ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

གཏན་སྡོད་སློབ་གྲྭའི་ལམ་ལུགས་ཡག་པོ་མེད་པ།

སྤེལ་དུས 2014-09-20 ཡོང་ཁུངས། རྩོམ་པ་པོ། བསོད་རྡོར་གྱིས་བསྒྱུས།

ཚང་མ་སློབ་གྲྭར་རེ་བའི་བཟང་ཆ་ནི་ཕ་མ་ཟུང་བཅིངས་འགྲོལ་ཐོབ་པ་དེ་རེད།

ང་རང་གིས་དེབ་གཅིག་བཀླག་མྱོང་ལ་འདི་འདྲའི་ཚན་པ་ཞིག་ཡོད་པ་ཤིན་ཏུ་ལེགས་ཤིང་། བུ་ཕྲུག་ཆུང་དུས་ནས་ཕ་མ་བྲལ་ཏེ་སྒེར་ཚུགས་ཀྱི་འཚོ་བ་ནི་ཁོང་གི་བློ་རིག་ལ་གསུབ་ཐབས་མེད་པའི་རྨ་ཁ་ཞིག་བཟོས་ཡོད། རྨ་ཁ་འདི་ནི་ན་གཞོན་དར་མ་དག་མཛའ་གྲོགས་དང་བྲལ་བའི་སྡུག་བསྔལ་ལས་ལྕི། དོན་དངོས་སུ་ཡོད་ཚད་སློབ་གྲྭར་རེ་བའི་བཟང་ཆ་ནི་ཕ་མ་ཟུང་བཅིང་འགྲོལ་བྱས་ཤིང་། ཉིན་རྒྱུན་བུ་ཕྲུག་ལ་བདག་གཉེར་བྱེད་མི་དགོས་པ་དེ་རེད། ཡོད་ཚད་དེ་ལྟར་སློབ་གྲྭར་སྡོད་པ་ནི་བུ་ཕྲུག་གི་དགོས་མཁོ་དེ་མ་ལགས་ཤིང་ཁྱིམ་བདག་གི་རེ་འདོད་མ་རེད། ཁྱིམ་བདག་གི་ཁེ་ཕན་ནི་བུ་ཕྲུག་གི་ཁེ་ཕན་ལས་ལྷག་ཅིང་དེ་ནི་ཆད་ལྟའམ་སྒེར་སེམས་ཀྱིས་གདམས་གསེས་ཞིག་རེད། ཁྱིམ་བདག་འདི་དག་ལེགས་པར་སར་བསྡད་དེ་བུ་ཕྲུག་གི་མིག་ཟུང་ལ་ཅེར་ནས་གནད་དོན་འདིར་ལྟ་ཐུབ་བྱུང་ན་ཞེས་དང་། སྐད་ཆ་འདི་ནི་ཕ་མ་དག་ལ་གཟད་ནན་གྱིས་དགག་སྒྲུབ་ཞིག་སྟེ། འོན་ཀྱང་ངས་བསམ་པར་ཁོང་གི་སྐད་ཆ་ནི་ཤིན་ཏུ་བརྟན་བརླིང་དང་ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་པའི་དཔེ་ལྟར་ཉེན་ཚབས་ཀྱི་སྔོན་བརྡ་ཞིག་བཏང་འདུག

འཕྲིན་གསར་འདྲ་མིན་ཇེ་མང་ནས་ཇེ་མང་དང་། ཇི་ལྟར་རང་ཉིད་ཤེས་རབ་དང་བཅས་འཚོ་བ་དང་བྱིས་པའི་སློབ་གསོའི་གནད་དོན་མ་ནོར་བར་ཞིག་འཁྱོངས་པར་དོན་དངོས་སུ་འདྲ་མིན་མང་པོ་སློབ་མི་དགོས་ཤིང་གཙོ་བོ་ནི་སྔ་མའི་རང་བྱུང་གི་ས་རུ་ལོག་ཕེབས་དགོས། དེ་ལྟར་རྒྱུན་ཤེས་ཙམ་གྱིས་འགྲིག་ཡོད་པ་རེད། ང་ཚོའི་འདི་ལྟར་སོམས་དང་སྤོ་བོ་ལགས་དང་། ཨ་ཕ། ཡང་ན་རང་ཉིད་ཇི་ལྟར་ནར་སོན་བྱུང་བ་དང་ཤེས་རིག་དང་འབྲེལ་འདྲིས་ཇི་ལྟར་བྱས་པ་བཅས་རེད། ཤེས་སྲིད་པ་ནི་གཏན་སྡོད་སློབ་གྲྭའི་ལམ་ལུགས་ནི་བུ་ཕྲུག་གི་འབྲེལ་འདྲིས་བསྐྱེད་བསྲིང་དང་རང་རྟོགས་ཀྱི་འདུ་ཤེས་བསྐྱེད་ས་མ་ཡིན་པར། དེ་ནི་དོན་དངོས་སུ་ཁ་གཡར་ས་དེ་རེད།

གཏན་སྡོད་བྱིས་གཉོར་སློབ་གྲྭའི་ལམ་ལུགས་ཀྱིས་ཕྲུ་གུར་ཆེས་ལེགས་པའི་མི་གཞན་དག་དང་འབྲེལ་འདྲིས་སློབ་པ་དང་། རང་རྟོགས་ཤེས་པ་ལས་བྱིས་པར་འདི་དག་གི་ཤེས་བྱ་འབྱོར་བ་ལས་རྟོག་པ་ཐ་དག་ཀྱང་ཉམས་ཆུང་བར་བྱེད། ཕྲུ་གུར་འདིའི་ཕྱོགས་ཀྱི་བརྩེ་སེམས་ངེས་ཤེས་ཀྱི་་ཕྱོགས་ལའང་སྟོང་ཆར་གྱུར་སྐབས་དེས་བློ་འཚུབ་མང་པོས་བརྩེ་བ་འཕྲོག་ཅིང་། དེ་བས་རང་དང་གཞན་ལ་གཅེས་པའི་བསམ་བློའང་སློབ་མི་ནུས། བྱིས་གཉོར་ཁང་གི་གཅིག་གྱུར་དོ་དམ་ལམ་སྟོན་སྐབས་སུ་ཁོང་ཚོས་ཤེས་པ་ནི་རང་ཉིད་ལ་གནོན་ཤུགས་དང་རང་གཤིས་དོར་བ། གཞན་མཉམ་འབྲེལ་སོགས་ཀྱི་ངེས་ཤེས་ཀྱང་བྱ་དཀའ་བར་འགྱུར།

ངས་ཤེས་གསལ་ལ་ད་རུང་གནས་ཚུལ་གཞན་ཞིག་ཡོད་པ་ནི་ན་གཞོན་གྱི་ཁྱིམ་བདག་ལ་ནས་རང་ཉིད་ལ་རང་སྟེང་གི་སློབ་གསོའི་རྟོག་པ་དང་ལྡན་ཡང་། ལས་ཀར་བྲེལ་བའམ་བྱིས་པར་འབྲེལ་བའི་དུས་ཚོད་ཉུང་དྲག་པ། བུ་ཕྲུག་རྒན་རྒོན་གཉིས་ཀྱིས་བསྐྱངས་བར་བྱེད། རྒན་གྲས་དག་ནས་བུ་ཕྲུག་ལ་འགེབ་སྲུང་དང་གནད་དོན་མང་པོ་འབྱུང་སྲིད། གནས་ཚུལ་འདི་ལྟར་བུ་ཕྲུག་བྱིས་གཉོར་ཁང་ལ་སྐྱེལ་ཞིང་སློབ་གསོ་འདུ་ཤེས་དང་རྒན་རྒོན་བར་གྱི་འགལ་བ་ཉུང་ངུར་གཏོང་།

གནས་ཚུལ་འདི་འདྲའི་འོག་ངེས་བར་དུ་བུ་ཕྲུག་དུས་རྟག་དུ་བྱིས་གཉོར་ཁང་དུ་སྐྱེལ་བར་གདམས་གསེས་བྱེད། འདི་གཉིས་ནི་དོན་དག་གཅིག་སྟེ་གང་ལྟར་འདི་ལྟ་བུར་འགྲོ་སྲིད། འོན་ཏེ་དོན་ངོ་མར་འདི་ནི་མ་འདེམས་རང་འདེམས་ཀྱི་ཐབས་ཤེས་ཞིག་སྟེ། དགོས་པ་ནི་ཐབས་ཤེས་འདི་མི་འདེམས་པར་ཁྱིམ་ཚང་གི་འཚོ་བ་ལས་གནད་དོན་དག་ཐག་གཅོད་བྱེད་སྐབས་བུ་ཕྲུག་གི་ཁེ་ཕན་ལ་མ་དམིགས་ཏེ་ད་རུང་སྤྱི་མཚན་གྱི་ཕྱི་ལོག་གི་སློབ་གསོའི་འབྲས་བུ་ལ་ཇུས་འགོད་བྱེད། དར་མའི་འཚོ་བ་ལ་འགྱུར་བ་གཏོང་བར་རྒན་རྒོན་དག་གི་ནོར་འཁྲུལ་དུ་ངེས་མོད། དོན་དངོས་སུ་དངུལ་མང་པོ་ཞིག་བྱིན་ནས་བུ་ཕྲུག་ཆ་ཚང་ཁོ་ཚོར་རྩིས་སྤྲད་པ་ལས་དཀའ་ལས་ཁེག་པོ་རེད།

འདི་ནི་ཁྱིམ་བདག་གིས་དལ་མོར་བསམ་བློ་བཏང་སྟེ་ཐག་གཅོད་དང་འབད་བརྩོན་གྱིས་རྒན་རྒོན་དག་གི་འབྲེལ་བ་ཇེ་ལེགས་དང་། ཚན་རིག་དང་འབྲེལ་བའི་སློབ་གསོས་རྒན་རྒོན་དག་ལ་ཤན་ཞུགས་སྟེར་བ་དང་ཡང་ན་ཐབས་ཤེས་གཞན་བཀོལ་ཆོག ཐབས་ཤེས་གང་ཞིག་བྱས་ཀྱང་ཆེས་རྨང་གཞིའི་རྩ་དོན་ནི་དཀའ་ངལ་ནི་བྱིས་པའི་ཕྲག་སྟེང་དུ་མི་ལྷུང་བར་ཁོང་ཚོ་ངོ་མ་ཧ་ཅང་གཉོམ་ཆུང་ཡིན།