ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རོལ་དབྱངས། > གཞས་པ།

རིག་འཛིན་སྒྲོལ་མ།

སྤེལ་དུས 2017-12-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

མཚམས་སྦྱོར་མདོར་བསྡུས།
            རིག་འཛིན་སྒྲོལ་མ།  དཔའ་རིས་པ་རིག་འཛིན་སྒྲོལ་མ་ནི། དུས་རབས་ཉེར་གཅིག་པའི་ས་སྒང་གི་ཕྲག་པར་ཐོལ་གྱིས་ཤར་བའི་སྐར་ཆེན་ཞིག་སྟེ། ཁོ་མོ་མདོ་སྨད་དཔའ་རིས་ནོར་དཀར་དུ་གྲགས་པའི་སའི་ཆ་ཡི་བ་ཟ་ཚོ་བ་རུ་སྐྱེས་ཤིང་། ཁོ་མོའི་རྗོད་ངག་གི་ནང་དུ་འབྲི་དཀར་མོའི་འོ་མའི་དྲི་བསུང་མ་ཡལ་པར་ཡོད་ཅིང་། ཁོ་མོའི་གླུ་སྐད་ཀྱི་ནང་དུ་བྱ་དཀར་པོའི་རི་ཡི་ལྗོན་ཤིང་གི་ཟིལ་ཆུའི་རང་སྒྲ་ལྷུན་གྱིས་གྲུབ།
            ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་འཛོམས་པོ་དེའི་སྟེང་ལ་མཚོ་སྔོན་སྒྱུ་རྩལ་སློབ་གྲྭ་ནས་གསབ་སྦྱོང་དང་། རྒྱ་རིགས་དགེ་རྒན་ལི་ཉིང་ཧྲིང་དང་། བོད་ཀྱི་དབྱངས་མཁན་ཀུན་མཁན་ཀུན་དགའ་ཚེ་བརྟན་སོགས་ཀྱི་མདུན་ནས་གཞས་དང་རོལ་དབྱངས་ལ་ཆེད་ལས་ཀྱི་སྦྱངས་པ་མི་དམན་པ་ཐོབ་པ་དང་། མཚོ་སྔོན་མི་རིགས་གླུ་བྲོ་ཟློས་གར་གླིང་གི་གཞས་གཏོང་མཁན་དང་གངས་དཀར་ནོར་བུའི་གླིང་རིག་གནས་སྒྱུ་རྩལ་དར་སྤེལ་ལྟེ་གནས་ཀྱི་གན་རྒྱའི་གཞས་མར་གྱུར་པའི་རིང་ལ། བོད་ཀྱི་གཞས་གདངས་རྩོམ་མཁན་དུ་མ་ཞིག་གི་རྒྱབ་སྐྱོར་ལ་བརྟེན། ཉན་དགའ་ཞིང་ཡིད་འཕྲོག་པའི་གླུ་གཞས་ཀྱང་མང་པོ་བྱུང་སྟེ། ད་ལྟ་ཆེད་ལས་མཁས་ཅན་དང་ཉན་པོ་ཀུན་གྱིས་ཁོ་མོར་མཚོ་བྱུང་སྲས་མོ་ཞེས་སྙན་པའི་མིང་གིས་འབོད་ཀྱིན་ཡོད།
            སྤྱི་ལོ2001ལོ་ནས་ད་ལྟའི་བར། ཁོ་མོ་ཞིང་ཆེན་ཕྱི་ནང་གི་རིག་རྩལ་དགོང་ཚོགས་ཆེན་མོའི་རིགས་ལྔ་བཅུ་ལྷག་ལ་ཞུགས་མྱོང་ཡོད་པ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་སོགས་ཀྱིས་བསྡུས་པའི་ཆེད་སྒྲུབ་དགོང་ཚོགས་དང་ལོ་སར་སྤྲོ་ཚོགས་དུ་མར་ཞུགས་པ་མ་ཟད་སྤྲོ་ཚོགས་ཀྱི་བརྗོད་དོན་གླུ་གཞས་ཀྱང་བླངས་མྱོང་ཡོད། གཞན་ཁོ་མོར་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་ཀྱང་གང་མང་ཐོབ་མྱོང་།