ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

སི་ཕེན་མ་ཏེ་རི་རྐང་རྩེད་རུ་ཁག་གིས་བོད་ལྗོངས་ཀྱི་རྐང་རྩེད་པ་ཆུང་ཆུང་ཞིག་བློར་བབས་འདུག

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡང་སྒྲོལ།
 
དབང་ཆེན་ནོར་བུ་དང་ཁོའི་རྩེད་གྲོགས་ཚོ།

          ཆ་འཕྲིན་དུས་ཚགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།   ཟླ ༧ པའི་ཚེས ༦ ཉིན།  པའེ་ཡུན་ཧྲན་རྐང་རྩེད་སྤོ་ལོ་ཐང་དུ་ཧེང་ཏ་རྐང་རྩེད་སྤོ་ལོའི་སློབ་གྲྭའི་བོད་ཀྱི་ན་གཞོན་རྐང་རྩེད་རུ་ཁག་དང་ཀོང་ཀྲུའུ་ ཧོའུ་ཡུའེ་ཡོན་སློབ་ཆུང་གི་དབྱར་གནང་གི་མཛའ་བརྩེའི་འགྲན་བསྡུར་སྤེལ་འདུག་ཅིང་།  ཕྱོགས་གཉིས་ཀའི་ཛ་དྲག་གི་འགྲན་བསྡུར་བརྒྱུད།  ཧེང་ཏ་རྐང་རྩེད་སྤོ་ལོ་སློབ་གྲྭ་བོད་ཀྱི་ན་གཞོན་རུ་ཁག་གིས༥∶༤ཡི་ཐོབ་འབྲས་ཀྱིས་རྒྱལ་ཁ་ལོན་འདུག 

          ཉིན་དེར།   བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་དང་ལུས་རྩལ་ཅུས་སོགས་ཀྱི་འགོ་ཁྲིད་དང་ཀོང་ཀྲུའུ་སྨན་ལས་སྡེ་ཚོགས་ཀྱི་འགོ་ཁྲིད་མང་པོ་ཡུལ་དངོས་འགྲན་བསྡུར་དུ་ཕེབས་ནས་ལུས་རྩལ་པ་ཆུང་ཆུང་དག་ལ་རྟིང་སྐུལ་བྱས་འདུག    རྒྱུས་ལོན་བྱུང་པ་ལྟར་ན།   ད་ལོའི་ལོ་འགོར་བོད་ཀྱི་ན་གཞོན་རྐང་རྩེད་སྤོ་ལོ་བ་བཞི་ལ་ཁེ་ལས་ཀྱིས་ཡིད་མཐུན་རོགས་སྐྱོར་བྱས་ནས་ཧེང་ཏ་རྐང་རྩེད་སྤོ་ལོའི་སློབ་གྲྭར་སློབ་གཉེར་དུ་མངགས་འདུག་ཅིང་།   དེ་ནི་བོད་ཀྱི་སློབ་ཕྲུག་སྐོར་ཁག་དང་པོ་རེད།  ཁོ་རང་ཚོ་ཆུང་དུས་ཕ་ཡུལ་ལུང་པར་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་རོལ་ཡོད་ཅིང་།  མི་ཚེའི་ཕུགས་བསམ་ཡང་རྐང་རྩེད་སྤོ་ལོ་བ་གྲགས་ཅན་ཞིག་ཏུ་འགྱུར་རྒྱུ་དེ་རེད། མ་ཟད་ཝང་ལོ་ཅི་ཚོང་སྡེས་རོགས་སྐྱོར་བརྒྱུད་ཁོ་རང་ཚོ་བོད་ནས་འདི་གར་སློབ་གཉེར་དུ་ཡོང་ཐུབ་པ་བྱུང་།

          ལོ་ཆུང་གཞོན་ནུ་བཞིའི་ཁྲོད།  ལོ་ན་ཆུང་ཤོས་དབང་ཆེན་ནོར་བུ་ད་ལོ་ལོ ༡༠ ཡིན་ལ།  མིག་སྔར་སི་ཕེན་གྱི་མ་ཏེ་རི་རྐང་རྩེད་སྤོ་ལོའི་སློབ་གྲྭར་བསྡུ་ལེན་བྱས་ཤིང་། དབྱར་གནང་རྗེས་སུ་སི་ཕེན་གྱི་མ་ཏེ་རི་ན་གཞོན་རུ་ཁག་ཏུ་ཞུགས་རྒྱུ་རེད།