ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

སློབ་དཔོན་ཆེན་མོ་དགེ་འདུན་གྱིས་གནང་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་བཤད།

སྤེལ་དུས 2012-04-18 ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ། རྩོམ་པ་པོ། ནོར་ནག

 ཁ་བྱང་།   རྒྱལ་སྤྱིའི་བོད་རིག་པའི་གནས་སྟངས།

མི་སྣ།   མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དགེ་འདུན།

ས་གནས།   མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སྨྱན་མང་ཁང་།

རིག་པ།  རང་རྐྱ་འཕེར་བའི་རིག་གཞུང་ཞིག་ལ་ཟེར།

བོད་རིག་པ་ཞེས་པའི་མིང་འདི་ལོ་རྒྱུས་ཀྱི་འཕེལ་རིམ་ངེས་ཅན་ཞིག་གི་ནང་ནས་འོངས།

 

བོད་རིག་པའི་འཕེལ་རིམ་མདོར་བསྡུས།

དང་པོ།   བོད་རིག་པའི་ས་བོན།

     དུས་ཚོད།   --- སྤྱི་ལོ་དུས་རབས་དང་པོར་ཕྱི་རྒྱལ་ནས་འབུས།

     རྐྱེན།  ---   གནའ་བོའི་གྷི་རིག་གི་ས་ཁམས་རིག་པ་བ་ཐོ་ལོ་མེས་བརྩམས་པའིགོ་ལའི་རྣམ་པའི་སྤྱི་བཤད།ཅེས་པའི་དཔེ་ཆའི་ནང་དུ། ཐེངས་དང་པོར་བོད་དང་བོད་མི་ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱས་ཡོད། 

       བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་གསལ་བ་ལྟར་ན།   རྔོག་བློ་ལྡན་ཤེས་རབ་ཁ་ཆེ་ལ་ཕྱིན་ནས་ལོ་ངོ་བཅུ་བདུན་ལྷག་ལ་བཞུགས་པར་གསུངས་ཡོད་ཅིང་།   འདིས་སྐབས་དེར་ཁ་ཆེ་དང་བོད་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་དེ་མཚོན་ཡོད།   ཐོ་ལོ་མེས་གོ་ལའི་རྣམ་པའི་སྤྱི་བཤད་དུ།   ཁ་ཆེ(克什米尔)ཕྱོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་སྐབས།   དེའི་ཕར་ཕྱོགས་སུ་བོད་དང་བོད་མི་ཡོད་ཅེས་བརྗོད་ཡོད་ཅིང་།   དེ་ནི་བོད་རིག་པ་ཕྱི་གླིང་དུ་བྱུང་བའི་མྱུ་གུ་ལ་བགྲངས་ཆོག

གཉིས་པ།  མགོ་རྩོམ་པའི་དུས།

      དུས་ཚོད།   --- དུས་རབས་་བཅུ་བདུན་པ།

      རྒྱུ་མཚན།  --- ཕྱི་གླིང་པ་རྣམས་ལྐོག་གྱུར་ལ་དགའ་བ།

      རྐྱེན།  --- ཆོས་ལུགས་དར་སྤེལ་པ་རྣམས་བོད་ལ་སླེབས་པ།

     ཕྱི་གླིང་པ་བོད་དུ་ཕེབས་པ་ལ་རིགས་གསུམ་ཡོད།

             ༡ ༽ལྟ་སྐོར་བ།

            ༢ ༽ཞིབ་འཇུག་པ། 

            ༣ ༽ཆོས་ལུགས་སྤེལ་མཁན།

    ཕྱི་གླིང་པ་བོད་དུ་སླེབས་པའི་དགེ་སྐྱོན།

             བཟང་།  --- བོད་ཅེས་པ་འཛམ་གླིང་དུ་ཁྱབ་བསྒྲགས་བྱས་པ།

             ངན།  --- བོད་ཀྱི་རིག་གནས་མེད་པར་བཟོ་བ།

གསུམ་པ།  དབུ་བརྙེས་པའི་དུས།

             དུས་ཚོད།   --- དུས་རབས་བཅུ་དགུ་བ།

             ཚུལ།   --- བོད་རིག་པ་རྒྱལ་སྤྱིའི་སྟེང་དབུ་བརྙེས་པ།

             རྟགས།   --- ཡོ་རོབ་གླིང་ནས་བོད་རིག་པར་ཞིབ་འཇུག་བྱས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ།

          རྐྱེན། --- དུས་རབས ༡༩ པའི་ལོ་རབས ༣༠ པར་ཞུང་ཡ་ལེའི་བོད་རིག་པའི་ཞིབ་འཇུག་པ་ཆོད་མས།  དབྱིན་བོད་ཚིག་མཛོད།དང་།  བོད་ཡིག་གི་བརྡ་སྤྲོདཅེས་པའི་དཔེ་དེབ་གཉིས་བརྩམས་པ།

                          ཕྱི་གླིང་པས་བོད་ལ་བཙན་འཛུལ་བྱས་ཤིང་། ༡༩༠༦ ---༡༩༠༨  བོད་ཀྱི་ཡིག་ཆ་འབོར་ཆེན་ཧྥ་རན་སི་ལ་ཁྱེར་བས།  ཞིབ་འཇུག་བྱེད་པའི་རྒྱུ་ཆ་བསྐྲུན་པ།

བཞི་བ།  དར་བའི་དུས།

     རྟགས།  ---- ཧྥ་རན་སིའི་བོད་རིག་པའི་ཞིབ་འཇུག་པ་པ་ཁོད་ཀྱིས།  ཏུན་ཧོང་གི་བོད་ཀྱི་གནའ་བོའི་རིག་གནསཞེས་པ་བརྩམས་པ།

               དབྱི་ཐ་ལིའི་བོད་རིག་པའི་ཞིབ་འཇུག་པ་ཐོ་ཆོད་ལགས་བོད་དུ་དངོས་སུ་ཕྱིན་ཏེ།   བོད་ཀྱི་ཐང་ཀཞེས་པ་བརྩམས་པ།

ལྔ་བ།  འཕེལ་རྒྱས་ཀྱི་དུས། 

          དུས་ཚོད།  ---  དུས་རབས་ཉི་ཤུ་བའི་སྨད།

          རྐྱེན། --- རྒྱ་བོད་བར་དུ་དོན་རྐྱེན་བྱུང་བས་བོད་ཀྱི་མཁས་པ་དང་བླ་མ་མང་བོས་ཡིག་ཆ་རྩ་ཆེན་མང་པོ་ཁྱེར་ཏེ་ཕྱི་རྒྱལ་དུ་སོང་བ།

                ②ཕྱི་གླིང་བ་དག་གིས་དེ་དག་དགེ་རྒན་དུ་བསྟེན་ཏེ་ཤར་ལྷོ་གཉིས་ནས་ཆ་ཚང་བར།   དབུ་མའི་ལམ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ།

                ③ཕྱི་ཕྱོགས་ནས་བོད་ཀྱི་དགོན་སྡེ་དང་ཞིབ་འཇུག་ཁང་སོགས་མང་པོ་བཙུགས་པ། 

      རྒྱུ་རྐྱེན་འདི་དག་ལ་བརྟེན་ཏེ།  རྒྱལ་སྤྱིའི་སྟེང་དུ་བོད་རིག་པ་འཕེལ་རྒྱས་ཀྱི་མཐོ་རླབས་གཉིས་པ་འཕྱུར།

      ༡༩༧༨ལོར་ཀྲུང་གོའི་དངོས་སུ་བཅོས་བསྒྱུར་སྒོ་འབྱེད་བྱས་པ།

              ཕྱི་གླིང་པ་མང་པོ་བོད་ལ་དངོས་སུ་ཡོང་བའི་གོ་སྐབས་འགྲིག་པར་གྱུར་བ།  

              དེ་ལ་བརྟེན་ཏེ་རྒྱལ་སྤྱིའི་སྟེང་དུ་བོད་རིག་པ་འཕེལ་རྒྱས་ཀྱི་མཐོ་རླབས་གསུམ་པ་འཕྱུར་བ།
         རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་རྨང་འདིང་མཁན།

                      ནམ་མཁའི་ནོར་བུ།  ཞང་བོད་ལོ་རྒྱུས་ཏི་སེའི་འོདཀྱི་རྩོམ་པ་པོ།

            མཁའ་རྨེའུ་བསམ་གཏན། མདའ་དང་འཕང་།གི་རྩོམ་པ་པོ།

   དུས་རབས ༢༠ པའི་ལོ་རབས ༨༠ ལ་བོད་རིག་པ་དེ་གཞུང་ལུགས་ཅན་དུ་གྱུར་པ་མ་ཟད།   རིག་གཞུང་སྐད་གྲགས་ཅན་ཞིག་ཏུའང་གྱུར་ཏོ། 

          རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་པོ་དེ།   ༡༩༧༨ལོར་དབྱིན་ཇིའི་ཉུག་ཅིན་སློབ་གྲྭ་ཆེན་མོར་འཚོགས་ཤིང་།   ཚོགས་ཐོག་ཏུ་ལོ་གསུམ་ལ་ཐེངས་གཅིག་རེ་འཚོག་རྒྱུའི་ཐག་བཅད།    ཐེངས་ལྔ་བའི་བར་དུ་བོད་ནས་མི་གཅིག་ཀྱང་འགྲོ་མ་ཐུབ། 

         ཐེངས་ལྔ་བ་ཉི་དཔུང་ནས་བསྡུས་ཤིང་ཀྲུང་གོའི་མི་ཚོགས་འདུ་ལ་ཞུགས།   ཐེངས་བཅུ་གཅིག་པ་འཇར་མན་གྱི་པོད་ལིན་སློབ་གྲྭ་ཆེན་མོ་རུ་བསྡུས་ཤིང་།    ཚོགས་འདུའི་སྟེང་འཛམ་གླིང་ཡུལ་གྲུ་སོ་སོ་ནས་འོངས་པའི་ཞིབ་འཇུག་པ ༤༠༠ལྷག་ཕེབས་ཡོད་པ་ལས།  ཀྲུང་གོར་མི ༨༡ དང་ཨ་རིར་མི ༧༠ འཇར་མན་གྱི་མི ༤༧ ཡོད་ཅིང་།  ཐེངས་དེ་ནི་ཀྲུང་གོ་ནས་འོངས་མཁན་ཆེས་མང་བའི་ཚོགས་འདུ་ཡིན།

           མི་ཞིག་ལ་མཚོན་ན་དོ་དམ་གྱི་འདུ་ཤེས་གལ་ཆེ།

                མི་ཞིག་ལ་དགོས་པ་ནི་སྙིང་སྟོབས་ཡིན།

           མི་ཞིག་གི་རྟོགས་པའི་ཡོན་ཏན་ནི་རང་གི་ཡོན་ཏན་ཡིན།

    གསལ་བཤད།   འདི་ནི་བདག་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སློབ་གཉེར་བྱེད་དུས། སློབ་དཔོན་ཆེན་མོ་དགེ་འདུན་གྱིས་རྒྱལ་སྤྱིའི་བོད་རིག་པའི་སྐོར་ནས་གནང་བའི་ཚོགས་བཤད་ཅིག་གི་ཟིན་བྲིས་ཡིན་ལ།   འདིར་དྲ་གྲོགས་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ཡིན་པས། ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པར་ཞུ། དགེ་རྒན་ཁོང་གིས་ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཕྱག་ལས་གནང་བཞིན་ཡོད