ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རོལ་དབྱངས། > གཞས་པ།

ཨ་ལན་ཟླ་བ་སྒྲོལ་མ།

སྤེལ་དུས 2017-09-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
 ༈ མཚམས་སྦྱོར་མདོར་བསྡུས།
ཨ་ལན་ཟླ་བ་སྒྲོལ་མ།

སྐྱེས་ཡུལ། སི་ཁྲོན་བསྟན་པ།

སྐྱེས་ལོ། 1987ལོའི་ཟླ7པའི་ཚེས25

གཟུགས་ཚད། 164cm                                                                                

ཕུང་ཚད། 40kg

ཁྲག་རིགས། 0རིགས།

མཐར་ཕྱིན་སློབ་གྲྭ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གྲྭ།

ཡོན་ཏན། རྒྱུད་གཉིས་པི་ཝང་དང་རྣོ་སྦྲེང་དཀྲོལ་བ། ཞབས་བྲོ་འཁྲབ་པ།

སྐད་བརྡའི་ཡོན་ཏན། རྒྱ་ཡིག དབྱིན་ཡིག འཇར་ཡིག

ཆེས་བཀུར་ཡུལ། ཡབ་ཆེན།

ཆེས་དགའ་བའི་སྲོག་ཆགས། ཁྱི།

མེད་མི་རུང་པ། ཡིད་ཆེས།

དམ་ཚིག    རྒྱལ་ཁོངས་དང་མི་རིགས། ཆོས་ལུགས། སྐྱེས་བུ་ཕོ་མོ་སོགས་རིས་སུ་མི་འཛིན་པ་ལས་བརྒལ་རྒྱུ་དང་།ཐ་ན་དུས་རབས་ཀྱི་སྒྱུ་རྩལ་པ་ཁོ་ན་དམིགས་སུ་བཟུང་སྟེ། ས་ཆ་གང་ཞིག་ནས་བླངས་ཀྱང་ཚང་མས་དང་ལེན་བྱ་ཐུབ་པའི་གཞས་ལེན་རྒྱུ་ལས།གླུ་སྐད་ཀྱིས་གྲོགས་པོ་དང་ཁྱིམ་མི་འདུས་པའི་འཛམ་གླིང་གཞི་གཅིག་ཏུ་སྦྲེལ་རྒྱུ།

སྒྱུ་རྩལ་ལས་ཀའི་བརྒྱུད་རིམ།

2005.8 གླུ་སྐད་ཀྱིས་ང་རང་བཟི་ཞེས་པ་འགྲེམ་སྤེལ་བྱས།

2004ལོར་དེང་རབས་སྐྱེས་མའི་རོལ་ཚོགས་སུ་ཞུགས།

2003.9བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གྲྭར་ཞུགས།

ད་ལོ་ལོ་ཚོད་ཉེར་བཞི་སོན་པའི་ཨ་ལན་ཟླ་བ་སྒྲོལ་མ་སི་ཁྲོན་དར་རྩེ་མདོ་རུ་སྐྱེས་པ་དང་ཁྲིན་ཏུའུ་གྲོང་ཁྱེར་ནས་ནར་སོན། 2006ལོའི་ཟླ་དགུ་པར། ཨ་ལན་ཟླ་བ་སྒྲོལ་མ་ཨེ་ཤ་ཡ་རོལ་མོ་དུས་ཆེན་སྐབས་དགུ་པར་ཞུགས་ནས་བྱ་དགའ་ཨང་གཉིས་པ་བླངས་པ་དང་།ཁོ་མོའི་སྐྱེས་གཟུགས་མཛེས་པོ་དང་ཐུན་མོང་མ་ཡིན་པའི་རོལ་མོའི་ལྷན་སྐྱེས་ཀྱི་ཡོན་ཏན་དེར་པེ་ཅིན་དུ་ཡོད་པའི་འཇར་པན་གྱི་ཨེ་ཝེ་ཀུང་སིས་བློར་བབ་པས་ཀུང་སི་དེས་ཁོ་མོ་དང་མཉམ་འབྲེལ་གྱི་མིང་རྟགས་བཀོད་པ་རེད།ཀུང་སི་དེའི་ནང་མིང་རྟགས་བཀོད་པའི་ཨེ་ཤ་ཡའི་སྐད་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་དང་གླུ་བ་གླུ་མ་མང་པོ་ཞིག་ཡོད་པར་མ་ཟད།ཟླ་བ་སྒྲོལ་མ་ནི་ཀུང་སི་དེར་མིང་རྟགས་བཀོད་པའི་བོད་རིགས་བུ་མོ་ཆེས་ཐོག་མ་རེད། ད་དུང་། འཛམ་གླིང་གློག་བརྙན་ལས་རིགས་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་བུའུ་ཡི་སིན་གྱི་ཉེ་ལམ་ཕབ་སྐྲུན་བྱས་པའི་ཁྲི་པུས་གཡུལ་འགྱེད་ཅེས་པའི་གློག་བརྙན་གྲགས་ཅན་དེའི་བརྗོད་བྱ་གཙོ་བོའི་གླུ་ལེན་མཁན་ཡང་ཨ་ལན་ཟླ་བ་སྒྲོལ་མ་རེད།   །