ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ

སྤེལ་དུས 2012-04-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།

         ལོང་བའི་ངོས་ནས་བརྗོད་ན་ཚོན་མདོག་ནི་གང་འདྲ་ཡིན་པ་དང་མུ་མཐའ་མེད་པའི་མུན་ནག་ལ་ཚོན་མདོག་ཡོད་མིན་ཤེས་པར་དཀའ།  ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭའི་མིག་ཤེས་ཤོར་བའི་བྱིས་པ་ཚོས་ཞོའི་ཆོན་མདོག་སྔོན་པོ་དང་ཀུ་ཤུའི་ཚོན་མདོག་སྐྱ་མདོག་ཡིན་པ།    ཆུའི་ཚོན་དོག་དཀར་པོ་རེད་ཟེར།   དེ་ནི་ཁོ་ཚོའི་མིག་གིས་རིག་མི་ཐུབ་པས་སེམས་ནང་ནས་ཚོན་མདོག་གི་ངོ་བོ་འཛིན་པ་ཙམ་ཡིན།

    ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་དེ་ལྷ་ས་གྲོང་ཁྱེར་སྣ་ཆེན་ལམ་དུ་གནས་ཡོད།     དེ་ནི་བོད་ཀྱི་ལོ་ཆུང་དབང་པོ་སྐྱོན་ཅན་ཚོའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་རེད།  ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དེ་སྤྱི་ལོ༢༠༠༠ལོའི་ཟླ༡༢ཚེསཉིན་བཙུགས་པ་རེད།    དེ་ནི་ད་ལྟ་བོད་ལྗོངས་སུ་ལོང་བ་དང་འོན་པ།   རིག་སྟོབས་སྐྱོན་ཅན་བཅས་ལ་སློབ་གསོ་གཏོང་བའི་ཕྱོགསབསྡུས་རང་བཞིན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་གཅིག་པོ་དེ་རེད།   ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད།   སློབ་གྲྭ་དེར་ཐོག་མའི་དུས་སུ་སློབ་མལས་མེད་རུང་ད་ལྟ་སློབ་མ༧༤བར་མང་དུ་ཕྱིན་ཡོད།  ད་ཆ་ལོ་རིམདང་སློབ་ཁྲིད་འཛིན་གྲྭ(འོན་པའི་འཛིན་གྲྭ༡༢དང་ལོང་བའི་འཛིན་གྲྭ་ཚུད་པ) ཡོད་པ་དང་སློབ་ན་མ་སོན་པའི་ཕྲུ་གུའི་འཛིན་གྲྭ་དངསློབ་ཆུང་པུའུ།  དམའ་རིམ་སློབ་འབྲིང་པུའུ།  ལས་རིགས་སློབ་གསོ་པུའུ་བཅས་ཡོད་པ་དང་ལོ་དགུའི་ལམ་ལུགས་ཀྱི་སློབ་གསོ་ལག་བསྟར་བྱས་ནས་ལྗོངས་ཡོངས་ཀྱི་བྱིས་པ་དབང་པོ་སྐྱོན་ཅན་ཚོར་སློབ་གསོ་གཏོང་བ་དང་ཁོང་རྣམས་གསོ་སྐྱོང་བྱེད་པའི་ལས་འགན་འཁུར་བཞིན་ཡོད།

       དམིགས་བསལ་སློབ་གྲྭར་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ལེགས་གྲུབ་བྱུང་བའི་སློམ་མ་རྣམས་ཡོ་རོབ་མནའ་འབྲེལ་དང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལྷན་ཚོགས་སོགས་ཀྱིས་མཉམ་གཉེར་བྱས་པའི་ལག་ཤེས་བཟོ་ལས་ཀྱི་རྩལ་ནུས་སྦྱོད་བརྡར་ལྟེ་གནས་སུ་ཟབ་སྦྱོད་བྱས་ན་འགྲིག་གི་ཡོད།    དེ་གར་རེས་གཟའ་ཟླ་བ་ནས་རེས་གཟའ་ཕུར་བུ་བར་ལས་རིགས་སློབ་གསོ་གཏོང་བ་དང་རེས་གཟའ་པ་སངས་ལ་རིག་གནས་སློབ་ཚན་ཁྲིད་ཀྱི་ཡོད།    ལག་ཤེས་བཟོ་ལས་ཀྱི་རྩལ་ནུས་སྦྱོང་བརྡར་ལྟེ་གནས་སུ་རི་མོའི་འཛིན་གྲྭ་དང་དྲས་གཏུབ་འཛིན་གྲྭ  འཕུར་མཉེད་འཛིན་གྲྭ་བཅས་ཡོད་པས་སློབ་མ་ཚོས་རང་དགར་འདེམས་ཆོག      འཛིན་གྲྭ་སོ་སོས་སློབ་མ་ཚོའི་བརྩམས་བྱ་འགྲེམས་སྟོན་བྱེད་པ་སྟེ།   དྲས་གཏུབ་འཛིན་གྲྭའི་གྱང་ངོས་སུ་སློབ་མས་བཙེམས་པའི་སྒོ་ཡོལ་དང་གཤམ་བུ་བཀལ་ཡོད་པ་དང་རི་མོའི་འཛིན་གྲྭའི་གྱང་ལྡེབས་ཀྱི་དཀྱིལ་དུ་རྒྱ་རིགས་ཀྱི་ཁྱད་ཆོས་མཚོན་པའི་གྲུབ་ཐོབ་བརྒྱད་ཀྱི་རི་མོ་དང་གཞོགས་གཉིས་སུ་བོད་རིགས་ཀྱི་ཁྱད་ཆོས་མཆོན་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀལ་ཡོད།འཕུར་མཉེད་འཛིན་གྲྭའི་གྱང་སྟེང་དུ་མིའི་ལུས་པོའི་རྩ་ལམ་རི་མོ་བཀལ་ཡོད།    སློབ་གསེང་དུ་སློབ་མའི་བྱེད་སྒོ་འཁྲུག་ཆ་དོད་པོ་ཡོད།  རྣ་ཤེས་ལ་སྐྱོན་ཡོད་པའི་སློབ་མ་ཚོས་ཀྲུང་གོའི་ཚད་ལྡན་གྱི་གཅིག་འགྱུར་ལག་བརྡ་བེད་སྤྱོད་གཏོང་གི་ཡོད་པ་དང་ལྗོངས་ནང་ཁུལདུ་ད་དུང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལྷན་ཚོགས་དང་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི(པེར་ཀྲེམ)ལྷན་ཚོགས་ཀྱིས་གསར་གཏོད་བྱས་པའི་བོད་ཡིག་གི་ལག་བརྡ་བེད་སྤྱོད་གཏོང་ཆོག་གི་ཡོད།ལོང་བ་ཡིན་པའི་བྱིས་པ་ཚོས་འཇར་མན་གྱི་ལོང་བ་སུའུ་ཧྲན་གྱིས་གསར་གཏོད་བྱས་པའི་བོད་ཡིག་གི་ལོང་བའི་ཡི་གེ་བེད་སྤྱོད་གཏོང་བཞིན་ཡོད།

           ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་འགོ་འཛིན་ལི་ལིན་ནི་གཞོན་ནུ་འཇོན་ཐང་ཅན་ཞིག་རེད།  ཁོ་མོས་བརྟག་དཔྱད་བྱས་པར་གཞིགས་ན།ལྷ་ས་ཁོ་ནར་རྣ་ཤེས་ལ་སྐྱོན་ཡོད་པའི་བྱིས་པ༦༠༠ལྷག་ཙམ་ཡོད།  སློབ་མ་བསྡུ་བར་དཀའ་ངལ་ཆེན་པོ་ཡོད་རྐྱེན།     ད་ལྟ་དམིགས་བསལ་སློབ་གྲྭའི་སློབ་མ་མང་དུ་གཏོང་ཐུབ་མེད།    རྒན་ལི་ལིན་གྱིས་སློབ་གྲྭས་འབྲེལ་ཡོད་ཚན་པ་དང་གཞོགས་འདེགས་གང་ཡོད་བྱས་ནས།   སློབ་མའིདམིགས་བསལ་སློབ་ཁྲིད་སྒྲིག་བཀོད་རིམ་བཞིན་ཐག་གཅོད་བྱས་ཏེ།   ལས་རིགས་ཀྱི་རྩལ་ནུས་སྦྱོད་བརྡར་བྱ་རྒྱུ་དང་གྲོང་ཁྱེར་ཡོངས་དང་ཐ་ན་ས་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱིས་པའི་གྲངས་གཞི་ཁོང་དུ་ཆུད་པ་བྱས་ཏེ།    སློབ་ལོ་ལོན་པའི་བྱིས་པར་ལོ་དགུའི་འོས་འགན་སློབ་གསོ་ཧུར་ཐག་བཏང་ནས་བོད་ལྗོངས་ཀྱི་བྱིས་པ་དབང་པོ་སྐྱོན་ཅན་ནང་ཡིག་རྨོངས་བ་ཉུང་དུ་གཏོང་རྒྱུ་དང་བོད་ལྗོངས་ཀྱི་བྱིས་པ་དབང་པོ་སྐྱོན་ཅན་གྱི་འོས་འགན་སློབ་གསོ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།     བྱིས་པ་དབང་པོ་སྐྱོན་ཅན་ལ་དྲག་སྐྱེས་སྦྱོད་བརྡར་དང་འོན་པའི་སྐད་ཡིག་སྦྱོད་བརྡར།  ལོང་བའི་སློབ་གསོའི་རིག་སྟོབས་སྦྱོ་བརྡར་གྱི་སློབ་གསོ་སོགས་བཏང་ནས།  རིམ་བཞིན་དམིགས་བསལ་སློབ་གསོ་གཏོང་རྒྱུ་གཙོ་བོ་བྱེད་པ་དང་དབང་པོ་སྐྱོན་ཅན་ལྷན་ཚོགས་ལས་ཁུངས་དང་ངལ་རྩོལ་ཚན་པ།  དམངས་སྲིད་ཚན་པ།   དེ་བཞིན་སྤྱི་ཚོགས་བཅས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་ལས་ཀའི་མ་ལག་གྲུབ་པ་བྱས་ཏེ།  བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་པའི་དམིགས་བསལ་སློབ་གསོའི་བྱ་གཞག་གོང་འཕེལ་མགྱོགས་པོ་འགྲོ་བ་བྱེད་བཞིན་ཡོད་ཅེས་བརྗོད་དོ།