྱ་ལྟར་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་སྟེ། མིག་སྔར་སེར་ལྟེ་གྲོང་ཚོའི(གནས་མ་སྤོས་གོང་གི་ས་ཆ)ཚོང་ཁང་ཚང་མ་བོགས་མར་བཏང་ཟིན་ནས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་། སྟོད་ལུང་བདེ་ཆེན་ཆུས་འཆམ་མཐུན་གླིང་སྡེ་ཁུལ(གནས་སྤོས་ས་ཁུལ)དུ་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་བཙུགས་ནས་གནས་སྤོས་འབྲོག་པའི་ཕྱུགས་རིགས་བཤས་གཏོང་བ་དང་ཤ་འཚོང་བར་འགན་སྲུང་ནུས་ལྡན་བྱས་པ། ཁྱིམ་ཚང་འབྲོག་ར་ཁག་22དང་དྲོད་ཁང་སྟར་པ་22བསྐྲུན་པ། གྲང་འདྲེན་རླངས་འཁོར་བཀོད་སྒྲིག་བྱས་ཏེ་ཁྱིམ་ཚང་འབྲོག་རས་གནས་སྤོས་ཁུལ་གྱི་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་ལ་སྤུས་དག་གི་ཟོག་ཁུངས་མཁོ་འདོན་བྱས་ཡོད།
             གཞན་ཡང་། འདམ་གཞུང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་མཐུན་སྦྱོར་སྐུལ་འདེད་འོག གནམ་མཚོའི་ས་མཐོའི་སྐྱེ་ཁམས་འབྲོག་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་བོད་ལྗོངས་ཧྲེང་ཁང་དངོས་ཚན་ཚད་ཡོད་ཀུང་སིས་ཉེ་ཆར་འབྲི་གཡག་མགོ་གྲངས་30ཉོ་ཚོང་དང་དྲོད་ཁང་མཉམ་ལས་ཀྱི་གན་རྒྱ་བཞག་པས། སྔོན་དཔག་བྱས་ན། ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་གྱི་ཡོད། འདམ་གཞུང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གན་རྒྱ་བཞག་པར་བརྟེན་ས་མཐོའི་སྐྱེ་ཁམས་འབྲོག་ལས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་གཉེར་སྐྱོང་བསམ་ཕྱོགས་ཁ་གསལ་བྱུང་བ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཁག་གཅིག་གི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། གོམ་སྟབས་རྗེས་མར། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་ཀྱི་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས། གནས་སྤོས་མང་ཚོགས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འབབ་འཕར་ཐུབ་པ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད།

རྩོམ་སྒྲིག་པ། དཔལ་གཡང་།