ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

༢༠༡༥ ལོའི་བོད་ལྗོངས་ཀྱི་མཐོ་རིམ་སློབ་ཆེན་གྱི་སློབ་མར་རོགས་སྐྱོར་སྲིད་ཇུས་ཁྱབ་བསྒྲགས་བྱས།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ།
           ༢༠༡༥ ལོའི་བོད་ལྗོངས་ཀྱི་མཐོ་རིམ་སློབ་ཆེན་གྱི་སློབ་མར་རོགས་སྐྱོར་སྲིད་ཇུས་ཁྱབ་བསྒྲགས་བྱས་པར།སློབ་གྲྭར་ཞུགས་སྐབས། སློབ་ཡོན་དང་ཉལ་ཁང་གི་རིན་པ་གནས་སྐབས་སྤྲོད་ཁེག་པ་ལྟ་བུའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཤིན་ཏུ་ཆེ་བའི་སློབ་མ་གསར་པར། སློབ་འགོ་ཚུགས་པའི་ཉིན་དེར་སློབ་གྲྭའི"ཤར་གཏོང་བགྲོད་ལམ"བརྒྱུད་མིང་ཐོ་འགོད་ཆོག་པ་དང་། སློབ་གྲྭར་ཞུགས་རྗེས་ཡང་བསྐྱར་སློབ་གྲྭར་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཆེ་བའི་སྙན་ཞུ་ཕུལ་རྒྱུ། སློབ་གྲྭས་བདེན་མིན་ཞིབ་དཔྱད་གཏན་འཁེལ་བྱས་རྗེས་བྱ་ཐབས་མི་འདྲ་བ་སྤྱད་ནས་རོགས་སྐྱོར་བྱེད་རྒྱུ་ཡིན་ཏེ། དེའི་ཁྲོད། སློབ་ཡོན་དང་ཉལ་ཁང་གི་རིན་པ་ནི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གཏོང་རྒྱུ་གཙོར་འཛིན་རྒྱུ་དང་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་སྐུལ་ལྕག་བྱ་དགས་གཞོགས་འདེགས་བྱས་ནས་ཐག་གཅོད་བྱེད་པ། འཚོ་བའི་གྲོན་དངུལ་ཐག་གཅོད་བྱེད་པར་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གཙོར་འཛིན་རྒྱུ་དང་གསབ་དངུལ་སྤྲོད་པ་སོགས་ཀྱི་ལམ་ནས་ཐག་གཅོད་བྱེད་རྒྱུ་རེད།

          བོད་ལྗོངས་ཀྱི་མཐོ་རིམ་སློབ་ཆེན་ཁག་གི་དཔལ་འབྱོར་ཤིན་ཏུ་དཀའ་ངལ་ཆེ་བའི་སློབ་མར་ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོར་སྲིད་ཇུས་གནང་ཡུལ་ནི། མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་པའི་ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་ཞན་པའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་། གྲོང་བརྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་རེག་མཁན་ཁྱིམ་ཚང་གི་བུ་ཕྲུག ཁེ་ལས་ཀྱི་ལས་མི་དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་བུ་ཕྲུག་བཅས་ཡིན་ལ། ལྗོངས་ཁོངས་ཕྱིའི་གཙོ་གནད་སློབ་ཆེན་གྱི་དངོས་གཞིར་རྒྱུགས་འཕྲོད་པའི་སློབ་མར་ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོར་དམངས་སྒོར༥༠༠༠གནང་རྒྱུ་དང་། ལྗོངས་ཁོངས་ཕྱིའི་སྤྱིར་བཏང་སློབ་ཆེན་གྱི་དངོས་གཞི་དང་། ཆེད་སྦྱོང་ལ་རྒྱུགས་འཕྲོད་པའི་སློབ་མར་ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོར་དམངས་སྒོར༤༠༠༠གནང་རྒྱུ།ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་ཆེན་གྱི་དངོས་གཞི་དང་། ཆེད་སྦྱོང་དུ་རྒྱུགས་འཕྲོད་པའི་སློབ་མར་ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོར་དམངས་སྒོར༡༠༠༠གནང་རྒྱུ་རེད།

          མཐོ་རིམ་སློབ་ཆེན་གྱི་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཆེ་བའི་སློབ་མ་གསར་པར་སློབ་ཞུགས་ཀྱི་རོགས་སྐྱོར་རྣམ་གྲངས་ཀྱི་རོགས་སྐྱོར་ཁྱབ་ཁོངས་དང་རོགས་སྐྱོར་བྱེད་ཡུལ་ནི་ལོ་རེར་མཐོ་རྒྱུགས་བརྒྱུད། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་ཆེན་དུ་རྒྱུགས་འཕྲོད་པའི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མ་གསར་པ་ཡིན་ལ། རོགས་སྐྱོར་གྱི་ཚད་གཞི་ཡང་ལྗོངས་ནང་ཁུལ་གྱི་སློབ་ཆེན་དུ་བསྡུས་པའི་སློབ་མ་གསར་པར་མི་རེར་དམངས་སྒོར༥༠༠དང་། ལྗོངས་ཁོངས་ཕྱིའི་སློབ་ཆེན་བསྡུས་པའི་སློབ་མ་གསར་པར་མི་རེར་དམངས་སྒོར༡༠༠༠རེད།

          ཆ་རྐྱེན་དཀའ་ངལ་ཅན་གྱི་སློབ་མ་སློབ་ཞུགས་སྐབས་ཀྱི"ཉར་གཏོང་བགྲོད་ལམ"གྱི་ལམ་ལུགས་ནི་སྔོན་ལ་སློབ་ཞུགས་འགྲོ་ལུགས་སྒྲུབ་རྒྱུ་དང་རྗེས་ནས་སློབ་དངུལ་སྤྲོད་རྒྱུ་དང་། སློབ་གྲྭར་བསྡུ་ལེན་བྱས་ཤིང་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མ་གཅིག་ཀྱང་མ་ལུས་པར་སློབ་ཞུགས་འགྲོ་ལུགས་སྒྲུབ་རྒྱུ་དང་། དེ་ནས་བདེན་མིན་ཞིབ་དཔྱད་བྱས་པའི་གནས་ཚུལ་ལ་གཞིགས་ནས། སོ་སོར་བྱེད་ཐབས་མི་འདྲ་བའི་ལམ་ནས་རོགས་སྐྱོར་བྱེད་ཀྱི་ཡོད། མཐོ་རིམ་སློབ་ཆེན་གྱི་སློབ་བསྡུའི་ཡི་གེ་རག་པའི་སློབ་མ་ཐམས་ཅད་དང་དེ་དང་ཆབས་ཅིག་སློབ་གྲྭ་གཞུང་ནས་བསྐུར་པའི《མཐོ་རིམ་སློབ་ཆེན་གྱི་སློབ་མ་དང་ཁྱིམ་ཚང་གི་གནས་ཚུལ་བརྟག་དཔྱད་རེའུ་མིག》 རྒྱལ་ཁབ་དང་སློབ་གྲྭའི་རོགས་སྐྱོར་སྲིད་ཇུས་ངོས་སྦྱོར་དེབ་ཆུང་ཞིག་ཀྱང་འབྱོར་སྲིད། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཆེ་བའི་སློབ་མས་ངེས་པར་དུ་ཇི་མ་ཇི་བཞིན་དུ《མཐོ་རིམ་སློབ་ཆེན་གྱི་སློབ་མ་དང་ཁྱིམ་ཚང་གི་གནས་ཚུལ་བརྟག་དཔྱད་རེའུ་མིག》སྐོང་དགོས་ཤིང་།ཁྱིམ་ཚང་ཡོད་སའི་ཤང་དང་གྲོང་བརྡལ། སྡོད་ཁུལ་དམངས་སྲིད་སྡེ་ཁག་གི་ཐམ་ག་བརྒྱབ་རྗེས་སློབ་གྲྭར་སྤྲད་ཚེ། ད་གཟོད་སློབ་གྲྭས་ཆེད་དུ་བཙུགས་པའི"ཤར་གཏོང་བགྲོད་ལམ"བརྒྱུད་མིང་ཐོ་འགོད་ཆོག་པ་དང་། སློབ་གྲྭར་ཞུགས་རྗེས། རོགས་སྐྱོར་སྲིད་ཇུས་ཅི་རིགས་ལ་སྙན་ཞུ་ཕུལ་ཆོག

          རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་སྲིད་ཇུས་ཀྱི་ཚད་གཞི་ནི་རྒྱལ་ཡོངས་སུ་ཆ་སྙོམས་སློབ་མ་རེར་ལོ་རེར་དམངས་སྒོར༣༠༠༠(བོད་ཀྱི་ཁོངས་གཏོགས་སློབ་ཆེན་དག་གིས་ཚད་གཞི་འདི་ལག་བསྟར་བྱེད་པ)ཡིན་ལ། ཞིབ་ཕྲའི་ཚད་གཞི་སྟེ། ཀྲུང་དབྱང་སློབ་ཆེན་ལ་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་གྲོས་མོལ་བརྒྱུད་གཏན་འཁེལ་བྱེད་ཀྱི་ཡོད་པ་དང་། ས་གནས་སློབ་ཆེན་ལ་ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)ཁག་གིས་གཏན་འཁེལ་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་སྐུལ་ལྕག་བྱ་དགའི་ཚད་གཞི་ནི་མི་རེར་ལོ་རེར་དམངས་སྒོར༥༠༠༠རེད།

          གཞན་ཡང་། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་སྲིད་ཇུས་བཅས་ཀྱང་ཡོད་ལ། སློབ་མ་རྣམས་ཀྱིས་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་དྲ་བའམ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རོགས་སྐྱོར་ལྟེ་གནས་ནས་རྒྱུས་ལོན་བྱས་ཆོག

      ཁ་བྱང་ཕྱི་མོ། ༢༠༡༥ལོའི་བོད་ལྗོངས་ཀྱི་མཐོ་རིམ་སློབ་ཆེན་གྱི་སློབ་མར་རོགས་སྐྱོར་སྲིད་ཇུས་ཁྱབ་བསྒྲགས་བྱས།